ངས་ཁྱེད་ལ་འདི་ལྟར་ཞུ་འདོད།

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-08-20

རྒྱན་དྲུག་མཆོག་གཉིས་ངེས་དོན་ལོ་པན་ཡོད་དོ་ཅོག།
དྲང་བོའི་རལ་གྲི་ཕྱག་ལ་ཐོགས་ཤིང་ཆེ་ཆུང་གི།
ཤེས་ཡོན་ཅན་གྱི་ཚོགས་ལ་ཕྱག་འཚལ་ཞབས་བཏུད་པས།།
བསྲོང་བའི་དངོས་གྲུབ་བདུད་རྩིའི་མེ་ཏོག་བདག་ལ་གཏོར།།
གང་དང་གང་གིས་ཡིད་དང་བློ་ལ་འགལ་བ་དེ།།
ཁྱེད་དང་ཁྱེད་ཀྱི་མཛད་པ་དེ་ཉིད་གྱུར་བ་ནི།།
མིག་སྔར་མིག་མཐོང་ལག་ཟིན་ཡིན་ཞིང་ཡིན་པ་དེར།།
བདག་ཉིད་བདག་གིས་ཁྱེད་ལ་འདི་ལྟར་ཞུ་ན་འདོད།།
གླང་དང་འདྲ་བའི་དར་མ་ཞེས་པའི་མཚན་བྱང་།།
བསྟན་པའི་དགྲ་བོར་བཟུང་བའི་ལྟ་ཚུལ་སྟུག་པོ་གཉིས།།
ཡིག་ངོ་ཆོད་མིན་གཉིས་ཀྱི་བློ་ཡིད་བཤད་སྒྲོས་ན།།
དཀར་བོའི་རི་ཡང་ནག་པོར་བསྒྱུར་ཞིང་བསྒྱུར་བར་ཉེ།།
མེས་དབོན་རྣམ་གསུམ་ཟེར་ན་དད་ཅིང་ཆོས་རྒྱལ་ཞེས།།
ཐལ་མོ་གཙུག་ལ་བཅིངས་ཏེ་གུས་ཕྱག་ཕྱག་བྱས་མོད།།
འུ་དུམ་བཙན་པོ་ཟེར་ཡང་ཤེས་མེད་ཚོར་མེད་པ།།
ཁྲག་རྒྱུན་གཅིག་ཀྱང་དབྱེ་བ་གནམ་སའི་བར་ཐག་ཅིག།།
ཡ་མཚན་ཡ་མཚན་འདི་འདྲའི་ཁྱད་མཚར་སྐྱོ་གར་ཞིག།
ཁ་བ་གངས་ཅན་ལྗོངས་ཀྱི་འཚོ་བའི་ཡུར་བ་རུ།།
ལྷོག་ལྷོག་འཁྱིལ་ཞིང་ད་དུང་འདྲེན་པའི་ཆུ་རྙོག་འདི།།
ཕྱོགས་ལྷུང་ཆར་རྒྱུན་དྲག་པོ་བབས་ཡུན་རིང་བས་སྙམ།།
རང་དང་རང་གཞན་གཞན་དོན་ཡིད་ལ་བཅིངས་པ་ནི།།
གནའ་རབས་གནའ་དེང་དེང་སང་ད་རུང་མཆོག་ཏུ་བཀུར།།
ལས་དབང་ལས་མིང་མིང་གྲགས་སྨྱུག་གུས་བསྒྱུར་བ་ནི།།
སྐྱོ་ཞིང་སྐྱོ་ངལ་ངལ་བས་བདག་ཅག་ཧ་ཅང་མང་།།
རང་གཞན་དོན་གྱི་ལེགས་ཚོགས་ཕན་བདེ་བསྒྲུབས་པ་ནི།།
ཚོགས་སྤྱི་རིགས་རུས་མངའ་ཐང་ཁེ་ཕན་བསམ་པ་ཡང་།།
སྐུར་འདེབས་མིག་བགྲད་ཁྱི་སྨྱོན་མི་ཁ་བསྐོར་བས་ན།།
བསྲོང་བོ་ལས་ཀྱི་གནས་ནི་གང་དང་གང་དག་ཡིན།།
མཁས་ན་མི་ཁ་འཁོར་བ་བོད་མི་རང་གི་གཤིས།།
དཔའ་ན་རང་སྲོག་གཅོད་པ་འཇར་པན་པ་ཡི་སྲོལ།།
ཀུན་ལ་འདྲེ་ལག་བསྲིངས་བ་དབྱིན་ཇི་བ་ཡི་བློ།།
མངོན་ལྐོག་ངོ་གཉིས་ཆེ་བ་མ་ཧཱ་ཙི་ནའི་དཔོན།།
ཡོད་ཚད་བརྒལ་ཞིང་བརྟག་ན་མིག་ཆུ་འབྱུང་བའི་གཞི།།
འཇིག་རྟེན་ཁམས་ཀྱི་ཆེས་ནི་མཚར་ཞིང་དགོད་བྲོ་བ།།
མ་མཐོང་བ་ལ་མེད་ཅེས་ཟེར་བ་དེ་ཉིད་ཅེས།།
རྡོ་སྦིས་ཤེར་རྒྱམ་མཆོག་གིས་གསུངས་ཤིང་མཆིས་བ་ཉིད།།
གང་ཞིག་ལུང་གི་མཛེས་མར་དུངས་བ་ཆེ་ཆེ་ནས།།
རིགས་པའི་ལམ་དུ་བགྲོད་པའི་ལས་དེ་བོར་གྱུར་ན།།
ཚང་མ་འཐད་པ་བདེན་པ་ཡིན་ཞེས་ཟེར་བ་ཡང་།།
ལྟར་སྣང་རྟགས་ཀྱིས་སིམ་པའི་ཚུལ་གསུམ་དགྲ་བོ་ཉིད།།
དེ་ཕྱིར་ལུང་གི་མཛེས་མ་ཕྱོགས་ལྷུང་འཕྱོན་མ་ལ།།
བསྙེག་ཅིང་བསྙེགས་པས་ཁྱེད་ཉིད་ན་བཟའ་ནག་པོ་བཀླུབས།།
བརྒྱ་ཁ་གཅིག་གིས་བཅད་པའི་དགེ་མཚན་ནག་པོ་ཡིས།།
བྷོ་ཊ་རང་གིས་རིག་གསར་གཉིས་པའི་རྣམ་ཐར་བསྐྱངས།།
མཁར་རྨེའུ་བསམ་གཏན་ལགས་ཀྱི་བསྲོང་བའི་དཔྱད་པ་དང་།།
ནམ་མཁའི་ནོར་བུ་མཆོག་གི་ལོ་མང་དཔྱད་པ་ལས།།
ཁྱོད་མཚན་ཞང་ཞུང་སྐད་ཀྱི་གསང་རྣམ་རྒྱལ་བོ་ཞེས།།
བསྟན་པའི་དགྲ་བོ་མིན་པ་བཞེད་ཚུལ་ཟླ་གསར་འཁྲུངས།།
ཟོལ་གྱིས་མ་བཅོས་གཤིས་ཀྱི་འཛུམ་དང་སྙིང་གཏམ་ལ།།
ཞེན་ཞིང་མི་འཛུམ་སྐྱེ་བོ་གང་དང་གང་ན་གདའ།།
ལུང་ཕྱོགས་གང་གིས་མ་བཅིངས་རྣལ་མའི་སྲོང་གཏམ་དེར།།
བཀུར་ཞིང་ཡི་རང་བྱས་པའི་གནས་ཡིན་རང་མཉམ་ལགས།།
ཡོད་ཚད་འདས་སོང་ལོ་རྒྱུས་ཕྱིར་ལྡོག་སྟོང་ཞེས་ཏེ།།
བླང་དོར་གང་གི་གནས་སུ་མི་འཇོག་མི་འཛིན་པར།།
མཁྲེགས་འཛིན་ལྕགས་ཀྱི་གོ་ཆས་རང་ལུས་སྲུང་བ་དེ།།
བདག་ཉིད་མགྱོགས་འགྲོའི་བང་བཞིན་ལྔ་ལམ་འགྲོ་བའི་རྟགས།།
རང་དང་རང་གཞན་ལས་ནི་ངེས་པ་དང་པོ་དང་།།
རིགས་རྒྱུད་རིགས་རུས་ངེས་ཤིང་ཕན་པ་གཉིས་པ་དང་།།
ལས་གཉེར་ལས་དོན་མི་བོར་གསུམ་བཅས་ཕྱག་བྱས་ཏེ།།
བདག་ཉིད་བདག་གིས་ཁྱེད་ལ་འདི་ལྟར་ཞུ་བ་ལགས།།
བླ་རྒན་རྒན་རྒོན་ཞལ་བློར་གོམས་ཤིང་བརྟན་གྱུར་ཀྱང་།།
བློ་གསར་ཚོགས་ཀྱིས་དཔྱད་པའི་གནས་རེད་ཅེས་སེམས་ཏེ།།
ཁུངས་མེད་མཐོང་ཐོས་དོག་པའི་ཉམ་ཆུང་བིས་མདོ་བས།།
རང་སྣང་གང་ཤར་སྦྱར་བ་དགོངས་འཆར་མེད་པར་ཞུ།  །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་ཁྱེད་ལ་འདི་ལྟར་ཞུ་འདོད།

2011-08-20 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།