ཁྱེད་ཀྱི་གྲིབ་མས་དཀྲོགས་པ།


ཁྲུས་ཀྱི་དག་པ་མེ་ལོང་རྡུལ་ཡང་འཕྱོར་སྒེག་མཛེས་མས་སོར་མོའི་གར་གྱིས་རྩོལ་བ་བཞིན །།
ཆུ་སྐྱེས་བླ་དག་འོད་ཟེར་མུན་པ་གཅིག་དུ་བསྡུས་ཏེ་མི་སྡུག་རོ་སྨད་བརླན་དུ་སྦངས །།
དེ་ཚེ་རྨི་ལམ་སྒྲོམ་དུ་སྦས་པའི་སྙིང་གི་དགའ་མ་བདག་མིག་བུང་བས་རྙེད་གྱུར་ན །།
མི་ཡིས་བསྔགས་པའི་མེ་ཏོག་དག་ནི་སྐྱེངས་བའི་འདབས་མ་ཀེམ་ཀེམ་གཡོ་བར་སོམ་ཉི་ཅི །།

དྲན་པ་བསྐྲུན་པའི་འཇའ་ཚོན་ལུས་ཅན་སྤྱན་ཆར་ཟགས་པའི་རྒྱབ་དུ་རི་མོ་འབུས་པ་ནི །།
ཆུ་བོ་སྐམ་པའི་ཉ་མོའི་ཚོགས་རྣམས་རྡོ་འདམ་གྱོང་བའི་ཉི་མའི་ཚལ་དུ་ལྷུང་བ་ལས །།
དཔེ་བཞིན་སྐྱོ་བ་སུན་ལ་མ་སེམས་བདེ་བའི་ཚོར་བར་དྲག་དུ་བཞད་པའི་ཉམས་ལ་སྒོམ །།
གང་ལྟར་དགའ་མའི་གྲིབ་མ་འཇམ་པོས་ལུས་ཀྱི་རུས་གཟེབ་རླུང་ལ་སྐམ་པའི་ལྭ་བར་བསྒྱུར །།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱེད་ཀྱི་གྲིབ་མས་དཀྲོགས་པ།

2011-07-25 ཚྭ། ཀློག་གྲངས། མཆན ཡོད།


ཁྲུས་ཀྱི་དག་པ་མེ་ལོང་རྡུལ་ཡང་འཕྱོར་སྒེག་མཛེས་མས་སོར་མོའི་གར་གྱིས་རྩོལ་བ་བཞིན །།
ཆུ་སྐྱེས་བླ་དག་འོད་ཟེར་མུན་པ་གཅིག་དུ་བསྡུས་ཏེ་མི་སྡུག་རོ་སྨད་བརླན་དུ་སྦངས །།
དེ་ཚེ་རྨི་ལམ་སྒྲོམ་དུ་སྦས་པའི་སྙིང་གི་དགའ་མ་བདག་མིག་བུང་བས་རྙེད་གྱུར་ན །།
མི་ཡིས་བསྔགས་པའི་མེ་ཏོག་དག་ནི་སྐྱེངས་བའི་འདབས་མ་ཀེམ་ཀེམ་གཡོ་བར་སོམ་ཉི་ཅི །།

དྲན་པ་བསྐྲུན་པའི་འཇའ་ཚོན་ལུས་ཅན་སྤྱན་ཆར་ཟགས་པའི་རྒྱབ་དུ་རི་མོ་འབུས་པ་ནི །།
ཆུ་བོ་སྐམ་པའི་ཉ་མོའི་ཚོགས་རྣམས་རྡོ་འདམ་གྱོང་བའི་ཉི་མའི་ཚལ་དུ་ལྷུང་བ་ལས །།
དཔེ་བཞིན་སྐྱོ་བ་སུན་ལ་མ་སེམས་བདེ་བའི་ཚོར་བར་དྲག་དུ་བཞད་པའི་ཉམས་ལ་སྒོམ །།
གང་ལྟར་དགའ་མའི་གྲིབ་མ་འཇམ་པོས་ལུས་ཀྱི་རུས་གཟེབ་རླུང་ལ་སྐམ་པའི་ལྭ་བར་བསྒྱུར །།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།