བསླུ་བྲིད།


མེ་ལོང་ཁྲ་ཁྲ་ཞིག་གིས།།
གཟུགས་རིས་དུམ་བུར་བྱས་སོང་།།
གས་ཆག་བརྒྱ་དང་བརྒྱད་པོས།།
ཞེ་བརྩེ་ས་རུ་བསྲེས་སོང་།།
 
དུག་ལྡན་མེ་ཏོག་ཧ་ལོར།།
མཛེས་སྡུག་དྲི་ཞིམ་རྫོགས་ཀྱང་།།
འབྲུག་རིས་བུམ་པའི་ཁ་རྒྱན།།
གཏན་ནས་ཉན་ས་མ་རེད།།
 
སྐྱེད་ཚལ་དྲི་ངད་ལྡང་བའི།།
ལྡུམ་རའི་ཕྱི་ནང་བར་གསུམ།།
ནད་དུག་གཅིག་གིས་བརླགས་པས།།
སེར་ཆེན་རྐང་གཅིག་སྙིང་རྗེ།།
 
ད་ལོ་སད་སེར་རྒོད་པས།།
དྲོད་འཇམ་ཉི་འོད་མ་མཐོང་།།
ཆུ་ལད་འཛོམས་པའི་ས་ཞིང་།།
ལྗན་ལྗིན་འདམ་ལ་བརྫུས་སོང་།།
 
ཤེལ་དུམ་ནང་གི་གསེར་ཉ།།
ཁ་ཟས་མ་བྱས་བར་དུ།།
རང་རློམ་ཐོ་གང་ངོམས་ནས།།
སྟངས་སྟབས་མང་ཙམ་བསྒྱུར་ཐལ།།
 
ལྕོང་མོས་ཚང་ལམ་འགྲིམས་དུས།།
མཇུག་མའི་རང་ཚད་མ་མཐོང་།།
ཆུ་བསྐྱར་མཆུ་ཏོ་གཅིག་གིས།།
རང་ལུས་དམར་བཤུ་བྱས་སོང་།།
 
ཉམས་མྱོང་དོན་གྱིས་ཕྱུག་པའི།།
བསམ་དཀར་ཉ་བ་རྒན་པོའི།།
མ་འོངས་ལུང་བསྟན་དེ་ཡིས།།
བདག་བློ་རབ་ཏུ་བཀུག་སོང་།།
 
དང་པོ་འཕྲད་པའི་གཡུ་སྦྲང་།།
སྐྱེད་ཚལ་གང་དུ་བཞུགས་ལགས།།
སྙན་སྙན་སེམས་གཏམ་དྲོད་མོ།།
ད་ནི་ཞེ་ལ་འཁོར་བྱུང་།།
 
                    2011-8-4

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསླུ་བྲིད།

2011-08-07 ཏཱ་ནི་སྨྱུ་གུ ཀློག་གྲངས། མཆན ཡོད།


མེ་ལོང་ཁྲ་ཁྲ་ཞིག་གིས།།
གཟུགས་རིས་དུམ་བུར་བྱས་སོང་།།
གས་ཆག་བརྒྱ་དང་བརྒྱད་པོས།།
ཞེ་བརྩེ་ས་རུ་བསྲེས་སོང་།།
 
དུག་ལྡན་མེ་ཏོག་ཧ་ལོར།།
མཛེས་སྡུག་དྲི་ཞིམ་རྫོགས་ཀྱང་།།
འབྲུག་རིས་བུམ་པའི་ཁ་རྒྱན།།
གཏན་ནས་ཉན་ས་མ་རེད།།
 
སྐྱེད་ཚལ་དྲི་ངད་ལྡང་བའི།།
ལྡུམ་རའི་ཕྱི་ནང་བར་གསུམ།།
ནད་དུག་གཅིག་གིས་བརླགས་པས།།
སེར་ཆེན་རྐང་གཅིག་སྙིང་རྗེ།།
 
ད་ལོ་སད་སེར་རྒོད་པས།།
དྲོད་འཇམ་ཉི་འོད་མ་མཐོང་།།
ཆུ་ལད་འཛོམས་པའི་ས་ཞིང་།།
ལྗན་ལྗིན་འདམ་ལ་བརྫུས་སོང་།།
 
ཤེལ་དུམ་ནང་གི་གསེར་ཉ།།
ཁ་ཟས་མ་བྱས་བར་དུ།།
རང་རློམ་ཐོ་གང་ངོམས་ནས།།
སྟངས་སྟབས་མང་ཙམ་བསྒྱུར་ཐལ།།
 
ལྕོང་མོས་ཚང་ལམ་འགྲིམས་དུས།།
མཇུག་མའི་རང་ཚད་མ་མཐོང་།།
ཆུ་བསྐྱར་མཆུ་ཏོ་གཅིག་གིས།།
རང་ལུས་དམར་བཤུ་བྱས་སོང་།།
 
ཉམས་མྱོང་དོན་གྱིས་ཕྱུག་པའི།།
བསམ་དཀར་ཉ་བ་རྒན་པོའི།།
མ་འོངས་ལུང་བསྟན་དེ་ཡིས།།
བདག་བློ་རབ་ཏུ་བཀུག་སོང་།།
 
དང་པོ་འཕྲད་པའི་གཡུ་སྦྲང་།།
སྐྱེད་ཚལ་གང་དུ་བཞུགས་ལགས།།
སྙན་སྙན་སེམས་གཏམ་དྲོད་མོ།།
ད་ནི་ཞེ་ལ་འཁོར་བྱུང་།།
 
                    2011-8-4

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།