བཀྲ་ཤིས་རྟགས་བརྒྱད་ལ་སྦྱར་བའི་ཤིས་ཚིག་པད་དཀར་ཆུན་པོ་།

རྫ་ཤུལ་བློ་བཟང་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-12-24

རྣ༵མ་དག་ཡིད་ཀྱི་ཟླ་ཤེལ་ཁར།།

རྣ༵མ་པར་རྩེན་པའི་དབྱངས་ཅན་མས།།

རྣ༵མ་བཀྲ་སྙན་ཚིག་ནོར་བུའི་མཆོག།།

རྣ༵མ་དཔྱོད་དར་བའི་སྐྱེས་སུ་སྩོལ།།

བསླབ་ཁྲིམས་ནོར་བུའི་ཏོག་མཛེས་པའི།།

སྡོམ་གསུམ་གོས་ཀྱི་ཤམ་བུ་ཅན།།

རིམ་གཉིས་ཕྱག་གིས་འཁྲི་ཤིང་གིས།།

རྒྱལ་བསྟན་གདུ༵གས་དཀ༵ར་བསྒྲེང་གྱུར་ཅིག།།

ཤེས་རིག་འོ་མཚོའི་ཀློང་ཡངས་ལས།།

ཐབས་ཤེས་གཤོག་ཟུང་ལྡེམ་པ་ཡི།།

རྣམ་དཔྱོད་དར་བབས་གསེ༵ར་གྱི་ཉ༵།།

འཁྱུག་འགྲོས་གར་ལ་རོལ་གྱུར་ཅིག།།

སྔོན་མཁས་ལེགས་བཤད་གངྒའི་རྒྱུན།།

བཅུད་དུ་རྫོགས་པའི་བུམ༵་བཟ༵ང་ལས།།

འཛད་མེད་མན་ངག་བདུད་རྩིའི་ཆབ།།

ལུས་ཅན་གདུང་བ་སེལ་གྱུར་ཅིག།།

རྒྱལ་བསྟན་པ༵ད་མ༵འི་དགའ་ཚལ་ལ།།

རེ་བའི་མཁས་གྲུབ་བུང་ཚོགས་ཀྱིས།།

གསེར་མདོག་ཅོད་པན་འཆང་བའི་སྡེ།།

རྫོགས་ལྡན་དཔལ་ལ་འགོད་གྱུར་ཅིག།།

ཆོས་ཕུང་བརྒྱད་ཁྲིའི་ཡང་སྙིང་ཀུན།།

སྟོབས་སུ་དྲངས་པའི་མཁས་གྲུབ་ཀྱི།།

གྲགས་པ་སྙན་པའི་དུ༵ང་དཀ༵ར་དབྱངས།།

སྲིད་པའི་ཁྱོན་ལས་བརྒལ་གྱུར་ཅིག།།

མཁས་དབང་རྒྱུ་སྐར་ཕྲེང་ཚོགས་དབུས།།

རྒྱལ་བསྟན་འཛིན་པའི་བཤེས་གཉེན་གྱི།།

ཞལ་གསུང་བདུད་རྩིའི་འོད་དཀར་རླབས།།

སྙིང་གི་དཔ༵ལ་བེ༵འུར་སིམ་གྱུར་ཅིག།།

ཕྱག་ན་པད་མོའི་ཐབས་འཕྲུལ་ལས།།

བྱམས་ལྡན་གདོང་དམར་བོད་རྣམས་ཀྱི།།

འགྱུར་མེད་དད་གསུམ་གཙང་མའི་རིས།།

རྒྱ༵ལ་མཚ༵ན་ཏོག་ལྟར་བརྟན་གྱུར་ཅིག།།

བསོད་ནམས་མརྒད་ཞུན་མའི་ལྟོར།།

ལུགས་གཉིས་གསེ༵རའཁོ༵ར་རྩིབས་སྟོང་ཅན།།

མི་དབང་ཐུགས་འཕྲུལ་གྱིས་བསྒྱུར་བས།།

སྡེ་བཞིའི་མངའ་ཐང་རྒྱས་གྱུར་ཅིག།།

ཅེས་བཀྲ་ཤིས་རྟགས་བརྒྱད་ལ་སྦྱར་བའི་ཤིས་ཚིག་པད་དཀར་ཆུན་པོ་འདི་ནི། གངས་ལྗོངས་སྤྱིའི་ཆོས་སྲིད་རིག་གནས་རྣམས་ཉམས་པ་སླར་གསོ་དང་གནས་པ་གོང་འཕེལ་དུ་འགྲོ་བ་དང་། དེ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་སྐྱེས་བུ་དམ་པ་དག་གི་སྐུ་ཚེ་བརྟན་པ་དང་ཐུགས་བཞེད་མཐའ་དག་འགྲུབ་པའི་ཐབས་ལ་དམིགས་ཁུལ་གྱིས་བྲིས་སོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བཀྲ་ཤིས་རྟགས་བརྒྱད་ལ་སྦྱར་བའི་ཤིས་ཚིག་པད་དཀར་ཆུན་པོ་།

2010-12-24 རྫ་ཤུལ་བློ་བཟང་རྒྱ་མཚོ། ཀློག་གྲངས། མཆན ཡོད།

རྣ༵མ་དག་ཡིད་ཀྱི་ཟླ་ཤེལ་ཁར།།

རྣ༵མ་པར་རྩེན་པའི་དབྱངས་ཅན་མས།།

རྣ༵མ་བཀྲ་སྙན་ཚིག་ནོར་བུའི་མཆོག།།

རྣ༵མ་དཔྱོད་དར་བའི་སྐྱེས་སུ་སྩོལ།།

བསླབ་ཁྲིམས་ནོར་བུའི་ཏོག་མཛེས་པའི།།

སྡོམ་གསུམ་གོས་ཀྱི་ཤམ་བུ་ཅན།།

རིམ་གཉིས་ཕྱག་གིས་འཁྲི་ཤིང་གིས།།

རྒྱལ་བསྟན་གདུ༵གས་དཀ༵ར་བསྒྲེང་གྱུར་ཅིག།།

ཤེས་རིག་འོ་མཚོའི་ཀློང་ཡངས་ལས།།

ཐབས་ཤེས་གཤོག་ཟུང་ལྡེམ་པ་ཡི།།

རྣམ་དཔྱོད་དར་བབས་གསེ༵ར་གྱི་ཉ༵།།

འཁྱུག་འགྲོས་གར་ལ་རོལ་གྱུར་ཅིག།།

སྔོན་མཁས་ལེགས་བཤད་གངྒའི་རྒྱུན།།

བཅུད་དུ་རྫོགས་པའི་བུམ༵་བཟ༵ང་ལས།།

འཛད་མེད་མན་ངག་བདུད་རྩིའི་ཆབ།།

ལུས་ཅན་གདུང་བ་སེལ་གྱུར་ཅིག།།

རྒྱལ་བསྟན་པ༵ད་མ༵འི་དགའ་ཚལ་ལ།།

རེ་བའི་མཁས་གྲུབ་བུང་ཚོགས་ཀྱིས།།

གསེར་མདོག་ཅོད་པན་འཆང་བའི་སྡེ།།

རྫོགས་ལྡན་དཔལ་ལ་འགོད་གྱུར་ཅིག།།

ཆོས་ཕུང་བརྒྱད་ཁྲིའི་ཡང་སྙིང་ཀུན།།

སྟོབས་སུ་དྲངས་པའི་མཁས་གྲུབ་ཀྱི།།

གྲགས་པ་སྙན་པའི་དུ༵ང་དཀ༵ར་དབྱངས།།

སྲིད་པའི་ཁྱོན་ལས་བརྒལ་གྱུར་ཅིག།།

མཁས་དབང་རྒྱུ་སྐར་ཕྲེང་ཚོགས་དབུས།།

རྒྱལ་བསྟན་འཛིན་པའི་བཤེས་གཉེན་གྱི།།

ཞལ་གསུང་བདུད་རྩིའི་འོད་དཀར་རླབས།།

སྙིང་གི་དཔ༵ལ་བེ༵འུར་སིམ་གྱུར་ཅིག།།

ཕྱག་ན་པད་མོའི་ཐབས་འཕྲུལ་ལས།།

བྱམས་ལྡན་གདོང་དམར་བོད་རྣམས་ཀྱི།།

འགྱུར་མེད་དད་གསུམ་གཙང་མའི་རིས།།

རྒྱ༵ལ་མཚ༵ན་ཏོག་ལྟར་བརྟན་གྱུར་ཅིག།།

བསོད་ནམས་མརྒད་ཞུན་མའི་ལྟོར།།

ལུགས་གཉིས་གསེ༵རའཁོ༵ར་རྩིབས་སྟོང་ཅན།།

མི་དབང་ཐུགས་འཕྲུལ་གྱིས་བསྒྱུར་བས།།

སྡེ་བཞིའི་མངའ་ཐང་རྒྱས་གྱུར་ཅིག།།

ཅེས་བཀྲ་ཤིས་རྟགས་བརྒྱད་ལ་སྦྱར་བའི་ཤིས་ཚིག་པད་དཀར་ཆུན་པོ་འདི་ནི། གངས་ལྗོངས་སྤྱིའི་ཆོས་སྲིད་རིག་གནས་རྣམས་ཉམས་པ་སླར་གསོ་དང་གནས་པ་གོང་འཕེལ་དུ་འགྲོ་བ་དང་། དེ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་སྐྱེས་བུ་དམ་པ་དག་གི་སྐུ་ཚེ་བརྟན་པ་དང་ཐུགས་བཞེད་མཐའ་དག་འགྲུབ་པའི་ཐབས་ལ་དམིགས་ཁུལ་གྱིས་བྲིས་སོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།