དོན་གྲུབ་རྒྱལ་ལ་ཕུལ་བའི་གཏམ་མེ་ཏོག་གངས་ལྷའི་རང་མདངས།

ཨ་སྔགས་ཚེ་རིང་བཀྲ་ཤིས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-12-20

ངོ་མཚར་མཛད་པ་ཀུན་གསལ་མཐོངས་ལ་ཟ།།
ལེགས་བཤད་ག་བུར་འདོད་འཇོ་ཀུན་གྱི་ཕུལ།།
འཆད་རྩོམ་འཛུམ་ཟེར་ཡལ་མེད་དགོད་པ་ཅན།།
ཞབས་རྡུལ་དུས་མཐའི་དཔལ་དུ་ལྷམ་མེ་བ།།

ཁ་བའི་རྡུལ་མང་བརྩེགས་པས་ཡོངས་བསྐོར་བའི།།
གནས་ཀྱི་སྦུབས་ལས་གྲོལ་བའི་སྟེང་འཐུང་དཀར།།
མི་མཐུན་འབྱུང་ཆེན་གཡུལ་ནས་འཚར་ལོངས་བས།།
མི་མཉམ་གསོན་སྟོབས་གཟི་དཔལ་གཞན་ལས་འཕགས།།

བདག་བློ་མཁའ་གླིང་སྟོབས་པོ་གླལ་བ་ཡིས།།
ཀུན་ནས་འབྱུང་ལྔ་བསྡེབས་པའི་དབྱར་སྐྱེས་རྔ༌།།
མདོངས་ལྡན་སྙན་དབང་བདུད་རྩིར་སྒྲུབ་པའི་ཕྱིར།།
སྒྲོ་ལྡན་སོར་མོའི་གུར་ཁྱིམ་གར་ལ་ཞུགས།།

དྭངས་དྭངས་སེམས་ཀྱི་མེ་ལོང་གཙང་མའི་ངོས།།
གསལ་གསལ་ཤེས་བྱའི་སྣང་བརྙན་འབུམ་འཆར་ཕྱིར།།
ཡང་ཡང་གུས་རྟག་བརྩོན་པའི་འཇུག་པ་དེས།།
མང་མང་བསྟོད་པའི་རྣམ་གྲངས་ཅི་ཡང་འབྱོར།།

ལོ་ན་ཕྲ་ཡང་ཤེས་རིག་འབྲས་བུས་དུད།།
ཁོར་ཡུག་ཞན་ཡང་སྙིང་སྟོབས་དྲི་བསུང་འཐུལ།།
ཀུན་དང་འདྲ་ཡང་གོ་རྟོགས་གཞན་ལས་འཕགས།།
ངོ་མཚར་ས་བརྟོལ་ལྗོན་འདི་ཨེ་མ་རྨད།།

ཚོགས་གསུམ་རྗོད་བྱེད་ལུང་གི་སྒྲ་སྙན་འབྱིན།།
བརྗོད་བྱའི་དོན་བཟང་གསེར་གྱི་བྱེ་མ་འདྲེན།།
རྩོམ་རྩལ་ལེགས་པའི་ལང་ཚོ་རབ་ཏུ་བདོ།།
འགྲོ་བའི་དྲི་མ་སེལ་མཛད་ཟླ་གཞོན་བཞིན།།

མཁས་རྒུའི་ཡིད་དབང་ཟླ་བ་སྐྱེངས་བྱེད་པའི།།
གསར་སྐྱེས་འཆར་ཁའི་གཟི་མདངས་བཀྲ་བ་ཡིས།།
རྨོངས་མུན་སྨག་གི་དྲི་མ་སེལ་བ་བཞིན།།
འབོད་རྩོམ་ཞོགས་པའི་སྐྱ་རེངས་ཐོག་མར་ཤར།།

ཞིམ་ཞིམ་རྣམ་དཔྱོད་སྒེག་མོའི་འགྲམ་ཆང་གིས།།
ལྷུག་ལྷུག་གྲོལ་མཛད་རྒྱལ་སྲིད་སྣ་བདུན་གྱི།།
ལེགས་བཤད་བ་ཀུ་ལ་ཡི་མཛེས་པ་རུ།།
རྐང་དྲུག་མཆུ་སྒྲོས་སྦྱོར་བའི་བྲེལ་བ་རྩོམ།།

འདས་ཟིན་ལྐོག་གྱུར་གཏམ་རྣམས་གནད་གཅིག་ཏུ།།
གྲོལ་སླད་ཙི་ནའི་ཡུལ་གྱི་ཡིག་ཚང་ལས།།
གཟིམས་པའི་ཐུ་བྷོད་བྱུང་རབས་འོད་པོ་ཆེ།།
སྒྲ་བསྒྱུར་རྟ་ལྗང་འགྲོས་ཀྱིས་ལེགས་པར་དྲངས།།

ལྗན་ལྗིན་ཕྱོགས་ལྷུང་འདམ་གྱིས་མ་གོས་པ།།
དཔྱད་གསུམ་རྩ་ལག་ཡོན་པོར་མ་སོང་བའི།།
ཁྲི་སྲོང་མཛད་རྣམ་པད་མོའི་དྲི་བསུང་གིས།།
རིས་མེད་བུང་བ་གཞོན་ནུ་མགྲོན་དུ་བཀུག།

རང་རིགས་ཞེན་པའི་འོ་མཚོ་བསྲུབས་པ་ལས།།
བཏོན་པའི་མགུར་གླུའི་ལོ་རྒྱུས་ཁྱད་ཆོས་ཞེས།།
གྲགས་པའི་ཆེད་རྩོམ་རིན་ཐང་འོད་དཀར་གྱིས།།
ཟོལ་སྦྱོར་རྩོམ་གྱི་པད་མོའི་ཁེངས་པ་བསྙིལ།།

སྔོན་མེད་སྙན་རྩོམ་ལང་ཚོའི་རྦབ་ཆུ་ཉིད།།
གངས་ལྗོངས་རྩོམ་རིག་ལྡུམ་རར་དྲངས་པའི་མོད།།
མཛེས་སྡུག་རྩོམ་གྱི་འདབ་བརྒྱ་གཅིག་རྗེས་གཉིས།།
གསར་བཞད་ངོམ་པའི་ཚུལ་བཟང་ཨེ་མ་ཧོ།།

ཀྱེ་ཀྱེ་རྩོམ་ཚུལ་ལེགས་པ་འདི་འདྲ་སྔོན།།
མིག་དབང་ལོངས་སུ་མ་སྤྱོད་སྙན་ཁུང་ཡང༌།།
ལྷུང་མེད་འདི་ཅི་ཕྱོགས་ཀྱི་་ཁེངས་ལྡན་དག།
ཕན་ཚུན་འདྲི་དང་ལན་གྱི་ཅ་ཅོ་སྒྲོག།

མྱོང་གྲུབ་གསང་བ་ཟབ་མོའི་གནད་རློམ་པའི།།
དེང་ཆ་སྤྲུལ་རྫུན་ཟོག་པོའི་སྤྱོད་ངན་དག།
རྣག་རུལ་རྡོག་པོ་ཁབ་ཀྱིས་གཏར་བ་བཞིན།།
ལྐོག་གྱུར་དྲི་དང་ཡོངས་སུ་འབྱིན་པར་བྱས།།

མཁས་མཆོག་གང་གི་ལེགས་བྱས་འོད་སྣང་འབུམ།།
ཤེས་ལྡན་ཚལ་དུ་རིངས་པར་འཁྱུད་པའི་མོད།།
ཕྱོགས་ཞེན་ཀུ་མུད་འཛུམ་བཞད་སུམ་གྱུར་བས།།
གཟུར་གནས་སྦྲང་རྩིའི་གཉེན་ཀུན་མདངས་ཀྱིས་བརྒྱན།།

ཚང་ཚིང་ཡལ་འདབ་རྒྱས་པའི་གར་སྟེགས་ན།།
སྡེབ་ལེགས་མཚོ་སྔོན་པོ་ཡི་གླུ་ཚིག་དག།
མགྲིན་བཟང་དཔྱིད་ཀྱི་རྒྱལ་མོ་ཡོངས་མགུ་བས།།
དབྱངས་ཅན་སྙེམས་པའི་གྲེ་འགྱུར་ཕྱོགས་སུ་སྦྲོན།།

ཨུ་ཚུགས་རྐང་ལམ་ཕྲ་མོའི་རྒྱུན་བཅད་དེ།།
སྟོབས་ལྡན་རིག་པའི་མདའ་གཞུའི་འཕྲུལ་འཁོར་གྱིས།།
མདངས་ལྡན་ཕྱོགས་ཞེན་རྩིག་པ་དུམ་བཀྲུམས་ནས།།
དགའ་མ་སཱི་ཏ་ལམ་ཡངས་འབྱོར་བར་བྱས།།

མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས།།
ད་ལྟའི་ཚབ་བྱེད་མི་རུང་བདེན་དོན་དེས།།
རང་རློམ་ཚང་ཚིང་ཕུང་པོ་དུས་གཅིག་ཏུ།།
མ་ལུས་བསྐལ་ཆེན་ཞུགས་པའི་སྤུན་དུ་གྱུར།།

སྲོལ་རྒྱུན་རིག་པའི་བདུད་རྩིས་ལུས་སྟོབས་རྒྱས།།
སྣ་ཚོགས་གསར་རིག་དྲ་བའི་གདོང་ཡོངས་མཛེས།།
སྐྱེས་ཐོབ་ཆོས་ཀུན་འབྱེད་པའི་མཆེ་བ་རྣོ།།
སྔོན་ཐོན་གཡར་དམ་ཀུར་ལྕིའི་ས་སྲུང་རྨད།།

གང་གི་སྙན་པའི་རྩོམ་གྱི་སྒྱུ་རྩལ་དང༌།།
ཚིག་གི་སྙན་ཆ་བསྡེབས་པའི་འཕྲུལ་དེ་ལ།།
དྲེགས་པའི་སྙན་ཚིག་མཁན་པོ་དཎ་ཌི་ཉིད།།
རེ་ཞིག་མི་སྨྲའི་བརྟུལ་ཞུགས་ལྷུར་ལེན་བྱས།།

བསིལ་ལྡན་རྩོམ་རིག་ཀླུང་དུ་ཕན་དང་བདེའི།།
དགེ་ལེགས་རླབས་ཕྲེང་དགུང་དུ་འཕྱུར་བ་དེར།།
ཡི་རངས་འཛུམ་པའི་ཟླ་འོད་བྲན་གྱུར་རུང༌།།
ཁ་ཅིག་ཕྲག་དོག་རྡུལ་གྱི་འཚུབ་མ་འཐོར།།

ཚུལ་དེ་མུག་ཅིང་སྐྱོ་གདུང་དུབ་པའི་ངང༌།།
ཞལ་རིས་མི་མངོན་འཇིག་རྟེན་ཅིག་ཤོས་སུ།།
གཤེགས་པའི་གཏམ་ངན་ཕྱོགས་བཞིར་བཀྲམ་དང་ལྷན།།
མྱ་ངན་ལྡིར་སྒྲས་ནོར་འཛིན་འདར་བར་བྱས།།

མི་མོས་རྐྱེན་ངན་རླུང་འཚུབ་གཡོ་བ་ཡིས།།
གཅེས་པའི་ཚེ་སྲོག་ཉིན་བྱེད་སྒྲིབ་བྱས་ཀྱང༌།།
རེ་ལྟོས་འཇམ་ཆར་བསིལ་མ་ཟིམ་ཟིམ་དུ།།
འབབ་པའི་གཡེར་ཆེན་རྫ་རྔ་ལྡིར་ལྡིར་གྱུར།།

རྨད་བྱུང་དབྱར་སྐྱེས་རྔ་གསང་ལེགས་དཀྲོལ་མས།།
འབྱམས་ཀླས་མགྲིན་སྔོན་བརྟན་པ་ཅིག་ཅར་འཕྲོག།
མཛེས་སྡུག་རྩོམ་རིག་གུར་ཁྱིམ་འཇའ་ཚོན་གྱིས།།
ཆབས་ཅིག་དབང་ཕྱུག་ཕྱག་ཟུང་སྟོང་པར་བྱས།།

མཆོག་གི་དོན་གཉིས་མཛད་འཕྲིན་ཆུ་ལས་སྐྱེ།།
རབ་དཀར་གཟི་མདངས་བཀྲ་བའི་དགེ་མཚན་རྣམས།།
རྒྱ་ཆེའི་རྐང་དྲུག་གཞོན་ནུས་ལྷུར་བླངས་ཏེ།།
ཤེས་རིག་ཀུན་དགའི་ཚལ་འདི་བརྒྱན་གྱུར་ཅིག།

རྩོམ་ཁུངས། སེམས་ཀྱི་བཞུར་རྒྱུན།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དོན་གྲུབ་རྒྱལ་ལ་ཕུལ་བའི་གཏམ་མེ་ཏོག་གངས་ལྷའི་རང་མདངས།

2010-12-20 ཨ་སྔགས་ཚེ་རིང་བཀྲ་ཤིས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།