ཕྲག་དོག་ཀློང་གི་སེམས་བསྐྱེད།

མིག་ཟུང་རྒྱང་རིང་ཡུལ་ལ་གཏད་པས་རྐང་བ་ལམ་གྱི་རྡོ་ལ་ཐོགས།།
མུ་མེད་བྱང་ཐང་ཡུན་རིང་འགྲིམས་ནས་རི་སྤྱང་སྔོན་མོའི་ངང་ཚུལ་བཟུང༌།།
གངས་ཅན་བོད་མིའི་བདེ་སྡུག་བསམ་བཞིན་གམ་གྱི་མཛའ་མོ་གཞན་ལ་ཤོར།།
སྐྱོ་བའི་ལོ་ཟླ་རིམ་གྱིས་འདས་པས་རྒ་བའི་གཉེར་མ་གདོང་ལ་བརྩེགས།།

ཤ་དང་རུས་པ་བོད་ནས་མཆེད་པས་བོད་མིའི་རིགས་རྒྱུད་གླེང་དགོས་སྙམ།།
དོན་ལྔ་སྣོད་དྲུག་བོད་དང་འབྲེལ་བས་བོད་མིའི་ལ་རྒྱ་འཛིན་དགོས་སྙམ།།
སེམས་དང་བསམ་པ་བོད་ལ་འཁོར་བས་བོད་མིའི་སྐད་ཡིག་སྦྱངས་དགོས་སྙམ།།
བསམ་བཞིན་བསམ་བཞིན་མིག་ཟུང་བགྲད་དེ་ཉི་མ་རེ་རེ་དལ་བུར་འདས།།

མི་ཆེན་མང་པོའི་རང་མཚང་བརྟོལ་བས་དཔོན་ཆེན་མིག་གི་ཚེར་མ་ཡིན།།
མི་རིགས་ལ་རྒྱ་གླེང་བ་མང་བས་གངས་ཅན་བོད་མིའི་ཉེས་ཅན་ཡིན།།
སྨྱུ་གུའི་རྩེ་མོ་ཅི་དགར་གཡུག་པས་མང་ཚོགས་མང་པོའི་ཁ་སྣར་ཕོག།
ཝ་དང་སྤྱང་ཀ་ཁྱི་མོ་གསུམ་གྱིས་ང་ལ་ནམ་ཡང་འཇབ་རྒོལ་བྱེད།།

ཆུ་མོ་ལུག་གི་ལོ་སར་བསུས་ནས་ཕོ་ལོ་ཉེར་ལྔའི་སྒོ་ཐེམ་བརྒལ།།
མི་ཚེ་ཞིག་གི་ཕྱེད་ཀ་ཚར་ནས་བགྲང་བྱ་ཉེར་ལྔའི་འཁོར་ལོ་འདས།།
ཉམ་ཆུང་ཕྱི་མིག་ཐེངས་ཤིག་འཕེན་དུས་བཤུལ་ལམ་ཆང་བཟི་སྨྱོན་པ་འདྲ།།
མ་འོངས་ཕྱོགས་ལ་རྒྱང་བལྟ་བྱེད་དུས་བདག་གི་འགྲོ་ལམ་ཀྱག་ཀྱོག་ལྡན།།

རྒྱབ་ན་སྐྱོང་བའི་ཕ་ཞིག་མེད་པས་མི་ཡུལ་ཁམས་ཀྱི་དྭ་ཕྲུག་ཡིན།།
གམ་ན་སྐྱོར་བའི་གྲོགས་ཤིག་མེད་པས་ཁ་བ་ཅན་གྱི་འཁྱམ་པོ་ཡིན།།
ཁྱིམ་ན་བརྩེ་བའི་ཆུང་མ་མེད་པས་གངས་ལྗོངས་ཡུལ་གྱི་མི་རྐྱང་ཡིན།།
ཨ་སྔོན་གནམ་འདི་གོས་སུ་གྱོན་ནས་དོག་མོ་ས་ལ་གནས་ཚང་བཅོས།།

རེ་བ་རུམ་གང་རྒྱབ་ཏུ་ཁུར་ཏེ་དུས་རབས་གསར་བའི་ལམ་ལ་ཆས།།
འཁོར་བའི་འདབ་ལ་རྐང་བ་མ་ཟུག་རང་གི་སྤོབས་པས་མདུན་ལ་བསྐྱོད།།
ཕྲག་དོག་མདའ་མོ་འགའ་རེ་བབས་ནས་དོན་ལྔ་རྒྱལ་བོ་ཡར་ལ་བཞེངས།།
དབྱེན་དང་ཕྲ་མའི་རླུང་ནག་འཚུབ་མས་མིག་གི་རྒྱལ་མོའི་རྒྱུ་ལམ་འགོག།

འགྲོ་བར་བསམ་ན་འགྲོ་ཡང་མི་ནུས་མདུན་ན་དགྲ་ཡི་སྐུང་ཚོགས་ཤིག།
འདུག་པར་བསམ་ན་འདུག་ཡང་མི་ནུས་འཁོར་བ་སྦྲུལ་གྱི་དུག་ཚང་ཞིག།
རིག་གནས་སློབ་གསོའི་སྐྱེ་རྒྱུན་ཆད་པས་ཁ་བ་ཅན་གྱི་མདུན་ལྗོངས་དཀོན།།
སྐད་དང་ཡི་གེ་ཕངས་མེད་དོར་བས་ཁ་བ་ཅན་གྱི་མ་འོངས་དཀོན།།

བསམ་བློ་གྱོང་བོ་བཅོས་སྒྱུར་མེད་པའི་ངང་ཚུལ་མཐོང་ན་ཡིད་རེ་མུག།
རྟ་ནོར་ལུག་གསུམ་ཞབས་ཞུ་སྒྲུབ་པའི་ལས་ཀ་མཐོང་ན་ཞེ་རེ་སྨྲེང༌།།
རིག་གནས་སློབ་གསོ་དམ་འཛིན་མ་བྱས་ཡན་པར་བཏང་ན་སེམས་རེ་སྡུག།
སེམས་རེ་སྡུག་བཞིན་རྩོམ་རེ་བྲིས་ན་རང་གི་རིགས་ལ་ཨེ་ཕན་སྙམ།།
                                                                        ༣༠༠༣. ༢. ༦

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྲག་དོག་ཀློང་གི་སེམས་བསྐྱེད།

2010-10-26 བོང་སྟག་རི་ལུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།