བུ་མོ་ཞིག་ལ་སེམས་པ་བསྲོ་བྱེད་དུ།
_______བཀྲ་ཤིས་ལྷ་མོ་རུ་འབོད་པའི་ཕ་ཡུལ་རྨ་ཆུའི་བུ་མོ་ཞིག་ལ།
བསིལ་བསིལ་ཟླ་འོད་མལ་གདན་ལ་བྱས་ནས།།
བཞུད་པའི་ལོ་ཟླར་མིག་ཞགས་རེ་འཕངས་དུས།།
འུ་གཉིས་འདས་དོན་ཚ་ལུ་མ་འདྲ་བོ།།
འགོག་མེད་སེམས་པའི་གཏིང་རིམ་ནས་དྲན་འོངས།།
རང་རང་སོ་སོའི་ལས་དོན་ལ་འཇུ་དུས།།
ཁྱེད་དང་ཕྲད་པར་ཡ་མཚན་རེ་སྐྱེ་ལ།།
ཉིན་ཞག་གཅིག་གི་ལབ་བརྡོལ་གྱི་རྗེས་ནས།།
ཁྱེད་དང་མཐུན་པར་དེ་བས་ཀྱང་མཚར་འོངས།།
①“སྐར་མའི་ལམ”གྱི་སྨད་འཚོང་མ་ཞིག་ལ།།
དུངས་བའི་སེམས་པ་མེད་ན་ཡང་ཆོག་སྐད།།
མཚམས་རེར་མནོ་བསམ་གཞུ་མོར་ལྟར་བཏང་ན།།
ཁྱེད་རང་“སྐར་མའི་ལམ”མདོ་ན་འཁྱམས་འདུག།
སྐྱེས་གཟུགས་ཚིགས་དྲུག་སྨྱུག་མ་རང་མིན་ཡང་།།
སྙིང་གཏམ་འདྲ་བའི་ལྷ་ཡུལ་ལ་འགྲིམས་ན།།
སེམས་ཀྱི་རྟ་ཕོར་སྲབ་སྐྱོགས་ཀྱིས་གཅུན་ཡང་།།
མདུན་ཕྱོགས་གོམས་ཁ་ཐེ་ཚོམ་གྱིས་བསྒྱུར་འགྲོ།
དུངས་བའི་སེམས་པ་ལྷན་གཅིག་ཏུ་སྦྲེལ་ནས།།
སྙིང་གཏམ་དྲོན་མོས་སེམས་ཁ་རེ་བསྲོ་དུས།།
རྨ་ཀླུང་སྔོན་མོའི་བཞུར་རྒྱུན་དང་འགྲོགས་ནས།།
བརྩེ་བའི་རྒྱ་མཚོ་འཁྱིལ་བ་རང་ཨེ་དྲན།།
ཕ་དང་ཨ་མའི་བརྟུལ་ཞུགས་ཤིག་བཟུང་ནས།།
ཞི་ལུ་གཅེས་ལོར་རུས་མིང་ཡང་བཙལ་བས།།
འདས་དོན་མེ་ལོང་ཞིབ་ཏུ་རེ་ཕྱེས་ན།།
སྐྱོ་བའི་མཆི་མས་ཕྲེང་ཐག་ཞིག་རྒྱུན་ངེས།།
ཁྱེད་དང་འགྲོགས་པའི་ལོ་ཟླ་ཡི་རྒྱུན་འདི།།
རྨི་ལམ་ཞིག་གི་མཛེས་བ་ལ་སེམས་ཡོད།།
ཁྱེད་ཀྱིས་ཅི་འདོད་གསལ་ཆ་རང་མེད་མོད།།
ང་ཡི་དུངས་བ་རུས་རྐང་གི་གཏིང་ཡིན།།
ཁྱེད་དང་མི་འགལ་དཀར་བོ་འདི་དགེ་ཕྱོགས།།
ང་ལ་མི་བྲལ་དཀོམ་མཆོག་ནི་གསུམ་པོ།།
མནའ་ཆེན་གཉིས་ཀྱི་སྔོན་འགྲོ་ཡི་འོག་གི།
འུ་གཉིས་མི་འགལ་དམ་བཅའ་དེ་དྲན་ནམ།།
ཁྱེད་ཀྱི་བརྩེ་བ་ལྷད་མེད་རང་ཡིན་ན།།
བཞུད་པའི་ལོ་ཟླའི་གཙང་བོ་ཡི་རྒྱུན་ནས།།
འགལ་དོན་བྱ་བ་རྟ་རྔ་ཙམ་མེད་པས།།
ཐེ་ཚོམ་ཐག་སྣེས་སེམས་པ་འདི་མི་གཏོང་།།
མཐུན་པའི་གསེར་གྱི་ཨ་ལོང་རེ་སྦྲེལ་དུས།།
ཁྱེད་དང་ང་ཡི་སྐྱིད་ཅིག་ནི་མེད་ཟེར།།
འགལ་བའི་དགོས་དོན་ཇི་ལྟར་དུ་བཙལ་ཡང་།།
རྙེད་པ་མེད་པས་གསལ་བཤད་ཅིག་མཁོ་འདུག།
མཆི་དང་མཆི་གཉིས་ཤུགས་ཆེན་གྱིས་སྦྱར་ནས།།
ལྕེ་རྩེ་གཉིས་ཀྱིས་འཇུབ་རེས་དང་ནུ་རེས།།
དོར་མའི་ཁ་འདིག་རྐང་ཁུག་ཏུ་དེད་ནས།།
ནུ་བུམ་གཉིས་ཀྱི་འཇམ་ཤ་ལ་མྱངས་སོ།།
འགུལ་གྱིན་འགུལ་གྱིན་ཡུད་ཙམ་རེ་འགོར་དུས།།
མལ་གདན་སྟེང་ན་གཅེར་བུ་རུ་འགྲེང་འདུག།
འདོད་པའི་འཁུན་སྒྲ་ཟུག་གཟེར་དུ་གྲགས་ཚེ།།
ལུས་ཀྱི་བ་སྤུ་འགོག་མེད་དུ་གཟེངས་འགྲོ།།
མཇེ་ཡི་རྒད་པོ་སྲ་མཁྲེགས་སུ་ལངས་བས།།
འགོག་མེད་ཁྱེད་ཀྱི་མེ་ཏོག་དེ་བཅོམ་པས།།
བདག་གི་སྤྲིན་དཀར་ཕུང་བོ་ཡིས་གྲུབ་པའི།།
བུ་ཞིག་ཡོད་ན་ང་རང་གིས་གཉོར་ཆོག།
ཟླ་འོད་མེད་པའི་ཁང་མིག་གི་ནང་ནས།།
ཟླ་མཚན་བཞུར་བ་ཤེས་པ་རང་མེད་པས།།
མཁྲིག་སྦྱོར་ཐེངས་དེས་སྐྲུན་པ་ཡི་མནར་གཅོད།།
སེམས་ལ་མ་འཛིན་དགོངས་དག་ནི་ཞུ་ངེས།།
ལས་འབྲེལ་ལམ་བུ་ཆགས་ཟད་དུ་ཤོར་བས།།
རང་གཉིས་རྨི་ལམ་སྐྱ་རེངས་ཀྱིས་སྐྱོགས་སོང་།།
མ་སྐྱོ་མ་སྡུག་སྨན་ཆུང་གི་བུ་མོ།།
རང་རང་སོ་སོར་ལམ་བུ་རེ་ལོས་ཡོད།།
མཇུག་ཏུ་ཁྱེད་ཀྱི་མི་འགྱང་བའི་དུས་ལ།།
ཁ་སེམས་མཐུན་པའི་ཁྱོ་ག་ཞིག་བཙལ་ཏེ།།
སེམས་པ་མ་འཁྱོག་དྲང་མོ་རུ་གཏད་ནས།།
མི་ཚེ་ཞིག་ལ་བཞི་ཤད་ཅིག་འཇོག་རོགས།།
①རྨ་ཆུའི་ལམ་ཞིག་གི་མིང་།
༢༠༡༠.༦.༡
རྩོམ་ཁུངས། ངེད་དྲ་བ།