སེམས་ཀྱི་བཞུར་རྒྱུན།

ཚེར་མ་སྙིང་ལ་ཟུག་པའི་མུར་ཅོར་གྱིས།།
གནམ་ས་གདན་དུ་ལེན་པའི་བྱེད་པ་པོ།།
སེམས་ཀྱི་མྱ་ངན་དཔུང་ཤུགས་ཆག་པའི་རོ།།
སླར་ཡང་སྒྱུ་འཕྲུལ་ཞིང་ན་བཀོད་པས་འཛུམ།།
མེ་ཏོག་ནག་པོ་བརྩེགས་པའི་གཡང་གཟར་ན།།
སེམས་ཀྱི་གླང་བོ་འདོད་པས་རབ་མྱོས་ཏེ།།
པདྨའི་རྫིང་བུ་རྙོག་པའི་དཀའ་ཐུབ་ལས།།
གྲུབ་བདག་བུ་མོ་མཆོག་གི་བྱེད་མ་ཡིན།།
ཁྱོད་ཀྱིས་གདོང་འབག་གཡོན་མའི་ཟེར་མ་ཡིས།།
ཁོ་བོའི་གཟུགས་ཕུང་བསིལ་བའི་ཚལ་དུ་བསྐྱུར།།
སིལ་སིལ་གདུབ་ཀོར་འབྱིན་པའི་སྒྲ་རླབས་གང༌།།
སྐྲ་ལོའི་གསེབ་ཏུ་འཐོར་བ་ཅི་ཡིས་ལན།།
ཕྱི་མིག་ཁྲོད་ན་རབ་རིབ་གཟུགས་ཤིག་མཐོང༌།།
ཤཱཀྱའི་དགེ་སྦྱོང་གོ་ཏ་མ་དེ་ཡིས།།
གདུལ་བྱའི་དོན་དུ་ཟབ་མོའི་བསྟན་བཅོས་གསུངས།།
ཀྱེ་མ་དྭངས་བསིལ་བེཌར་ཞུན་མའི་མཚོར།།
ཆུ་བྱ་ཕོ་མོ་གདུང་བའི་སྨྲེང་གླུ་འཁོར།།
གསེར་ཚོན་ཟེགས་མ་འཕྱོ་བཱ་རྡུལ་ཕྲེང་ལ།།
མི་སྡུག་ཉམས་ཀྱིས་རོལ་དབྱངས་སྣ་ཚོགས་འཁྲོལ།།
བསླུ་བྲིད་སྐར་ཚོམ་འཚེར་བའི་གཡོ་སྒྱུའི་ལས།།
སྒེག་པའི་གདོང་གི་རྒྱན་དུ་འཕྱང་བ་འདི།།
ཚེ་རབས་སྔ་མའི་བསུང་ཞིམ་འཕུར་བའི་རྒྱན།།
འོད་གསལ་བདག་མོའི་ངོ་བོར་གྲུབ་པ་ལགས།།
གངས་རིའི་ཁ་དོག་མཛེས་པའི་རྒྱུད་མངས་སྒྲ།།
སེམས་ཀྱི་གཡང་གཞིར་འཕོས་པ་འདི་ལྟ་སྟེ།།
བརྩེ་ཆེན་རྒྱལ་བའི་གཟུགས་སུ་བྱོན་མིན་ན།།
ཟུངས་ཁྲག་ཚོས་ཀྱིས་བསྒྱུར་བའི་ཐབས་འདི་ཅི།།
བཙུན་པ་མགོ་རིལ་འདི་ལ་ཚོར་སྣང་ཞིག།
སྨྲ་བསམ་བརྗོད་དུ་མེད་པའི་སྐྱོ་ཤས་རྫོགས།།
མི་གཙང་དྲི་མས་བསྒོས་པའི་བསམ་བློ་དེ།།
མངོན་མཐོའི་མི་ལ་སྤྲད་པའི་གཡུལ་འཐབ་ཉིད།།
སྦྲང་ཆུང་གཤོག་པའི་འགྱུར་ཁུགས་འཇམ་ཞིང་མཉེན།།
སྤོབས་པས་ནགས་ཚལ་ཉུལ་བཱ་རབ་ཁ་རྙེད།།
ཀོ་གྲུ་གཙང་པོས་བརྡོལ་བའི་བུ་ག་ལས།།
སླར་ཡང་རྒྱལ་ཁམས་འགྲིམ་པར་སྟ་གོན་བརྩམས།།
དེས་ན་དོ་ཤལ་རྒྱན་གྱིས་རབ་སྒེག་པའི།།
མཁའ་སྤྱོད་བདག་མོ་མདའ་ཡི་ཟུར་མིག་ཅན།།
ཉི་ཟླའི་ཁྱིམ་ལ་རྩེན་པའི་དཀྱིལ་འཁོར་དུ།།
ཉིན་མཚན་སྤྱོད་པའི་སྐལ་བཟང་སྩོལ་ཅིག་ཀྱེ།།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་བཞུར་རྒྱུན།

2010-07-24 རོང་བོ་གངས་དཀར། ཀློག་གྲངས། མཆན ཡོད།

ཚེར་མ་སྙིང་ལ་ཟུག་པའི་མུར་ཅོར་གྱིས།།
གནམ་ས་གདན་དུ་ལེན་པའི་བྱེད་པ་པོ།།
སེམས་ཀྱི་མྱ་ངན་དཔུང་ཤུགས་ཆག་པའི་རོ།།
སླར་ཡང་སྒྱུ་འཕྲུལ་ཞིང་ན་བཀོད་པས་འཛུམ།།
མེ་ཏོག་ནག་པོ་བརྩེགས་པའི་གཡང་གཟར་ན།།
སེམས་ཀྱི་གླང་བོ་འདོད་པས་རབ་མྱོས་ཏེ།།
པདྨའི་རྫིང་བུ་རྙོག་པའི་དཀའ་ཐུབ་ལས།།
གྲུབ་བདག་བུ་མོ་མཆོག་གི་བྱེད་མ་ཡིན།།
ཁྱོད་ཀྱིས་གདོང་འབག་གཡོན་མའི་ཟེར་མ་ཡིས།།
ཁོ་བོའི་གཟུགས་ཕུང་བསིལ་བའི་ཚལ་དུ་བསྐྱུར།།
སིལ་སིལ་གདུབ་ཀོར་འབྱིན་པའི་སྒྲ་རླབས་གང༌།།
སྐྲ་ལོའི་གསེབ་ཏུ་འཐོར་བ་ཅི་ཡིས་ལན།།
ཕྱི་མིག་ཁྲོད་ན་རབ་རིབ་གཟུགས་ཤིག་མཐོང༌།།
ཤཱཀྱའི་དགེ་སྦྱོང་གོ་ཏ་མ་དེ་ཡིས།།
གདུལ་བྱའི་དོན་དུ་ཟབ་མོའི་བསྟན་བཅོས་གསུངས།།
ཀྱེ་མ་དྭངས་བསིལ་བེཌར་ཞུན་མའི་མཚོར།།
ཆུ་བྱ་ཕོ་མོ་གདུང་བའི་སྨྲེང་གླུ་འཁོར།།
གསེར་ཚོན་ཟེགས་མ་འཕྱོ་བཱ་རྡུལ་ཕྲེང་ལ།།
མི་སྡུག་ཉམས་ཀྱིས་རོལ་དབྱངས་སྣ་ཚོགས་འཁྲོལ།།
བསླུ་བྲིད་སྐར་ཚོམ་འཚེར་བའི་གཡོ་སྒྱུའི་ལས།།
སྒེག་པའི་གདོང་གི་རྒྱན་དུ་འཕྱང་བ་འདི།།
ཚེ་རབས་སྔ་མའི་བསུང་ཞིམ་འཕུར་བའི་རྒྱན།།
འོད་གསལ་བདག་མོའི་ངོ་བོར་གྲུབ་པ་ལགས།།
གངས་རིའི་ཁ་དོག་མཛེས་པའི་རྒྱུད་མངས་སྒྲ།།
སེམས་ཀྱི་གཡང་གཞིར་འཕོས་པ་འདི་ལྟ་སྟེ།།
བརྩེ་ཆེན་རྒྱལ་བའི་གཟུགས་སུ་བྱོན་མིན་ན།།
ཟུངས་ཁྲག་ཚོས་ཀྱིས་བསྒྱུར་བའི་ཐབས་འདི་ཅི།།
བཙུན་པ་མགོ་རིལ་འདི་ལ་ཚོར་སྣང་ཞིག།
སྨྲ་བསམ་བརྗོད་དུ་མེད་པའི་སྐྱོ་ཤས་རྫོགས།།
མི་གཙང་དྲི་མས་བསྒོས་པའི་བསམ་བློ་དེ།།
མངོན་མཐོའི་མི་ལ་སྤྲད་པའི་གཡུལ་འཐབ་ཉིད།།
སྦྲང་ཆུང་གཤོག་པའི་འགྱུར་ཁུགས་འཇམ་ཞིང་མཉེན།།
སྤོབས་པས་ནགས་ཚལ་ཉུལ་བཱ་རབ་ཁ་རྙེད།།
ཀོ་གྲུ་གཙང་པོས་བརྡོལ་བའི་བུ་ག་ལས།།
སླར་ཡང་རྒྱལ་ཁམས་འགྲིམ་པར་སྟ་གོན་བརྩམས།།
དེས་ན་དོ་ཤལ་རྒྱན་གྱིས་རབ་སྒེག་པའི།།
མཁའ་སྤྱོད་བདག་མོ་མདའ་ཡི་ཟུར་མིག་ཅན།།
ཉི་ཟླའི་ཁྱིམ་ལ་རྩེན་པའི་དཀྱིལ་འཁོར་དུ།།
ཉིན་མཚན་སྤྱོད་པའི་སྐལ་བཟང་སྩོལ་ཅིག་ཀྱེ།།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།