སྐད་ཆ་ཚིག་གཅིག

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-08-30

ཧ་ཧ་ཧ་ཅང་དགའ་ན་སྐད་ཆ་གཅིག་དང་།།
ཨ་ཨ་ཨ་རོག་ངུ་ངག་ཤོར་ན་སྐད་ཆ་གཅིག།
དེ་དེ་དེ་ཉིད་རི་རྒྱལ་འདྲ་བའི་མི་ཆེན་ཡང་།།
སྐབས་སྐབས་སྐབས་རེར་སྐད་ཆ་གཅིག་གིས་ཕམ།།
 
སྐད་དང་སྐད་ཆ་མང་བོ་མང་བོ་མ་བཤད་ཀྱང་།།
ཚིག་མདའ་ཚིག་གིས་སེམས་པ་དྲོན་མོ་དྲོན་མོ་ལ།།
སྐབས་འགར་སྐབས་རེར་དགའ་བ་སྐྱིད་པོ་སྐྱིད་པོ་འཕེལ།།
མཚམས་དང་མཚམས་རེར་སྐྱོ་བ་སྡུག་པོ་སྡུག་པོ་སྟེར།།
 
དེ་ཕྱིར་སྐད་ཆ་ཚིག་གཅིག་ཡར་འཐེན་སྐུད་པ་ཡིན།།
སྐད་ཆ་ཚིག་གཅིག་མར་འཐེན་ཞགས་པ་སྦོམ་པོ་ཡིན།།
ཀུན་ལ་བརྗོད་ན་སྐད་ཆ་དེ་ལ་བསྲེག་བརྡར་བྱས།།
སུ་ལ་ཤོད་ན་སྐད་ཆ་དེ་ལ་དཔྱད་པ་ཐོངས།།
 
གཏམ་ལ་མཚོན་ཆ་མེད་ཀྱང་མི་སྙིང་དུམ་བུར་གཏོང་།།
ཚིག་ལ་རྫུ་འཕྲུལ་དབེན་ཡང་སྙིང་ལ་སྟོབས་ཤུགས་བསྩོལ།།
སུས་ཀྱང་གྲོས་བ་མེད་པར་ངན་པ་སྙིང་རླུང་ལངས།།
ཀུན་ཀྱང་འཆམ་པས་ངང་གིས་བཟང་བོ་དགའ་བ་འཕེལ།།
 
སྐད་ཆ་གཅིག་གིས་རང་གི་ཁྲིད་པའི་སློབ་མ་ཡང་།།
ཡོན་ཏན་སློབ་བར་སྤྲོ་བའི་བག་ཆགས་བཟང་བོའམ།།
སློབ་ལ་འཇུག་པར་མི་འདོད་སུན་སྣང་སྡུག་པོ་སྐྱེས།།
སྐད་ཆ་དེ་ཡང་བཀོལ་མཁས་ཤེས་ན་སྨན་མཆོག་ཡིན།།
 
དགའ་མ་དགའ་རོགས་རོགས་མཐུན་མཐུན་པོ་འགྲིག་པོ་ཡང་།།
ཡང་ནས་ཡང་དུ་དུ་མའི་ཐེངས་ཀྱི་ཚིག་རྩུབ་དེས།།
དེ་དང་དེ་མཐུད་མཐུད་ནས་བརྗོད་དང་བཤད་པས་ན།།
ན་ཆུང་ན་མཐུན་མཐུན་པོ་ཡིན་ཡང་འཐོར་ངེས་ཡིན།།
 
སྐད་ཆ་ཆ་འགྲིག་འགྲིག་པོ་བཤད་པར་མི་མཁས་ཀྱང་།།
བཟང་ངན་ངན་གཏམ་གཏམ་དག་བརྗོད་ཉུང་བྱས་ན་ནི།།
འཆམ་མཐུན་མཐུན་སྒྲིལ་སྒྲིལ་པོ་བྱས་པར་ཕན་པ་ལས།།
ཁ་འཐོར་འཐོར་གཏོར་གཏོར་བརླག་ངན་པ་ག་ནས་ཡོང་།།
 
འདི་ལྟར་ལྟར་དུ་རེ་རེ་བརྗོད་དང་བཤད་ན་ནི།།
ཚིག་གཅིག་གཅིག་པོའི་ནུས་པ་བློ་ངོར་ཤོང་དཀའ་ལ།།
བཟང་གཏམ་གཏམ་གྱི་ཕན་པ་བརྗོད་ཀྱང་མི་ཚར་བས།
སྐད་ཆ་ཆ་གཅིག་དགའ་སྐྱོ་གཉིས་ཀྱི་རུ་འདྲེན་རེད།།
 
ཧ་ཅང་མང་བོ་མང་བོ་ཞིག་ནི་བརྗོད་ན་ནི།།
ཨ་ལ་ཉན་ནི་གསན་་མཁན་ཞིག་ཀྱང་མེད་ན་ཐང་།།
ཨ་རོག་ཅི་བཤད་འདི་བཤད་དེ་ཡི་རྩ་བ་ནི།།
ཧ་ཅང་གཟབ་ནན་གྱིས་དང་སྐད་ཆ་ཚིག་གཅིག་དེར།
 
ངུ་མ་མདངས་ཀྱིས་ངོ་གདོང་དམར་བོ་གྱུར་བ་ཡི།།
གུ་ཡངས་བྲལ་བའི་སྙིང་རླུང་སྟོད་ལ་འཚང་བས་ན།།
ཁུ་ཚུར་སྲ་མོ་དགུང་ལ་འཕྱར་དང་བསྲིང་བ་ནི།།
ཀུ་རེའི་ཚིག་དེའི་ནག་ཉེས་ལྗིད་མོ་ཅི་ལ་མིན།།
 
ཧ་ཧ་ཧ་ཅང་དགའ་བ་འཕེལ་ན་སྐད་ཆ་གཅིག།
ཨ་ཨ་ཨ་ཡ་འགྱོད་པ་སྐྱེས་ན་སྐད་ཆ་གཅིག།
རང་རང་རང་གིས་ཉམས་སུ་མྱངས་ཤིང་མྱོང་བ་དང་།།
མི་མི་མི་བུ་རང་གིས་བསམ་ཞིང་དཔྱད་པར་འཚལ།།
 
ངུ་ལ་ཨེ་སོང་སྙམ་ནས་གདོང་ལ་རེག་པ་ན།།
གུ་ལ་དོག་པའི་སེམས་ནས་ཡོད་ཚད་བརྗོད་དཀའ་འདུག།
ཁུ་རེ་སིམ་མེར་སྐད་ཆ་ཚིག་གཅིག་ཅེས་པ་དེ།།
ཀུ་རེ་ཅན་གྱི་བིས་མདོ་བ་ཡིས་ཤར་མར་སྦྱར།།
 
                                                                                 2011.6.28
                                                                       
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐད་ཆ་ཚིག་གཅིག

2011-08-30 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།