བྲག་དཀར་རུ་འདབས་ཀྱི་མགུར་གླུ་གསར་མ།

མགར་ཚང་དར་རྒྱས།༼རྩེ་ཁོག༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-08-11


སྨུག་སྤྲིན་གྱི་ན་བུན་འཐིབས་པའི་རི།།
གླེགས་བམ་གྱི་པོ་ཏི་བརྩེགས་པ་འདྲ།།
འཁོར་འདུས་ཀྱི་མགྲོན་པོ་མེད་པའི་གནས།།
འབྲོག་ལྗོངས་ཀྱི་དབེན་པའི་རི་གྲོང་འདྲ།།
                   
ནང་སེམས་ཀྱི་སྒྲིབ་པ་མ་དག་པར།།
ཕྱི་འཛེས་འཛེས་བྱེད་པའི་རྫུ་བག་གིས།།
ཚེ་འདི་ཕྱི་གཉིས་ཀྱི་གང་ལ་ཕན།།
དེ་གསུང་དང་སྙིང་གི་བླ་མ་ལགས།།
 
རྒྱུ་མི་རྟག་རྩྭ་མགོའི་ཟིལ་བ་རེད།།
སྐྱིད་མི་རྟག་ཕ་ཕྱུག་བུ་མོ་རེད།།
རྒྱབ་བརྟེན་ས་མེད་པའི་རི་ཁྲོད་པར།།
སེམས་བདེ་བའི་བཀང་བ་ཨེ་བདེན་ནམ།།
 
ཐུགས་བརྩེ་བ་ལྡན་པའི་བླ་མ་ཡིས།།
ཤ་ཁྲག་གི་འབྲེལ་བ་མི་འཛིན་པར།།
ཁོང་སྙིང་ནས་གཅེས་པའི་བཀའ་དྲིན་ལ།།
བསམ་ཤེས་ན་དྲིན་ལན་ད་རེས་འཇོལ།།
 
རི་བྲག་དཀར་མཐོན་པོའི་རྩེ་མོ་ན།།
ཕ་ཁྱེད་ཀྱི་མཛད་འཕྲིན་མཁའ་རུ་འཕགས།།
ཆུ་དགུ་ཀླུང་སྔོན་མོའི་འགྲམ་ངོགས་ན།།
བུ་ང་ཡི་བྱས་ཉེས་ཡིད་རེ་སྐྱོ།།
 
དུས་སྙིགས་ཀྱི་བླ་རྒན་ང་འདྲ་ལ།།
ལོངས་སྤྱོད་ཀྱི་བསླུ་བྲིད་ཐེབས་པ་འདྲ།།
སྔ་ཤར་གྱི་ཉི་རྩེ་དང་འགྲོགས་ནས།།
ཁོམ་མེད་ཀྱི་ངང་ཚུལ་དེ་ལ་བལྟས།།
 
ཉེ་འབྲེལ་གྱི་བར་ཐག་ཇེ་ཉེ་རེད།།
རིགས་ཞེན་གྱི་ཞེ་འཁོན་ཇེ་ཆེ་རེད།།
བདག་འཛིན་གྱི་ཐག་པ་མ་ཆོད་ན།།
སྟོང་ཉིད་ཀྱི་གླུ་ཆུང་ག་རེ་ལེན།།
 
གནས་དབེན་པའི་བྲག་ལ་རྒྱབ་གཏད་ནས།།
བློ་རྩེ་གཅིག་ཆོས་ལ་ཉམས་ལེན་པ།།
ཕ་ཡབ་རྗེ་སྐལ་ལྡན་རྒྱ་མཚོ་ལ།།
དུས་རྟག་ཏུ་སྙིང་ནས་གསོལ་བ་འདེབས།།
 
སྙིགས་མ་ཡི་བླ་མཚོ་བརྡོལ་དུས་འདིར།།
ཆོས་བྱེད་པའི་ནང་སེམས་ཁྲ་ཁྲ་རེད།།
གཡོ་སེམས་ཀྱིས་མི་མགོ་བསྐོར་བ་ཡིས།།
ཕྱི་མ་འདི་བསམ་མཁན་ཉུང་ཉུང་རེད།།
 
གྲུབ་མཐའ་ཡི་རྒྱུ་མ་དེད་དེད་ནས།།
དབུ་མ་ཡི་དབྱུག་པ་གཅོག་དུས་སུ།།
འཆི་ཁ་རུ་འགྱོད་པས་རབ་དགུང་ན།།
ལམ་བུ་དེ་རང་ཉིད་ནོར་བ་ཤེས།།
 
མི་རྟག་གི་མགུར་དབྱངས་འཐེན་པ་དང་།།
གསོག་འཇོག་གི་ནོར་ལ་འབད་པ་གཉིས།།
མེ་ཆུ་བཞིན་འགལ་བ་ཡིན་ནའང་།།
འཆི་བདག་དང་འགྲོགས་ནས་ད་རག་བར།།
 
འཁོར་བ་ཡི་གཞི་འཛིན་གྲོང་བ་ཚོའི།།
ཨ་གསར་གྱི་བློ་ཕུགས་ཐུང་ཐུང་གིས།།
ཉམས་ལེན་གྱི་ཕྱོགས་ལ་འབད་བསམ་པ།།
སྟོང་སེམས་ཀྱི་འཁྲུལ་ལོ་ཡིན་པར་ངེས།།
 
ལང་ཚོ་ཡིས་བརྟས་པའི་གཞོན་ནུ་ཟུང་།།
བརྩེ་དུང་གི་ཐག་པ་གཅིག་ཏུ་བརྒྱུས།།
འཁོར་བ་ཡི་རྒྱ་མཚོའི་འཇིང་ངོགས་སུ།།
ཆོས་སྲིད་ཀྱི་མེ་ཏོག་རྣམ་གཉིས་བཏབ།།
 
ལུས་བཅུད་ཀྱི་ཐིག་ལེ་གཏོར་ས་ན།།
ཆགས་སེམས་ཀྱི་ཉེས་འབྲས་དེ་རུ་འཐིམས།།
ང་རྒྱལ་གྱི་མགོ་བོ་ཕྱིར་འབུར་ནས།།
མགོ་མཐོ་མཐོ་བྱེད་རྒྱུ་ང་ལ་མེད།།
 
དེང་སང་གི་སྒྱུ་མའི་གཡོ་གར་ལ།།
ཚེ་སྲོག་གིས་མཆོད་འབུལ་བྱེད་པ་རྣམས།།
དམྱལ་ཁམས་ཀྱི་མགྲོན་པོ་ཡིན་ལགས་ན།།
མགོན་ཉིད་ཀྱིས་ཐུགས་རྗེ་གཟིགས་ཤིག་ཀྱེ།།
         
ཚེ་འདི་ཡི་རང་གི་ཉེ་འབྲེལ་ཀུན།།
བློས་ཐོངས་ན་ཕྱི་མའི་ལམ་བུ་བདེ།།
དེ་མིན་པར་སྣང་རྟོག་ཆེ་སྐྱེས་ན།།
ཤི་ཁ་རུ་ཆགས་པའི་སྡུག་བསྔལ་ཡིན།
 
མཚམས་ལན་རེ་འཇིགས་པ་དྲན་གྱུར་ན།།
རྣམ་དཀར་གྱི་དགེ་བའི་ལས་ལ་བསམ།།
བར་བར་ནས་འཆི་བ་དྲན་དུས་སུ།།
སྐྱོ་ཤས་ཀྱི་སྙིང་རླུང་ཡང་ཡང་ལྡང་།།
 
འདུ་བྲལ་གྱི་སྙིང་བོ་མཚོན་པའི་གླུ།།
གཏན་བྲལ་གྱི་གྱེས་གདུང་དེ་ཡིས་བཞག།
བདག་གཞན་གྱི་ཞེན་ཁོག་ཡོད་མེད་ལ།།
ད་ལན་ཡང་ཉམས་ཚོད་ཐེངས་གཅིག་ཐོབ།།
 
བདག་འཛིན་གྱི་སྣོད་ཁ་ཆེ་བཟེད་ནས།།
འདུས་བྱས་ལ་སྙིང་བོ་མེད་ཚུལ་གྱི།།
སྟོང་གཏམ་གྱི་མགུར་དབྱངས་འཐེན་པ་རྣམས།།
བསམ་གཞིགས་རེ་ཐོངས་དང་རང་ངོ་ཤེས།།
 
ཆོས་ས་ལ་བློ་ཕུགས་ཐུང་བ་ཡི།།
མགར་ཚང་གི་གཉིད་ཀྱི་རྨི་ལམ་འདི།།
ཁྱེད་རྣམ་པའི་ཐུགས་ལ་གནོད་གྱུར་ན།།
བཟོད་པ་ཡི་ཐ་སྙད་དེ་ལ་སོམས།།
 
གནས་དབེན་པའི་སྒྲིབ་ཕུག་མ་སྙེགས་པར།།
ཁྱིམ་མལ་སའི་ནང་གི་སྐྱིད་མགུར་འདི།།
བློ་ཆོས་ལ་བསྒྱུར་བྱེད་མ་ལགས་ཀྱང་།།
མི་གཤིས་ཀྱི་གདུང་འབོད་དེ་ཡིན་ལགས།།
 
ཡུལ་རྩེ་གཞུང་སྐྱིད་པའི་སྨན་ལྗོངས་ལ།།
ནང་སེམས་ཀྱི་རྟ་ཕོ་ཡང་ཡང་འཁྲེང་།།
ས་གསེར་ལྗོངས་རིག་པའི་གྲོང་ཁྱེར་ནས།།
དྲིན་ཕ་མ་དྲན་པའི་མགུར་འདི་བཞེངས།།
 
           ༢༠༡༡ལོའི་ཟླ་༤པའི་ཚེས་༡༥ལ་རེབ་གོང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྲག་དཀར་རུ་འདབས་ཀྱི་མགུར་གླུ་གསར་མ།

2011-08-11 མགར་ཚང་དར་རྒྱས།༼རྩེ་ཁོག༽ ཀློག་གྲངས། མཆན ཡོད།


སྨུག་སྤྲིན་གྱི་ན་བུན་འཐིབས་པའི་རི།།
གླེགས་བམ་གྱི་པོ་ཏི་བརྩེགས་པ་འདྲ།།
འཁོར་འདུས་ཀྱི་མགྲོན་པོ་མེད་པའི་གནས།།
འབྲོག་ལྗོངས་ཀྱི་དབེན་པའི་རི་གྲོང་འདྲ།།
                   
ནང་སེམས་ཀྱི་སྒྲིབ་པ་མ་དག་པར།།
ཕྱི་འཛེས་འཛེས་བྱེད་པའི་རྫུ་བག་གིས།།
ཚེ་འདི་ཕྱི་གཉིས་ཀྱི་གང་ལ་ཕན།།
དེ་གསུང་དང་སྙིང་གི་བླ་མ་ལགས།།
 
རྒྱུ་མི་རྟག་རྩྭ་མགོའི་ཟིལ་བ་རེད།།
སྐྱིད་མི་རྟག་ཕ་ཕྱུག་བུ་མོ་རེད།།
རྒྱབ་བརྟེན་ས་མེད་པའི་རི་ཁྲོད་པར།།
སེམས་བདེ་བའི་བཀང་བ་ཨེ་བདེན་ནམ།།
 
ཐུགས་བརྩེ་བ་ལྡན་པའི་བླ་མ་ཡིས།།
ཤ་ཁྲག་གི་འབྲེལ་བ་མི་འཛིན་པར།།
ཁོང་སྙིང་ནས་གཅེས་པའི་བཀའ་དྲིན་ལ།།
བསམ་ཤེས་ན་དྲིན་ལན་ད་རེས་འཇོལ།།
 
རི་བྲག་དཀར་མཐོན་པོའི་རྩེ་མོ་ན།།
ཕ་ཁྱེད་ཀྱི་མཛད་འཕྲིན་མཁའ་རུ་འཕགས།།
ཆུ་དགུ་ཀླུང་སྔོན་མོའི་འགྲམ་ངོགས་ན།།
བུ་ང་ཡི་བྱས་ཉེས་ཡིད་རེ་སྐྱོ།།
 
དུས་སྙིགས་ཀྱི་བླ་རྒན་ང་འདྲ་ལ།།
ལོངས་སྤྱོད་ཀྱི་བསླུ་བྲིད་ཐེབས་པ་འདྲ།།
སྔ་ཤར་གྱི་ཉི་རྩེ་དང་འགྲོགས་ནས།།
ཁོམ་མེད་ཀྱི་ངང་ཚུལ་དེ་ལ་བལྟས།།
 
ཉེ་འབྲེལ་གྱི་བར་ཐག་ཇེ་ཉེ་རེད།།
རིགས་ཞེན་གྱི་ཞེ་འཁོན་ཇེ་ཆེ་རེད།།
བདག་འཛིན་གྱི་ཐག་པ་མ་ཆོད་ན།།
སྟོང་ཉིད་ཀྱི་གླུ་ཆུང་ག་རེ་ལེན།།
 
གནས་དབེན་པའི་བྲག་ལ་རྒྱབ་གཏད་ནས།།
བློ་རྩེ་གཅིག་ཆོས་ལ་ཉམས་ལེན་པ།།
ཕ་ཡབ་རྗེ་སྐལ་ལྡན་རྒྱ་མཚོ་ལ།།
དུས་རྟག་ཏུ་སྙིང་ནས་གསོལ་བ་འདེབས།།
 
སྙིགས་མ་ཡི་བླ་མཚོ་བརྡོལ་དུས་འདིར།།
ཆོས་བྱེད་པའི་ནང་སེམས་ཁྲ་ཁྲ་རེད།།
གཡོ་སེམས་ཀྱིས་མི་མགོ་བསྐོར་བ་ཡིས།།
ཕྱི་མ་འདི་བསམ་མཁན་ཉུང་ཉུང་རེད།།
 
གྲུབ་མཐའ་ཡི་རྒྱུ་མ་དེད་དེད་ནས།།
དབུ་མ་ཡི་དབྱུག་པ་གཅོག་དུས་སུ།།
འཆི་ཁ་རུ་འགྱོད་པས་རབ་དགུང་ན།།
ལམ་བུ་དེ་རང་ཉིད་ནོར་བ་ཤེས།།
 
མི་རྟག་གི་མགུར་དབྱངས་འཐེན་པ་དང་།།
གསོག་འཇོག་གི་ནོར་ལ་འབད་པ་གཉིས།།
མེ་ཆུ་བཞིན་འགལ་བ་ཡིན་ནའང་།།
འཆི་བདག་དང་འགྲོགས་ནས་ད་རག་བར།།
 
འཁོར་བ་ཡི་གཞི་འཛིན་གྲོང་བ་ཚོའི།།
ཨ་གསར་གྱི་བློ་ཕུགས་ཐུང་ཐུང་གིས།།
ཉམས་ལེན་གྱི་ཕྱོགས་ལ་འབད་བསམ་པ།།
སྟོང་སེམས་ཀྱི་འཁྲུལ་ལོ་ཡིན་པར་ངེས།།
 
ལང་ཚོ་ཡིས་བརྟས་པའི་གཞོན་ནུ་ཟུང་།།
བརྩེ་དུང་གི་ཐག་པ་གཅིག་ཏུ་བརྒྱུས།།
འཁོར་བ་ཡི་རྒྱ་མཚོའི་འཇིང་ངོགས་སུ།།
ཆོས་སྲིད་ཀྱི་མེ་ཏོག་རྣམ་གཉིས་བཏབ།།
 
ལུས་བཅུད་ཀྱི་ཐིག་ལེ་གཏོར་ས་ན།།
ཆགས་སེམས་ཀྱི་ཉེས་འབྲས་དེ་རུ་འཐིམས།།
ང་རྒྱལ་གྱི་མགོ་བོ་ཕྱིར་འབུར་ནས།།
མགོ་མཐོ་མཐོ་བྱེད་རྒྱུ་ང་ལ་མེད།།
 
དེང་སང་གི་སྒྱུ་མའི་གཡོ་གར་ལ།།
ཚེ་སྲོག་གིས་མཆོད་འབུལ་བྱེད་པ་རྣམས།།
དམྱལ་ཁམས་ཀྱི་མགྲོན་པོ་ཡིན་ལགས་ན།།
མགོན་ཉིད་ཀྱིས་ཐུགས་རྗེ་གཟིགས་ཤིག་ཀྱེ།།
         
ཚེ་འདི་ཡི་རང་གི་ཉེ་འབྲེལ་ཀུན།།
བློས་ཐོངས་ན་ཕྱི་མའི་ལམ་བུ་བདེ།།
དེ་མིན་པར་སྣང་རྟོག་ཆེ་སྐྱེས་ན།།
ཤི་ཁ་རུ་ཆགས་པའི་སྡུག་བསྔལ་ཡིན།
 
མཚམས་ལན་རེ་འཇིགས་པ་དྲན་གྱུར་ན།།
རྣམ་དཀར་གྱི་དགེ་བའི་ལས་ལ་བསམ།།
བར་བར་ནས་འཆི་བ་དྲན་དུས་སུ།།
སྐྱོ་ཤས་ཀྱི་སྙིང་རླུང་ཡང་ཡང་ལྡང་།།
 
འདུ་བྲལ་གྱི་སྙིང་བོ་མཚོན་པའི་གླུ།།
གཏན་བྲལ་གྱི་གྱེས་གདུང་དེ་ཡིས་བཞག།
བདག་གཞན་གྱི་ཞེན་ཁོག་ཡོད་མེད་ལ།།
ད་ལན་ཡང་ཉམས་ཚོད་ཐེངས་གཅིག་ཐོབ།།
 
བདག་འཛིན་གྱི་སྣོད་ཁ་ཆེ་བཟེད་ནས།།
འདུས་བྱས་ལ་སྙིང་བོ་མེད་ཚུལ་གྱི།།
སྟོང་གཏམ་གྱི་མགུར་དབྱངས་འཐེན་པ་རྣམས།།
བསམ་གཞིགས་རེ་ཐོངས་དང་རང་ངོ་ཤེས།།
 
ཆོས་ས་ལ་བློ་ཕུགས་ཐུང་བ་ཡི།།
མགར་ཚང་གི་གཉིད་ཀྱི་རྨི་ལམ་འདི།།
ཁྱེད་རྣམ་པའི་ཐུགས་ལ་གནོད་གྱུར་ན།།
བཟོད་པ་ཡི་ཐ་སྙད་དེ་ལ་སོམས།།
 
གནས་དབེན་པའི་སྒྲིབ་ཕུག་མ་སྙེགས་པར།།
ཁྱིམ་མལ་སའི་ནང་གི་སྐྱིད་མགུར་འདི།།
བློ་ཆོས་ལ་བསྒྱུར་བྱེད་མ་ལགས་ཀྱང་།།
མི་གཤིས་ཀྱི་གདུང་འབོད་དེ་ཡིན་ལགས།།
 
ཡུལ་རྩེ་གཞུང་སྐྱིད་པའི་སྨན་ལྗོངས་ལ།།
ནང་སེམས་ཀྱི་རྟ་ཕོ་ཡང་ཡང་འཁྲེང་།།
ས་གསེར་ལྗོངས་རིག་པའི་གྲོང་ཁྱེར་ནས།།
དྲིན་ཕ་མ་དྲན་པའི་མགུར་འདི་བཞེངས།།
 
           ༢༠༡༡ལོའི་ཟླ་༤པའི་ཚེས་༡༥ལ་རེབ་གོང་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།