ལོ་ལོ་མ་ངུ་གཉིད་ལ་སྡོད།

ཨ་ཚོགས་མཁས་བཙུན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-07-25

                   __སེང་རྡོར་ལ།
   
     ༼ཁ་གདམས་ཚིག་དགུ་མ༽
             ༡
ལོ་ལོ་མ་ངུ་གཉིད་ལ་སྡོད།།
སྡོད་དང་ཁོ་བོས་གླུ་ཞིག་ལེན།།
ཁྱོད་ཀྱི་མིག་རྐྱག་ཕྱེ་རུང་ཡིན།།
ཁྱོད་ཀྱི་བརྗོད་པ་ལྡ་ལྡི་རེད།།
ཁྱོད་ཀྱི་གོམ་པ་ཕྱ་ཕྱོར་ཏེ།།
ཀྱ་ཙེ་གོམ་ཙེ་འདའ་ར་ར།།

ལོ་ལོ་མ་ངུ་གཉིད་ལ་སྡོད།།
སྡོད་དང་ཁོ་བོས་གླུ་ཞིག་ལེན།།
མི་མང་གྲལ་དུ་ཁ་མ་སྔ།།
མགར་བའི་ཁོལ་ཁར་ལག་མ་སྔ།།
ཤེས་མ་ཤེས་ཀྱི་གཏམ་མ་སྔ།།
མཐོང་ཚད་རེག་ཚད་ཁར་མ་སྔ།།
                   ༢
བུ་མ་ངུ་ཁོ་བོའི་གླུ་ལ་ཉོན་ཉོན་དང་འདྲ་མ་འདི་འདྲ་ཡོད།།
རྭ་རིང་ཡང་ཀུན་གྱི་ཚང་གཞུག་སྟེ་རྣ་ཐུང་ཡང་ཐོས་པ་རྭ་ལས་ཆེ།།
ལམ་ཨ་འཕྲང་དགུ་འཕྲང་ང་རང་བརྒྱུད་བརྒྱུད་རིང་མོ་ཁུག་པ་བཅོ་བརྒྱད་ཡོད།།
ལམ་ཉེན་ཁ་སྟག་ཉལ་སེང་ཉལ་ལ་ལམ་ཐོལ་བརྒལ་བྱ་དུས་གཟབ་གཟབ་བྱོས།།

ཟས་རོ་བརྒྱ་དྲི་བརྒྱ་སྣ་ཚོགས་པ་ཤིང་སིལ་ཏོག་ལོ་འབྲས་ར་མ་རིགས།།
རང་མྱོང་བ་ལྕེ་ཡི་ལན་མེད་ན་རང་རྟོག་ཚོད་བྱ་དུས་གཟབ་གཟབ་བྱོས།།

ཁམས་མོས་པ་མི་འདྲ་སྣ་ཚོགས་པ་རིག་བློ་སྟོབས་མཆོག་དམན་ར་མ་རིགས།།
ཉམས་རང་རྒྱུད་རང་ཚུལ་མ་ལོན་ན་དགུང་མཐོ་ཚད་དཔག་དུས་གཟབ་གཟབ་བྱོས།།
         
             ༼གསལ་འདེབས་ཐོས་གྲོལ་མ༽
                         ༡
སེང་རྡོར་མ་སྨྱོ་ལྷོད་ལ་བོབས་བོབས་དང་བར་དོའི་གསལ་འདེབས་ཡོད།།
ང་ངོ་ཁྱོད་ཀྱིས་ཤེས་མ་ཤེས་ང་ནི་ཨ་ཚོགས་མཁས་བཙུན་ཡིན།།
སྨྱོན་པའི་ནང་གི་ཡང་སྨྱོས་ཏེ་འཆལ་བ་ནང་གི་འཆལ་བོ་ཡིན།།
གཙང་སྨྱོན་རྟོགས་ཚད་ཞོལ་མ་ནས་འབྲུག་སྨྱོན་ཕོད་ཚོད་མ་རེག་ཙམ།།

གཙང་སྨྱོན་འབྲུག་སྨྱོན་དགེ་སྨྱོན་གསུམ་སྒང་བ་བོད་ཀྱི་སེང་ཆེན་གསུམ།།
ཁྱོད་དང་ང་དང་ཁྲམ་པ་གསུམ་ཁྱིམ་ཁ་རུ་སྐོར་བར་གྱི་རྒྱ་ལི་གསུམ།།
སྨྱོས་བུ་སྨྱོན་མར་ཁྲུག་ཁྲུག་དཔེ་ལ་རྒྱུས་ལུང་རབས་ཁོ་བོར་གསལ།།
སྨྱོན་པའི་སྨྱོན་པ་གདོང་ཐུག་ལ་སྨྱོ་ལ་ལ་དྭངས་པའི་རྟེན་འབྲེལ་ཡོད།།

སྨྱོ་འདྲ་འདྲ་ནང་ནས་མི་འདྲ་བ་སྨྱོ་རང་ཤ་གཅོད་པ་དེ་འདྲ་མིན།།
བུ་འདྲ་འདྲའི་ནང་ནས་མི་འདྲ་བ་མི་ལབ་སྤྲེལ་འཁྲབ་བྱེད་པ་དེ་འདྲ་མིན།།
སྟག་འདྲ་འདྲའི་ནང་ནས་མི་འདྲ་བ་སྟག་སྒོ་ཁྱིར་སོང་བ་དེ་འདྲ་མིན།།
ཁྱི་འདྲ་འདྲའི་ནང་ནས་མི་འདྲ་བ་ཁྱི་སྐྱུག་རོ་ཟ་བ་དེ་འདྲ་མིན།།

ཞེ་གནོང་སེམས་ལ་ཕོག་ཅིང་སེམས་སྣང་དགྲ་རུ་སྡང་བ་དེ་འདྲ་མིན།།
ཞེ་རྩིས་ཞེ་ལ་བཅངས་ཏེ་རྒྱབ་ཁལ་ཨེ་ལོང་རྩོམ་པ་དེ་འདྲ་མིན།།
ཁ་ཡི་བཤད་པ་བཞེངས་ཏེ་ལག་གི་ལེན་པ་བླུག་པ་དེ་འདྲ་མིན།།
ཀླད་རྒྱ་སྙིང་སྐྱི་ངར་ཏེ་བྱ་ཚོད་ཕོད་ཚོད་ཐལ་བ་དེ་འདྲ་མིན།།

བུ་ཁྱོད་འདྲ་ང་འདྲ་རྒོད་མའི་བུ་ལའང་ཡོད་རིགས་གཅིག་ཁྱུ་གཅིག་གཏོགས་པའི་ངོ་སོ་ཡོད་།།
བུ་སྟག་འདྲ་ཁོ་འདྲ་འུ་གཉིས་འདྲ་བོ་མིན་འུ་གཉིས་རྐང་གཉིས་བཙུགས་པའི་མི་གཟུགས་ཙམ།།
                  
མིན་ལུགས་ལུགས་ཀྱི་དག་ཕུད་དེ་ཡིན་ལུགས་ལུགས་ཀྱི་བདེན་བདར་ན།།
ཡོད་དམ་སྙམ་པའི་འདི་སྣང་ནས་མེད་དམ་སྙམ་པའི་ངང་ལ་ཤོར།།
ཡོད་མེད་གཉིས་ཀྱི་སོ་མཚམས་ནས་སྨྲ་བ་ལྐུགས་པའི་སྐྱེས་བུ་ཡིན།།

སྐྱིད་སྐྱིད་འདྲ་བའི་གོ་ཁ་ནས་སྡུག་སྡུག་འདྲ་བའི་ངུ་ལ་ཤོར།།
སྐྱིད་སྡུག་གཉིས་ཀྱི་སོ་མཚམས་ནས་རེག་ཚོར་ཆད་པའི་སྐྱེས་བུ་ཡིན།།
ཡས་བབས་དགའ་བཞིས་ཀི་བསང་བསང་མས་བརྟན་ལྡོག་བཞིས་་ལྷང་ལྷང་།།
ཀི་ཧུ་གཉིས་ཀྱི་སོ་མཚམས་ནས་ངང་ལ་བརྒྱལ་བའི་སྐྱེས་བུ་ཡིན།།

གཞི་གང་མ་སྐྱེས་གཉུག་མའི་ཆོས་ཀྱི་དབྱིངས་ལམ་གང་མ་བཅོས་རང་བྱུང་ཡེ་ཤེས་སྐུ།།
བྱ་རྩོལ་བརྗོད་པ་བྲལ་བའི་གཉུག་མའི་ངང་སྒོ་གསུམ་དབྱིངས་ལ་དྭངས་པའི་སྐྱེས་བུ་ཡིན།།
          ཨ་མདོའི་སྐད་དུ་གསལ་བའི་དོན།
                                               ༢
སྒང་བ་བོད་དེ་རྒྱབ་དཔུང་ཆུང་སྟེ་དམ་པའི་ཆོས་འདི་ཉམས་རེས་དམའ།།
ཁ་ཡི་འགྲོ་ཕྱོགས་ཅི་བས་རྒོལ་ཅིང་ལག་གི་བདེ་ཕྱོགས་དེ་བས་རྩུབ།།
ཇག་པས་ཚོད་མེད་བླངས་པའི་ཁ་ལ་རོགས་པས་ཚོད་མེད་ཐུབ་པའི་དཔེ།།
སྲིད་པའི་ལུགས་ལ་སྲིད་ཅིང་སྲིད་དེ་སྲིད་པ་མིག་མཐོང་ལག་ཟིན་མིན་ནམ།།

མི་ལ་རས་ཆེན་ཙག་གིས་མིན་ཡང་སེང་རྡོར་སྨྱོན་པའི་ཚིག་གིས་ཐུབ་ཐལ།།
རྩག་ཕུ་དགེ་བཤེས་དུག་གི་སྟེང་ལ་སེང་རྡོར་དགེ་བོས་དཔའ་ཤོམ་རྒོད་ཐལ།།
མཁས་མང་བརྒྱ་ཡིས་མ་ཐུབ་བུ་དེ་བླུན་པོ་གཅིག་གིས་ད་ཐེངས་ཐེབས་ཐལ།།
གྲལ་མགོར་གཉང་②བའི་གྲགས་པ་ཐོབ་ཐབས་སེང་རྡོར་སྨྱོན་པས་ད་ཐེངས་སྤྱད་ཐལ།།
                              ①ཨ་མདོའི་སྐད་དུ་གསལ་བའི་དོན། ཨ་མདོའི་ཁ་སྐད་དེ་གྲང་ངར་གྱི་དོན།  ②སྐྱགས་པ་བཏང་བ།
དྲང་སྲོང་མིག་གིས་སྲིང་མོར་སྒྲོལ་འདོད་རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས་ཐལ།།
སེང་གེ་རྡོ་རྗེས་དགེ་བོར་འབུད་ཡུས་ཤ་ཐོན་རུས་ཐོན་གནམ་ཐོན་བྱས་ཐལ།།
ཕྱོགས་དུང་ཕྱོགས་ལས་རྣམ་པར་རྒྱལ་བའི་སྟངས་ཀ་གཤོག་ཐོགས་ཅིག་གིས་བྱས་ཐལ།།
ཕྱོགས་དུང་རྒོད་པོའི་སྟངས་ཀ་མ་ཡོང་མིག་སྟོན་ས་སྟོན་གནམ་སྟོན་བྱས་ཐལ།།
                              
                         ༼སྐྱོན་སེལ་མཛུབ་ཚུགས་མ༽
                                 ༡
ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དངོས་གཉེན་གྱི་རིག་པ་བརྒྱད་ཁྲི་བཞི་སྟོང་མ་གོ་བར།།
ཤོག་སྣག་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གི་རྩིས་ལ་ཞིབ་པ་ཁོམ་ལོང་ཅན་གྱི་མི།།
བཀྱེད་ཅིང་བལྟོས་པའི་ཧ་བ་གངས་འདྲ་མིན་བཏུད་ཅིང་བསྙེན་པའི་རྫ་ཁོག་སྐམ་པོ་སྟེ།།
ལུང་གི་དོན་ལ་ན་རྐོང་སྦལ་བ་སྟེ་རིགས་པའི་གཞུང་ལ་ཁྭ་དང་མདའ་ཡི་དཔེ།།

ཉན་ཐོས་དགྲ་བཅོམ་བྱང་སེམས་ལ་སོགས་པ་མཚན་དུ་གསོལ་ཅིང་མ་གསོལ་ཅི་ཡང་རུང་།།
སྔོན་གྱི་དཔྱད་ཆས་ཕོངས་པའི་མཁས་རྣམས་ཀྱི་མཁས་བརྒྱ་འགྲན་གླེང་མེ་ཏོག་མཉམ་བཞད་ཚལ།།
དེང་འདིར་གླེང་འགེལ་འཐེན་འཁྱེར་འཁྲུག་ལོང་དུ་མཐོང་བའི་སེར་སྣང་ཅན་ལ་ཅི་ཆ་ཡོད།།
སྔོན་གྱི་སྤྲི་ཞག་འཁོར་བ་འོ་མའི་མཚོ་དེང་གི་ཁྲག་དྲི་འཐིལ་བ་རྣག་གི་རྫོབ།།

སངས་རྒྱས་འདས་མ་ཐག་པའི་བཀའ་བསྡུ་དང་མི་ལོ་སུམ་བརྒྱའི་རྗེས་ཀྱི་བཀའ་བསྡུ་གཉིས།།
གཅིག་ཏུ་འཁྲུལ་ཏེ་ཀྲི་ཀྲིའི་རྨི་ལྟོས་ཀྱིས་སྐྱོན་མང་གཏོང་བ་གཅིན་པ་གནམ་གཏོར་སྟེ།།
དགེ་འདུན་སྡེ་བ་བཅོ་བརྒྱད་དབྱེན་འདུམ་ཙམ་ཐེག་པ་སྤྱི་ཡི་བཀའ་བསྡུར་འཁྲུལ་བའི་གནོང་།།
ཉེ་བའི་སྲས་བརྒྱད་མི་རུ་མ་ཡོང་བར་ཐེག་ཆེན་བཀའ་བསྡུ་རྣ་བར་མ་ཐོས་སྐྱོན།།

ཉན་ཐོས་སློབ་མའི་དོན་དང་ཐེག་པའི་དོན་སྦྱིན་དང་སྦྱིན་པའི་ཕར་ཕྱིན་མ་ཕྱེ་བ།།
ཉ་དང་ཉུང་མ་བསྲེས་པའི་རྣམ་ཐར་ཏེ་བླུན་པོ་མགུ་བ་སྐྱེད་པའི་ཤོབ་རྫུན་མཁན།།

བདེན་དང་སྡོམ་བཞིའི་ཆོས་ཚུལ་གསུངས་བཞིན་ཏུ་སྟོང་ཉིད་མ་གསུངས་པ་ཞིག་ཅང་སྲིད་དམ།།
བདག་མེད་རྒྱུག་ཆུ་དྲངས་པའི་ཤུལ་ལམ་ལ་སྟོང་ཉིད་ཡུར་བ་ཡོང་བ་མི་གོའམ།།

གདུལ་བྱའི་ཁམས་དང་དབང་བོ་མོས་པ་ལ་བསྟུན་ཚད་མཁས་པའི་གདུལ་བྱའི་བཀྲི་རིམ་དེ།།
ཐུབ་པ་ཆེན་པོ་དེ་ཡིས་སློབ་འཁོར་ལ་དཔེ་ཁྱུད་ཕྱོགས་ལྷུང་བགྱིས་་པར་སྨྲ་ཁམ་པ།།
ཨ་མ་གླེན་མས་བུ་ཕྲུག་གསོ་བ་སྟེ་རང་གའི་དཔེ་སྤྱི་ཙམ་ཡང་མ་ངེས་སྐྱོན།།

དྲང་ངེས་དགོངས་དང་ལྡེམ་དགོངས་མི་འདོད་ན་བཤད་ས་བུ་མོ་ཉན་ས་མནའ་མ་མེད།།
ལོ་གསུམ་ལོ་བཞིའི་བུ་ཆུང་གཉོར་ཐབས་བྲལ་ཁྱོད་འདྲ་ང་འདྲའི་སྨྱོན་པ་སྐྱོབ་ཐབས་མེད།།

སངས་རྒྱས་ཉིད་དང་སློབ་འཁོར་མི་ཡིན་པ་ཀུན་གྱིས་ཤེས་བཞིན་རང་གིས་བརྗོད་བཞིན་དུ།།
མི་ཡི་བྱ་སྤྱོད་ཀྱིས་ནི་སྐྱོན་འདོགས་པ་ཀླད་འཁྱོམ་མི་བཞིན་ནང་འགལ་ལྟག་ཆོད་སྐྱོན།།

ཀླུ་སྒྲུབ་གདེངས་ཅན་ཡུལ་དུ་མ་སོང་ན་ཤེར་ཕྱིན་འབུམ་པ་ག་ལ་བདེན།།
གདེངས་ཅན་ཆུ་འོག་ཉ་སྲམ་དངོས་ཡིན་ན་སེང་རྡོར་སྨྱོན་པ་ག་ལ་བདེན།།
གདེངས་ཅན་ཆུ་ཡིས་མ་བསྣུབས་ས་སྟེང་ན་དགའ་ལྡན་མཁའ་རུ་མ་འཕགས་རང་གནས་ན།།
གདེངས་ཅན་ཡུལ་སོགས་ཡུལ་གྱི་བྱེ་བྲག་པར་སངས་རྒྱས་དངོས་ཀྱིས་མདོ་མང་དག་ན་གསུངས།།

སངས་རྒྱས་ཐམས་ཅན་མཁྱེན་པར་སྒྲུབ་བྱེད་དུ་པོ་ཏི་རྒྱབ་ཁལ་ཅི་ལོངས་གཏོང་བ་དེ།།
སྔོན་གྱི་རྒྱ་བོད་ལོ་པཎ་ལུགས་ལ་མིན་དེང་གི་སྨྱོན་པ་ལ་ལའི་རིགས་ཚུལ་ཡིན།།

སངས་རྒྱས་བཀའ་དེ་ཡུལ་དུས་རྫས་གསུམ་གྱིས་འགལ་བའི་འགལ་བའི་ཕུང་བོར་བསྟན་ན་ཡང་།།
རྫས་ཀྱི་འགལ་བའི་དཔེ་ལ་སྲོང་བཙན་གྱི་ཕྱག་ཏུ་ཁ་པར་བཞག་པ་ལྟ་བུ་ཡི།།
དོན་ལ་འབྲེལ་བ་མེད་པའི་དོན་གཞན་གྱི་དཔེ་ལས་འགོད་རྒྱུས་འཕངས་པའི་རྣམ་འགྱུར་དེ།།
ཟ་བྱེད་འདྲེ་དེ་ཤར་སྒོར་ཡོད་བཞིན་དུ་བཟའ་བྱའི་གཏོ་དེ་ནུབ་ཏུ་འཕངས་པའི་དཔེ།།

རྒྱལ་བའི་བཀའ་ལ་རྣམ་གསུམ་སྔར་ནས་ཕྱེ་ཁང་དཀར་ཁྱེད་གཉིས་གསར་བཤད་ཡིན་མདོག་མེད།།
ཐུབ་ཆེན་བདག་ཉིད་ཆེན་པོའི་བཀའ་ཉིད་ལ་སངས་རྒྱས་དངོས་ཀྱིས་གསུངས་པས་མ་ཁྱབ་པའི།།
ཆོས་གྲྭའི་ཁྱབ་མཐའ་ཙམ་ཡང་མ་ངེས་པར་རིགས་པ་སྨྲ་བར་རློམ་པ་དུས་ཀྱིས་ཉེས།།

ནོར་མཆོག་གཅིག་ལག་གཉིས་བརྒྱུད་གནའ་དེང་ཀུན་མར་མེ་གཅིག་ལས་གཉིས་མཆེད་ཁྲི་མ་འབུམ།།
མཆོག་ཟུང་གཉིས་དང་བསྟན་པའི་གཏད་རབས་བདུན་ཉེ་སྲས་བརྒྱད་སོགས་ཕན་ཚུན་གཅིག་ལ་གཅིག།།
གཏད་ཅིང་བརྒྱུད་པའི་བསྟན་སྲོལ་ཉི་ཟླའི་གཟིར་འཕྱ་ཞིང་དགོད་པ་ཁྭ་དང་འུག་པའི་ལས།།
འཐོར་འཁྲུག་འཆོལ་གསུམ་སྲིད་པའི་གཤིས་ལུགས་ལ་ཞུགས་པ་འཛམ་གླིང་ཐུན་མོང་ཀུན་གྱི་ལུགས།།
དེ་ཀུན་དག་སྒྲིག་བཀའ་བསྡུ་མི་རུང་བ་སེང་རྡོར་སྨྱོན་པ་སློབ་འཁོར་བཅས་པའི་ལུགས།།

ཉེ་བའི་རྒྱུས་ལས་རིང་གི་རྒྱུས་ཆེ་བའི་ང་དང་ཁོ་ཡི་རང་གཤིས་ཁྱོད་ཀྱིས་བརྗོད།།
ཉེ་བའི་ཉམས་ལས་རིང་གི་ཉམས་ལོན་པའི་ཁྱོད་དང་ཁྱོད་ཀྱི་རང་ཉམས་ཀུན་ལ་བསྟན།།
དེ་ནི་རང་སྐྱོན་རི་འདྲ་ཕར་ནང་ན་གཞན་སྐྱོན་ཁབ་སྣེས་འཚོལ་བའི་རྣམ་ཐར་ཡིན།།

སངས་རྒྱས་སྐུ་ལ་འོད་ནི་འདོམ་གང་བ་འཕྲོ་བའི་རབས་ལ་ཁྲེལ་དགོད་མི་ཤོང་གི།།
མའོ་ཡི་ལུས་ནས་འོད་ཟེར་སྟོང་འཕྲོ་བ་བྲིས་པའི་ལུགས་དེ་བཏང་སྙོམས་འཇོག་ལུགས་ཀྱིས།།
དེང་གི་དུས་འདིར་རྒྱབ་ཤ་གང་ཆེ་ལ་ར་སུག་ལུག་ལ་སྦྱོར་བའི་རྣམ་ཐར་མང་།།

ཁ་མང་མཐུན་པའི་མི་ཚོགས་ཕར་བསྐྲད་དེ་ཁ་མང་མཐུན་པའི་སྤྱང་ཚོགས་དར་ལ་རེ།།
ཁ་མང་མཐུན་པའི་བླུན་པོ་ཇེ་མང་ནས་ཁ་མང་མཐུན་པའི་སྨྱོན་པ་ཇེ་རྒོད་རེད།།

སྲིད་པའི་ཆགས་སྡང་རལ་ཁ་དགུ་སྒྲིག་ཉེ་རིང་བར་ཁྱད་ཤ་ཐོན་རུས་ཐོན།།
ཆོས་ཀྱི་ངོ་བོ་ཞི་བ་བདུད་རྩི་ཕྱོགས་མེད་བཏང་སྙོམས་ཅི་ཡོང་གང་ཡོང་།།
སྲིད་ཀྱི་རྩུབ་ངོ་ཆོས་ཀྱིས་སྦྱོང་ཞིང་ཆོས་ཀྱི་འཇམ་ཤ་སྲིད་ཀྱིས་འདོན་པ།།
འཇིག་རྟེན་རྫུན་ངོ་ཆོས་ཀྱིས་སེལ་ཅིང་ཆོས་ཀྱི་ཐལ་ཆ་སྲིད་ཀྱིས་འགོག་ན།།
ཆོས་སྲིད་ཕན་ཚུན་སྤང་འགལ་དངོས་འགལ་འདོད་པའི་ལུགས་ངན་ཀླ་ཀློའི་ཤུལ་ལམ་།།
དམ་པའི་ཆོས་ཚུལ་རིག་པར་འདོད་བཞིན་དམ་ཆོས་མིའི་ཆོས་གཤིས་ལ་གྲུབ་བཞིན།།
དམ་ཆོས་མི་ཆོས་ཁ་ཁ་གཏོང་བ་ཁ་ཁོང་གཅིག་གི་ལྕེ་གཅིག་མཚེ་མ།།

དོན་མེད་བྱུང་རྒྱལ་སྨྱོན་པའི་ཀི་འདྲ་འདྲ་མདོ་མེད་འཆལ་གཏམ་ཇག་པའི་ངག་འདྲ་འདྲ།།
དེ་དང་དེ་འདྲ་འགལ་བའི་ཕུང་བོ་སྟེ་ཚིག་གི་འཕྲུལ་ལ་སུ་ཡང་ངལ་བའི་རྒྱུ།།
དོན་གྱི་རི་ལ་ཚིག་གི་མཛུབ་ཀེར་ཙམ་སྐྱོན་གྱི་ཚེར་མར་ཁབ་གྱི་ནུས་པ་རྫོགས།།
རྡོ་ཡི་འཆང་བུར་ནོར་བུའི་ལན་སློག་པ་ལན་ལ་རེ་ནན་ཆེ་བའི་ངོ་སོ་ཡིན།།
                              ༢
ཁྱོད་དང་ང་དང་ཀུན་ལ་མི་ཕོངས་ཀི་ཁྱི་དང་ཕག་གི་བདེ་དགའི་སྦྱོར་བ་དེ།།
སྲང་ལམ་བཞི་མདོ་དག་ན་མི་དཀོན་ཀི་ང་བཅས་ཀུན་ལ་ངོམ་རི་ཨེ་འདུག་གི།
བདེ་བའི་ཉམས་ལ་སྟོང་བའི་རྩལ་ཞུགས་ཀི་བདེ་ཆེན་མྱོང་བ་རང་གྲོལ་བདུད་རྩིའི་བཅུད།།
ལྕགས་ཀྱི་སྲོག་ལ་དོན་གྱི་སྟོབས་རྫོགས་ཀི་སེང་གེ་དཀར་མོའི་འོ་མའི་སྣོད་ལས་མིན།།

ཁྱོད་དང་ང་དང་ཀུན་ལ་མི་ཕོངས་ཀི་རྟ་དང་བོང་བུའི་རྩེ་དགའི་རྣམ་འགྱུར་དེ།།
ལ་ལུང་ཞིང་ཁའི་བར་ན་མི་དཀོན་ཀི་ང་བཅས་ཀུན་ལ་ངོམ་རི་ཨེ་འདུག་གི།།
སྣང་བའི་འཛུམ་ལ་སྟོང་བའི་བདེན་ཞུགས་ཀི་སྣང་སྟོང་བརྗོད་པ་བྲལ་བའི་ཡེ་ཤེས་སྐུ།།
ལྕགས་ཀྱི་མི་ལ་རྣོ་ཡི་ངར་དྲངས་པའི་འཛམ་གླིང་ཉི་མ་ལ་ལས་སྤྱོད་སྒོ་ཡིན།།

ཁྱོད་དང་ང་དང་ཀུན་ལ་མི་ཕོངས་ཀི་ཁྭ་ཏའི་སྐད་དང་འུག་པའི་ལས་ལོག་དེ།།
སྒར་དང་དགོན་གྲོང་དག་ན་མི་དཀོན་ཀི་ང་བཅས་ཀུན་ལ་ངོམ་རི་ཨེ་འདུག་གི།།
གསེར་གྱི་རི་ལ་ཉི་མའི་སྲོག་ཞུགས་ཀི་ཁྱུང་གི་བུ་ལ་རླུང་གི་གཤོག་ཐོགས་ལ།།
སྐྱག་པའི་སྟེང་དང་སྐྱུག་པའི་འདབས་ཉུལ་བའི་སྦྲང་ནག་སྲིན་འབུ་དག་གིས་ཅི་ཆ་ཡོད།།

རྒོད་པོའི་བུ་ཡིས་གནམ་འཕང་སྟོད་ལུགས་དེ་སྤུ་གྲི་རླུང་གིས་མི་ཟིན་ཡིན་ལུགས་ཤིག།།
རྒྱ་གར་དམ་པ་ཆང་གིས་ར་བཟི་ཡང་དོན་དམ་དམ་པ་རླུང་ལ་མི་བསྐུར་དཔེ།།
མཁས་པའི་ལེགས་པར་བཤད་པའི་སྐྱེས་དེ་ལ་རང་གི་ཤ་ནས་བཅད་ཀྱང་སྦྱིན་པའི་དཔེ།།
ཇི་འདྲ་ཇི་འདྲའི་ལོག་པར་བཤད་པ་ལ་དེ་འདྲ་དེ་འདྲའི་ལན་གྱིས་ལྡོག་པ་དགོས།།

སྨྱོན་པའི་ཁ་དང་རུལ་མའི་སྣོད་སློག་པའི་ངལ་བ་དོན་གྱིས་སྟོང་བའི་གྲས་ནི་མིན།།
འོན་ཀྱང་རྒོད་པོས་རྒོད་པོར་ཐུར་འཇོག་གིས་ཉམ་ཆུང་བུ་ལ་གཉའ་འཇོག་ཆེས་དྲགས་པས།།
ཡིན་མིན་ལུགས་ཀྱི་རྣམ་བཞག་རྒྱ་བསྐྱེད་དེ་དོན་གྱིས་གོ་བར་འགྱུར་བའི་བརྡ་ཡང་བསྟན།།
གླེན་པ་ཨུ་ཚུགས་ལྕགས་ཀྱི་གདོང་ཅན་ལ་རྒྱལ་བའི་བཀའ་ལས་དབྱུག་པ་བྲིན་པའང་ཡོད།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་ལོ་མ་ངུ་གཉིད་ལ་སྡོད།

2011-07-25 ཨ་ཚོགས་མཁས་བཙུན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།