བརྩེ་ཞེན་གྱི་རྨུ་ཐག

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-24

རྨ་ཀླུང་གཡས་སུ་འཁྱིལ་བའི་འགྲམ་རྒྱུད་ན།།
གནག་ཕྱུགས་འཚོ་ལ་བྲེལ་བའི་གཅེས་ཕྲུག་མ།།
རེ་ཞིག་དར་ལུང་རྣ་བ་ཚུར་གཏོད་དང༌།།
བུ་ངས་ཁྱེད་རང་དྲན་པའི་གླུ་ཞིག་ལེན།།

ས་ཆ་ཆ་མེད་ཅིག་གི་སློབ་གླིང་ནས།།
སློབ་གྲོགས་རྒྱུས་མེད་རྣམས་ཀྱི་རྩེད་རའི་ཁྲོད།།
ཆུང་འདྲིས་ཁྱེད་རང་དྲན་པའི་སྙན་ངག་དེ།།
ཤུགས་ཀྱིས་གདངས་སུ་གྱེར་བ་ལན་གཅིག་མིན།།

དགེ་ཡིས་ཕན་པའི་བསླབ་བྱ་ཅི་གསུང་ཡང༌།།
ཡིད་དུ་འཁོར་བ་ཁྱེད་ཀྱི་སྙིང་གཏམ་ལགས།།
གྲོགས་ཀྱིས་འཚར་བའི་རྩེད་མོ་གང་རྩེད་ཀྱང༌།།
བལྟ་བར་འདོད་པ་ཁྱེད་ཀྱི་འཇོར་སྒེག་ལགས།།

དགུན་གྱི་གྲང་རེག་རྩུབ་མོ་ལྡང་བའི་མོད།།
ཁྱེད་ཀྱི་ལྭ་བའི་སྲབ་མཐུག་ཤེས་ན་འདོད།།
དབྱར་གསུམ་དྲག་ཆར་ཤག་ཤག་འཇོ་བའི་ཚེ།།
ཁྱེད་རང་ཆར་གྱིས་བརྫི་བར་སེམས་ཁྲལ་བྱས།།

དྲི་མེད་དུང་མདོག་ཟླ་བའི་དཀྱིལ་འཁོར་དེ།།
ལྷད་མེད་བརྩེ་བའི་འཛུམ་མདངས་ཡིན་ན་བསམ།།
འཇོལ་མོའི་གྲེ་འགྱུར་ལྷང་ལྷང་གྲགས་པ་ན།།
བུ་མོའི་རྫི་གཞས་དྭངས་མོ་སྙིང་ལ་ལྷུང༌།།

ཞེ་མཐུན་ཆུང་གྲོགས་ཁྱེད་རང་དྲན་དྲགས་པས།།
བུ་ངའི་ལུས་ཀྱི་ཤ་ཡང་རིད་པར་གྱུར།།
ཁྱེད་རང་མེད་པའི་ཁེར་རྐྱང་ལོ་ཟླའི་ནང༌།།
བརྩེ་ཞེན་དམར་པོའི་རྨུ་ཐག་མཁའ་རུ་བསྲིངས།།
                                                     2007--10--4

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་ཞེན་གྱི་རྨུ་ཐག

2010-07-24 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

རྨ་ཀླུང་གཡས་སུ་འཁྱིལ་བའི་འགྲམ་རྒྱུད་ན།།
གནག་ཕྱུགས་འཚོ་ལ་བྲེལ་བའི་གཅེས་ཕྲུག་མ།།
རེ་ཞིག་དར་ལུང་རྣ་བ་ཚུར་གཏོད་དང༌།།
བུ་ངས་ཁྱེད་རང་དྲན་པའི་གླུ་ཞིག་ལེན།།

ས་ཆ་ཆ་མེད་ཅིག་གི་སློབ་གླིང་ནས།།
སློབ་གྲོགས་རྒྱུས་མེད་རྣམས་ཀྱི་རྩེད་རའི་ཁྲོད།།
ཆུང་འདྲིས་ཁྱེད་རང་དྲན་པའི་སྙན་ངག་དེ།།
ཤུགས་ཀྱིས་གདངས་སུ་གྱེར་བ་ལན་གཅིག་མིན།།

དགེ་ཡིས་ཕན་པའི་བསླབ་བྱ་ཅི་གསུང་ཡང༌།།
ཡིད་དུ་འཁོར་བ་ཁྱེད་ཀྱི་སྙིང་གཏམ་ལགས།།
གྲོགས་ཀྱིས་འཚར་བའི་རྩེད་མོ་གང་རྩེད་ཀྱང༌།།
བལྟ་བར་འདོད་པ་ཁྱེད་ཀྱི་འཇོར་སྒེག་ལགས།།

དགུན་གྱི་གྲང་རེག་རྩུབ་མོ་ལྡང་བའི་མོད།།
ཁྱེད་ཀྱི་ལྭ་བའི་སྲབ་མཐུག་ཤེས་ན་འདོད།།
དབྱར་གསུམ་དྲག་ཆར་ཤག་ཤག་འཇོ་བའི་ཚེ།།
ཁྱེད་རང་ཆར་གྱིས་བརྫི་བར་སེམས་ཁྲལ་བྱས།།

དྲི་མེད་དུང་མདོག་ཟླ་བའི་དཀྱིལ་འཁོར་དེ།།
ལྷད་མེད་བརྩེ་བའི་འཛུམ་མདངས་ཡིན་ན་བསམ།།
འཇོལ་མོའི་གྲེ་འགྱུར་ལྷང་ལྷང་གྲགས་པ་ན།།
བུ་མོའི་རྫི་གཞས་དྭངས་མོ་སྙིང་ལ་ལྷུང༌།།

ཞེ་མཐུན་ཆུང་གྲོགས་ཁྱེད་རང་དྲན་དྲགས་པས།།
བུ་ངའི་ལུས་ཀྱི་ཤ་ཡང་རིད་པར་གྱུར།།
ཁྱེད་རང་མེད་པའི་ཁེར་རྐྱང་ལོ་ཟླའི་ནང༌།།
བརྩེ་ཞེན་དམར་པོའི་རྨུ་ཐག་མཁའ་རུ་བསྲིངས།།
                                                     2007--10--4

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།