ཆ་མི་མཉམ་པའི་འཇིག་རྟེན་གྱིས་བྱིན་པའི་གདུང་དབྱངས།

དྷཱི་ཚ་སྦྱིན་པ་དར་རྒྱས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-02-10

དྲན་པའི་རླུང་བུ་དལ་གྱིས་ཕྱིར་ཕྱིར་དུ་གཡུགས་པས།།
སེམས་ཀྱི་མཁའ་ལ་བཀྲ་བའི་ནག་ནག་གི་ཆུ་འཛིན།།
དལ་མེད་དྲག་ཏུ་ནམ་ཡང་ཟབ་ཟབ་ཏུ་འཕྱུར་བས།།
བུ་ཆུང་བདག་ལ་སྤྲོ་བའི་གནས་སྐབས་ཤིག་མེད་སོང༌།།

ལྷ་ལམ་ཡངས་པོར་བགྲོད་པའི་རབ་དཀར་གྱི་ཆུ་འཛིན།།
རྣོ་ངར་བདུད་ཀྱི་རླུང་གིས་ཕྱོགས་ཕྱོགས་སུ་སྟོར་བས།།
ཆུང་ནས་འདྲིས་པའི་སྙིང་སྡུག་གྲོགས་མཆོག་གི་ཕྱོགས་ལ།།
བུ་ཆུང་བདག་ལ་བདེ་བའི་ཞེ་བློ་ཞིག་མེད་སོང༌།།

དབྱར་གྱི་མཛེས་པ་བདོ་བའི་མེ་ཏོག་གི་ལང་ཚོ།།
དྲག་པོ་གནམ་ལྕགས་སེར་བོས་ཐལ་ཐལ་དུ་བཅོམ་པས།།
བུང་བ་བདག་ནི་མྱ་ངན་ཁུར་ཆེན་གྱིས་རྨས་པས།།
སྐྱོ་བའི་སྣང་བ་སངས་པའི་གོ་སྐབས་ཤིག་མེད་སོང༌།།

སྐྱོ་བའི་མིག་ཆུ་གདོང་ན་ལྷུག་ལྷུག་ཏུ་འཐོར་དུས།།
སྐྱིད་པའི་བཞུསག་ཁྲིར་རོལ་བའི་རྩེ་དགའ་ལ་གནས་པའི།།
སེམས་ཀྱི་དམར་པོ་བཅོལ་བའི་བརྩེ་སེམས་ཀྱི་བླ་མ།།
ཉམ་ཐག་བདག་ལ་རེ་བའི་ཕུགས་མདུན་ཞིག་སྐྱེས་སོང༌།།

གངས་ཀྱི་འདབ་མའི་མེ་ཏོག་བར་སྣང་ནས་འཕུར་བཞིན།།
དྲེ་མེད་དུང་གི་གོས་ཀྱིས་འཇིག་རྟེན་འདི་བཀླུབས་དུས།།
དཔལ་དང་སྟོབས་ཀྱི་ཁྲག་རྩ་འགོག་མེད་དུ་འཕྱུར་ཏེ།།
བུ་ཆུང་བདག་གི་འདྲེན་བྱེད་མཆི་མས་ནི་བཀང་སོང༌།།

རྔམ་ནག་དགུན་གྱི་བཙག་རླུང་འུར་འུར་དུ་གཡུག་པས།།
སྔོ་ལྗང་སེམས་པ་དྲོ་བའི་དཔྱིད་དཔལ་གྱི་བུ་མོ།།
ཡངས་པའི་རྒྱལ་ཁམས་འགྲིམས་ནས་སྡུག་རུས་ཀྱིས་བཙལ་ཡང༌།།
བུ་ཆུང་བདག་ལ་རྙེད་པའི་སྐལ་བ་ཞིག་མེད་སོང༌།།

དད་པ་སྟོང་གིས་སྨོན་ལམ་ཡང་ཡང་ནི་བཏབས་ཀྱང༌།།
འབྱམས་ཀླས་སྡུག་གི་རྒྱ་མཚོ་རྐང་འོག་ཏུ་ལྷུང་པས།།
གུས་རྟག་སྦྱོར་བའི་གཤོག་ཟུང་ཕྱི་ནང་དུ་བཀླུབས་ཀྱང༌།།
ལས་ངན་བུ་ཆུང་འདི་ལས་ཐར་དུས་ཤིག་མེད་སོང༌།།

སྐྱོ་བའི་དབྱངས་རྟ་མཐའ་བྲལ་མི་ཡུལ་ལ་བཏང་ཡང༌།།
འབྲས་མེད་སྙིང་གི་དབང་བོ་གང་ཞིག་ནས་གནས་སམ།།
སྟོང་བའི་མི་ཚེ་ཁྱོག་ཁྱོག་བར་མེད་དུ་འཁོར་བཞིན།།
རྒ་བའི་གཉེར་རིས་མང་པོ་ཚང་ཚིང་གིས་སླེབས་བྱུང༌།།

རྩོམ་ཁུངས། སེམས་ཀྱི་བཞུར་རྒྱུན།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆ་མི་མཉམ་པའི་འཇིག་རྟེན་གྱིས་བྱིན་པའི་གདུང་དབྱངས།

2011-02-10 དྷཱི་ཚ་སྦྱིན་པ་དར་རྒྱས། ཀློག་གྲངས། མཆན ཡོད།

དྲན་པའི་རླུང་བུ་དལ་གྱིས་ཕྱིར་ཕྱིར་དུ་གཡུགས་པས།།
སེམས་ཀྱི་མཁའ་ལ་བཀྲ་བའི་ནག་ནག་གི་ཆུ་འཛིན།།
དལ་མེད་དྲག་ཏུ་ནམ་ཡང་ཟབ་ཟབ་ཏུ་འཕྱུར་བས།།
བུ་ཆུང་བདག་ལ་སྤྲོ་བའི་གནས་སྐབས་ཤིག་མེད་སོང༌།།

ལྷ་ལམ་ཡངས་པོར་བགྲོད་པའི་རབ་དཀར་གྱི་ཆུ་འཛིན།།
རྣོ་ངར་བདུད་ཀྱི་རླུང་གིས་ཕྱོགས་ཕྱོགས་སུ་སྟོར་བས།།
ཆུང་ནས་འདྲིས་པའི་སྙིང་སྡུག་གྲོགས་མཆོག་གི་ཕྱོགས་ལ།།
བུ་ཆུང་བདག་ལ་བདེ་བའི་ཞེ་བློ་ཞིག་མེད་སོང༌།།

དབྱར་གྱི་མཛེས་པ་བདོ་བའི་མེ་ཏོག་གི་ལང་ཚོ།།
དྲག་པོ་གནམ་ལྕགས་སེར་བོས་ཐལ་ཐལ་དུ་བཅོམ་པས།།
བུང་བ་བདག་ནི་མྱ་ངན་ཁུར་ཆེན་གྱིས་རྨས་པས།།
སྐྱོ་བའི་སྣང་བ་སངས་པའི་གོ་སྐབས་ཤིག་མེད་སོང༌།།

སྐྱོ་བའི་མིག་ཆུ་གདོང་ན་ལྷུག་ལྷུག་ཏུ་འཐོར་དུས།།
སྐྱིད་པའི་བཞུསག་ཁྲིར་རོལ་བའི་རྩེ་དགའ་ལ་གནས་པའི།།
སེམས་ཀྱི་དམར་པོ་བཅོལ་བའི་བརྩེ་སེམས་ཀྱི་བླ་མ།།
ཉམ་ཐག་བདག་ལ་རེ་བའི་ཕུགས་མདུན་ཞིག་སྐྱེས་སོང༌།།

གངས་ཀྱི་འདབ་མའི་མེ་ཏོག་བར་སྣང་ནས་འཕུར་བཞིན།།
དྲེ་མེད་དུང་གི་གོས་ཀྱིས་འཇིག་རྟེན་འདི་བཀླུབས་དུས།།
དཔལ་དང་སྟོབས་ཀྱི་ཁྲག་རྩ་འགོག་མེད་དུ་འཕྱུར་ཏེ།།
བུ་ཆུང་བདག་གི་འདྲེན་བྱེད་མཆི་མས་ནི་བཀང་སོང༌།།

རྔམ་ནག་དགུན་གྱི་བཙག་རླུང་འུར་འུར་དུ་གཡུག་པས།།
སྔོ་ལྗང་སེམས་པ་དྲོ་བའི་དཔྱིད་དཔལ་གྱི་བུ་མོ།།
ཡངས་པའི་རྒྱལ་ཁམས་འགྲིམས་ནས་སྡུག་རུས་ཀྱིས་བཙལ་ཡང༌།།
བུ་ཆུང་བདག་ལ་རྙེད་པའི་སྐལ་བ་ཞིག་མེད་སོང༌།།

དད་པ་སྟོང་གིས་སྨོན་ལམ་ཡང་ཡང་ནི་བཏབས་ཀྱང༌།།
འབྱམས་ཀླས་སྡུག་གི་རྒྱ་མཚོ་རྐང་འོག་ཏུ་ལྷུང་པས།།
གུས་རྟག་སྦྱོར་བའི་གཤོག་ཟུང་ཕྱི་ནང་དུ་བཀླུབས་ཀྱང༌།།
ལས་ངན་བུ་ཆུང་འདི་ལས་ཐར་དུས་ཤིག་མེད་སོང༌།།

སྐྱོ་བའི་དབྱངས་རྟ་མཐའ་བྲལ་མི་ཡུལ་ལ་བཏང་ཡང༌།།
འབྲས་མེད་སྙིང་གི་དབང་བོ་གང་ཞིག་ནས་གནས་སམ།།
སྟོང་བའི་མི་ཚེ་ཁྱོག་ཁྱོག་བར་མེད་དུ་འཁོར་བཞིན།།
རྒ་བའི་གཉེར་རིས་མང་པོ་ཚང་ཚིང་གིས་སླེབས་བྱུང༌།།

རྩོམ་ཁུངས། སེམས་ཀྱི་བཞུར་རྒྱུན།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།