ལྷ་རྣམས་འདི་ལྟར་འཆིའོ།།

རྒོད་རྒྱལ་བློ་ཕུན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-08-30


སྤྲིན་དཀར་བོ་རི་མགོའི་རླུང་གིས་འཇབ་ནས་ས་མཐར་བྱོལ། །
ནགས་སྟག་གཟིག་ཀླུ་དམྱལ་སྦྲུལ་གྱིས་དུག་ནས་རང་སྲོག་བོར། །
དྲོ་ཉི་མའི་ཟེར་བརྒྱ་ཁད་ཀྱིས་ཡིབ་ནས་གནམ་ངོ་སྒྲིབས། །
སྐྱིད་གངས་རི་ཕ་ས་བདུད་ཀྱིས་བཙན་ནས་ལྷ་ཚོགས་འཆི། །

སྔོ་རྩྭ་ཐང་མེ་ཕུང་དམར་བོས་འཚིག་ནས་དུ་སྤྲིན་རྒྱུག །
མང་ལུག་ཆུང་གཡག་རོག་སྐྲག་ནས་ལ་བརྒལ་ཀླུང་གཅོད་བྱས། །
མཚན་སྤྱང་ཀིའི་ལྟོག་སྐད་གཟན་པས་ཡུལ་ལུང་གཉིད་ལས་དཀྲོཊ། །
སྐྱིད་རྩྭ་ཐང་ཕ་ས་བདུད་ཀྱིས་བཙན་ནས་ལྷ་ཚོགས་འཆི། །

བསིལ་གངས་ཆབ་སྔོན་མོ་ཉོག་ནས་གྲངས་ཡས་སེམས་ཅན་གནོད། །
འཆམ་ཉ་ཆུང་སེར་མིག་འཐོར་ནས་ལྷད་མེད་བརྩེ་དུང་བོར། །
དྭངས་བྱིན་རླབས་གངས་ཆུ་ཉོག་པས་ཁུ་སིམ་ཁད་ཀྱིས་དཀྲོགས། །
སྐྱིད་གངས་ཆབ་ཕ་ས་བདུད་ཀྱིས་བཙན་ནས་ལྷ་ཚོགས་འཆི། །

བྱམས་ཕ་མ་རྒན་རྒོན་བརྡབ་ནས་ཙྡན་ཕྲེང་བ་བརླག །
ཆུང་བྱིས་པ་འདྲེ་སེམས་ཆགས་ནས་གངས་རིའི་ཤ་རུས་འཐོར། །
ངན་འདྲེ་ཚོགས་ཁྲི་ལ་བཞུཊ་ནས་བཀའ་གནོད་ལུང་བར་བསྒྲཊ། །
སྐྱིད་ཞིང་ཐང་ཕ་ཡུལ་བདུད་ཀྱིས་བཙན་ནས་ལྷ་ཚོགས་འཆི། །


དགེ་ཆོས་ཀློག་གྲྭ་བཙུན་འཁྱམས་ནས་གྲོང་སྲང་ངན་ལབ་མང་། །
དབེན་དགོན་པར་ཆོས་ལོག་སིམ་ནས་ནང་བའི་རྐང་བ་བཅག །
དམ་དགེ་སྡིག་རྒྱུ་འབྲས་བརླག་པའི་དམར་གཟན་གཞན་ལ་གཏོད། །
སྐྱིད་ཆོས་ལྡན་ཕ་ཡུལ་བདུད་ཀྱིས་བཙན་ནས་ལྷ་ཚོགས་འཆི། །

མཐོ་ཇོ་གླང་སེམས་པ་སྡུག་ནས་ངུ་ཤུམ་མིག་ཆུ་འཛར། །
དཀར་གངས་རིན་ཁོང་ཁྲོ་ལངས་ནས་གངས་དཀར་དབུ་ཞྭ་གཡུཊ། །
རིང་ཡར་གཙང་ཞེན་པ་ལོག་ནས་བྱེ་སའི་བར་ལ་སིམ། །
སྐྱིད་ཕ་ས་ཕ་ཡུལ་བདུད་ཀྱིས་བཙན་ནས་ལྷ་ཚོགས་འཆི། །
                           ༢༠༡༡ལོའི་ཟླ་༨ཚེས་༢༠ཉིན་ལྷོ་ཁུག་ཏུ་བྲིས།




 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་རྣམས་འདི་ལྟར་འཆིའོ།།

2011-08-30 རྒོད་རྒྱལ་བློ་ཕུན། ཀློག་གྲངས། མཆན ཡོད།


སྤྲིན་དཀར་བོ་རི་མགོའི་རླུང་གིས་འཇབ་ནས་ས་མཐར་བྱོལ། །
ནགས་སྟག་གཟིག་ཀླུ་དམྱལ་སྦྲུལ་གྱིས་དུག་ནས་རང་སྲོག་བོར། །
དྲོ་ཉི་མའི་ཟེར་བརྒྱ་ཁད་ཀྱིས་ཡིབ་ནས་གནམ་ངོ་སྒྲིབས། །
སྐྱིད་གངས་རི་ཕ་ས་བདུད་ཀྱིས་བཙན་ནས་ལྷ་ཚོགས་འཆི། །

སྔོ་རྩྭ་ཐང་མེ་ཕུང་དམར་བོས་འཚིག་ནས་དུ་སྤྲིན་རྒྱུག །
མང་ལུག་ཆུང་གཡག་རོག་སྐྲག་ནས་ལ་བརྒལ་ཀླུང་གཅོད་བྱས། །
མཚན་སྤྱང་ཀིའི་ལྟོག་སྐད་གཟན་པས་ཡུལ་ལུང་གཉིད་ལས་དཀྲོཊ། །
སྐྱིད་རྩྭ་ཐང་ཕ་ས་བདུད་ཀྱིས་བཙན་ནས་ལྷ་ཚོགས་འཆི། །

བསིལ་གངས་ཆབ་སྔོན་མོ་ཉོག་ནས་གྲངས་ཡས་སེམས་ཅན་གནོད། །
འཆམ་ཉ་ཆུང་སེར་མིག་འཐོར་ནས་ལྷད་མེད་བརྩེ་དུང་བོར། །
དྭངས་བྱིན་རླབས་གངས་ཆུ་ཉོག་པས་ཁུ་སིམ་ཁད་ཀྱིས་དཀྲོགས། །
སྐྱིད་གངས་ཆབ་ཕ་ས་བདུད་ཀྱིས་བཙན་ནས་ལྷ་ཚོགས་འཆི། །

བྱམས་ཕ་མ་རྒན་རྒོན་བརྡབ་ནས་ཙྡན་ཕྲེང་བ་བརླག །
ཆུང་བྱིས་པ་འདྲེ་སེམས་ཆགས་ནས་གངས་རིའི་ཤ་རུས་འཐོར། །
ངན་འདྲེ་ཚོགས་ཁྲི་ལ་བཞུཊ་ནས་བཀའ་གནོད་ལུང་བར་བསྒྲཊ། །
སྐྱིད་ཞིང་ཐང་ཕ་ཡུལ་བདུད་ཀྱིས་བཙན་ནས་ལྷ་ཚོགས་འཆི། །


དགེ་ཆོས་ཀློག་གྲྭ་བཙུན་འཁྱམས་ནས་གྲོང་སྲང་ངན་ལབ་མང་། །
དབེན་དགོན་པར་ཆོས་ལོག་སིམ་ནས་ནང་བའི་རྐང་བ་བཅག །
དམ་དགེ་སྡིག་རྒྱུ་འབྲས་བརླག་པའི་དམར་གཟན་གཞན་ལ་གཏོད། །
སྐྱིད་ཆོས་ལྡན་ཕ་ཡུལ་བདུད་ཀྱིས་བཙན་ནས་ལྷ་ཚོགས་འཆི། །

མཐོ་ཇོ་གླང་སེམས་པ་སྡུག་ནས་ངུ་ཤུམ་མིག་ཆུ་འཛར། །
དཀར་གངས་རིན་ཁོང་ཁྲོ་ལངས་ནས་གངས་དཀར་དབུ་ཞྭ་གཡུཊ། །
རིང་ཡར་གཙང་ཞེན་པ་ལོག་ནས་བྱེ་སའི་བར་ལ་སིམ། །
སྐྱིད་ཕ་ས་ཕ་ཡུལ་བདུད་ཀྱིས་བཙན་ནས་ལྷ་ཚོགས་འཆི། །
                           ༢༠༡༡ལོའི་ཟླ་༨ཚེས་༢༠ཉིན་ལྷོ་ཁུག་ཏུ་བྲིས།




 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།