ཁ་ཐག་རིང་བའི་སེམས་ཀྱི་གཡང་དཀར་མཚོ།

         ཕ་ཡུལ་རྒྱང་ནས་བཞག་སྟེ།།
        རྒྱང་རིང་ས་མཐའི་ཡུལ་ན།།
        རིག་པའི་གནས་ལ་འབད་པའི།།
        སེམས་ཀྱི་གཡང་དཀར་མཚོ་མོ།།
       
        ལས་དབང་འཁོར་ཕྱོགས་ཞིག་གིས།།
        དྲ་རྒྱའི་སྐུད་ལམ་བར་ནས།།
        རླུང་བུ་རྒྱུ་ཕྱོགས་ཞིག་གིས།།
        བརྩེ་བར་མདུད་པ་མཐུད་སོང་།།
       
        51པར་ཁུག་ནང་ནས།།
        ཁྱེད་ཀྱི་འདྲ་རིས་མཐོང་དུས།།
        ཅང་མེད་ཅོལ་ཆུང་སེམས་པ།།
        དབང་མེད་ཁྱོད་རྗེས་སྙེགས་སོང་།།
       
        སྙིང་གི་གཡང་དཀར་མཚོ་མོ།།
        བརྩེ་བ་ཁྱེད་ལ་བཅོལ་ཡང་།།
        ལང་ཚོའི་བདག་པོ་མིན་པའི།།
        སེམས་ཀྱི་སྡུག་བསྔལ་དགུ་བརྩེགས།།
       
        ཁྱེད་ལ་བརྩེ་བ་སྦྱིན་པའི།།
        ལས་སྐལ་ང་ལ་མེད་ཀྱང།།
        སྙིང་གཏམ་ཤུབ་ཤུབ་བཤད་པའི།།
        སྐལ་བ་སྐུད་ལམ་ཡིན་ཆོག།
 
        སྙན་ཞིང་འཇེབས་པའི་གླུ་ལ།།
        ཉན་འདོད་ཁྱོད་རང་སྤྲོ་བས།།
        ངག་བདེ་ངག་སྙན་མིན་ཡང་།།
        བལྟ་བ་ང་ཡིས་བྱས་ཆོག།
 
        ད་ནི་རྒྱང་རིང་ཡུལ་ནས།།
        དྲན་པའི་གདུང་བ་ཁུར་བཞིན།།
        ཁྱོད་ནི་བདེ་ཞིང་སྐྱིད་པར།།
        བདག་གིས་སྨོན་པ་གཏོང་འདོད།།
       
        སློབ་གྲྭ་ཆེན་མོ་འགྲིམ་རྒྱུ།།
        ཁྱེད་ཀྱི་མདུན་ལམ་ཡིན་པས།།
        ཁྱེད་ཀྱི་རེ་མདུན་མཐའ་དག།
        འགྲུབ་པའི་སྨོན་པ་ངས་གཏོང་།།
       
        འདོར་ན་འདོད་དོན་ཐམས་ཅད།།
        བར་ཆད་མེད་པར་འགྲུབ་ཆེད།།
        ལྷ་སའི་ཇོ་བོའི་འདུན་ནས།།
        སྨོན་པ་བསྐྱར་དུ་བཏང་ཆོག།
 
        ཉི་མའི་དྲོད་ཁོལ་ཀློང་ནས།།
        མེ་ཏོག་ཞལ་ཁ་ཕྱེས་སོང་།།
        ཁྱེད་ཀྱི་བརྩེ་བ་དྲོད་མོའི།།
        བདག་གི་སེམས་པ་སྒུལ་སོང་།།
       
        ཡིད་སེམས་འཕྲོག་པའི་མེ་ཏོག།
        པདྨ་དཀར་པོ་ཡིན་ཀྱང་།།
        ཁྱེད་ཞལ་འཛུམ་གྱིས་ཁེངས་ན།།
        མེ་ཏོག་ལས་ཀྱང་མཛེས་པ།།
       
        རོང་བོ་དགུ་ཆུའི་འགྲམ་ནས།།
        སེམས་པ་ཁྱེད་ལ་འཁོར་ཡང་།།
        ལུས་སེམས་ཁ་ཐག་རིང་རྐྱེན།།
        ལས་སྐལ་མེད་པར་སྙམ་ཐལ།།
       
        སྐལ་བ་བསྐལ་བའི་བར་དུ།།
        ཁྱེད་དང་མཉམ་དུ་འཚོ་བའི།།
        སྐབས་ཞིག་མ་མཆིས་ན་འང་།།
        ཁྱེད་ཉིད་སེམས་པས་མི་བརྗེད།།
                              ༢༠༡༡.༠༦.༢༨ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་ཐག་རིང་བའི་སེམས་ཀྱི་གཡང་དཀར་མཚོ།

2011-07-31 མང་རའི་རབ་ཆུང་། ཀློག་གྲངས། མཆན ཡོད།

         ཕ་ཡུལ་རྒྱང་ནས་བཞག་སྟེ།།
        རྒྱང་རིང་ས་མཐའི་ཡུལ་ན།།
        རིག་པའི་གནས་ལ་འབད་པའི།།
        སེམས་ཀྱི་གཡང་དཀར་མཚོ་མོ།།
       
        ལས་དབང་འཁོར་ཕྱོགས་ཞིག་གིས།།
        དྲ་རྒྱའི་སྐུད་ལམ་བར་ནས།།
        རླུང་བུ་རྒྱུ་ཕྱོགས་ཞིག་གིས།།
        བརྩེ་བར་མདུད་པ་མཐུད་སོང་།།
       
        51པར་ཁུག་ནང་ནས།།
        ཁྱེད་ཀྱི་འདྲ་རིས་མཐོང་དུས།།
        ཅང་མེད་ཅོལ་ཆུང་སེམས་པ།།
        དབང་མེད་ཁྱོད་རྗེས་སྙེགས་སོང་།།
       
        སྙིང་གི་གཡང་དཀར་མཚོ་མོ།།
        བརྩེ་བ་ཁྱེད་ལ་བཅོལ་ཡང་།།
        ལང་ཚོའི་བདག་པོ་མིན་པའི།།
        སེམས་ཀྱི་སྡུག་བསྔལ་དགུ་བརྩེགས།།
       
        ཁྱེད་ལ་བརྩེ་བ་སྦྱིན་པའི།།
        ལས་སྐལ་ང་ལ་མེད་ཀྱང།།
        སྙིང་གཏམ་ཤུབ་ཤུབ་བཤད་པའི།།
        སྐལ་བ་སྐུད་ལམ་ཡིན་ཆོག།
 
        སྙན་ཞིང་འཇེབས་པའི་གླུ་ལ།།
        ཉན་འདོད་ཁྱོད་རང་སྤྲོ་བས།།
        ངག་བདེ་ངག་སྙན་མིན་ཡང་།།
        བལྟ་བ་ང་ཡིས་བྱས་ཆོག།
 
        ད་ནི་རྒྱང་རིང་ཡུལ་ནས།།
        དྲན་པའི་གདུང་བ་ཁུར་བཞིན།།
        ཁྱོད་ནི་བདེ་ཞིང་སྐྱིད་པར།།
        བདག་གིས་སྨོན་པ་གཏོང་འདོད།།
       
        སློབ་གྲྭ་ཆེན་མོ་འགྲིམ་རྒྱུ།།
        ཁྱེད་ཀྱི་མདུན་ལམ་ཡིན་པས།།
        ཁྱེད་ཀྱི་རེ་མདུན་མཐའ་དག།
        འགྲུབ་པའི་སྨོན་པ་ངས་གཏོང་།།
       
        འདོར་ན་འདོད་དོན་ཐམས་ཅད།།
        བར་ཆད་མེད་པར་འགྲུབ་ཆེད།།
        ལྷ་སའི་ཇོ་བོའི་འདུན་ནས།།
        སྨོན་པ་བསྐྱར་དུ་བཏང་ཆོག།
 
        ཉི་མའི་དྲོད་ཁོལ་ཀློང་ནས།།
        མེ་ཏོག་ཞལ་ཁ་ཕྱེས་སོང་།།
        ཁྱེད་ཀྱི་བརྩེ་བ་དྲོད་མོའི།།
        བདག་གི་སེམས་པ་སྒུལ་སོང་།།
       
        ཡིད་སེམས་འཕྲོག་པའི་མེ་ཏོག།
        པདྨ་དཀར་པོ་ཡིན་ཀྱང་།།
        ཁྱེད་ཞལ་འཛུམ་གྱིས་ཁེངས་ན།།
        མེ་ཏོག་ལས་ཀྱང་མཛེས་པ།།
       
        རོང་བོ་དགུ་ཆུའི་འགྲམ་ནས།།
        སེམས་པ་ཁྱེད་ལ་འཁོར་ཡང་།།
        ལུས་སེམས་ཁ་ཐག་རིང་རྐྱེན།།
        ལས་སྐལ་མེད་པར་སྙམ་ཐལ།།
       
        སྐལ་བ་བསྐལ་བའི་བར་དུ།།
        ཁྱེད་དང་མཉམ་དུ་འཚོ་བའི།།
        སྐབས་ཞིག་མ་མཆིས་ན་འང་།།
        ཁྱེད་ཉིད་སེམས་པས་མི་བརྗེད།།
                              ༢༠༡༡.༠༦.༢༨ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།