སྒྲ་དབྱངས་ལྷ་མོའི་བསྟོད་པ་བྱིན་རླབས་འཇོ་བའི་སྦྲང་ཆར།

རྫ་ཤུལ་བློ་བཟང༌། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-10-19

ཚོགས་གཉིས་འོ་མཚོའི་རླབས་ཕྲེང་འཕྱོ་བ་ཡི།།
སྟོང་ལྡན་པད་མ་ཟླ་བའི་གདན་དཀར་དབུས།།
བརྒྱད་ཟུང་ལང་ཚོ་བརྟས་པའི་ཡིད་འཕྲོག་མ།།
མ་གཡེལ་དྲན་པ་ཙམ་གྱིས་དུས་ཀུན་སྐྱོངས།།

གནག་སྣུམ་སྐྲ་ལོ་མཛེས་སྡུག་བཀྲ་བའི་རྩེར།།
ཟླ་བྱེད་རིན་ཆེན་མདངས་བཟང་སྣ་ལྔ་ཡིས།།
ཕྲ་ཚོམ་བཏབ་པའི་སྒེག་ལྡན་ཚངས་སྲས་མ།།
འཛད་མེད་ངག་གི་དངོས་གྲུབ་སྦྱིན་པར་མཛོད།།

རབ་དཀར་མུ་ཏིག་ཞུན་མའི་ལེ་ལོང་ངོར།།
སྨིན་ལེགས་འཁྲི་ཤིང་སྡུག་གུར་བཀྲ་བ་ཡི།།
མཁུར་ཚོས་བིམ་པའི་མེ་ཏོག་འཛུམ་པ་ཅན།།
དབྱངས་ལྡན་ལྷ་མོས་ཤེས་རབ་སྣང་བ་སྩོལ།།

དབྱིབས་ལེགས་སྙན་ཟུང་གཡས་འཁྱིལ་དུང་ཟླ་ལ།།
མདོག་བཟང་རིན་བྲལ་གསེར་གྱི་རྣ་ཆ་སྦྲན།།
ཨུཏྤལ་ཟུར་མིག་གཡོ་བའི་བརྩེ་ལྡན་མས།།
ཤེས་རིག་ནོར་བུའི་སྦྲང་ཆར་ལྷུག་པོར་སྩོལ།།

འདོད་པའི་མྱོས་བུམ་ཁུར་གྱིས་དུད་པ་ཡི།།
ངུར་བའི་འགྲོས་ལྡན་ཟླ་སྲིང་ལུས་ཕྲ་མས།།
འགག་མེད་ཡན་ལག་དྲུག་ཅུ་འཇེབས་པའི་དབྱངས།།
མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྒྱན་དུ་སྩོལ།།

དྲི་བྲལ་བདག་སྙིང་འདབ་བརྒྱ་བཞད་པའི་ལྟོར།།
དཀར་གསལ་ལང་ཚོ་དཔལ་རྫོགས་མཚོ་བྱུང་མ།།
ལན་གཅིག་ཙམ་མིན་ཉིན་མཚན་དུས་ཀུན་ཏུ།།
བསྟེན་ནོ་ཐུགས་རྗེས་གཟིགས་པ་ལྷོད་མེད་ཞུ།།

དམིགས་མེད་བརྩེ་བ་ཆེན་པོའི་དབྱིངས་རུམ་ནས།།
མཐའ་མེད་འཁོར་བར་གཟིགས་པའི་དབྱངས་ཅན་མ།།
རིས་མེད་འགྲོ་ལ་མ་ལྟར་བརྩེ་བ་ཡིས།།
མགོན་མེད་ཉམ་ཐག་དབུགས་དབྱུང་མཛད་པར་ཤོག།

ལྷ་ཁྱོད་བརྩེ་བས་གཟིགས་པ་མི་ལྷོད་པར།།
པཱ་ར་མི་ཏཱའི་གཞུང་ལུགས་མཐའ་དག་ལ།།
ལ་འུར་སྦྱང་བའི་གོ་སྐབས་དམན་ན་ཡང༌།།
ཡང་དག་ལྟ་བའི་ལམ་སྣ་ཟིན་པར་ཤོག།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྲ་དབྱངས་ལྷ་མོའི་བསྟོད་པ་བྱིན་རླབས་འཇོ་བའི་སྦྲང་ཆར།

2010-10-19 རྫ་ཤུལ་བློ་བཟང༌། ཀློག་གྲངས། མཆན ཡོད།

ཚོགས་གཉིས་འོ་མཚོའི་རླབས་ཕྲེང་འཕྱོ་བ་ཡི།།
སྟོང་ལྡན་པད་མ་ཟླ་བའི་གདན་དཀར་དབུས།།
བརྒྱད་ཟུང་ལང་ཚོ་བརྟས་པའི་ཡིད་འཕྲོག་མ།།
མ་གཡེལ་དྲན་པ་ཙམ་གྱིས་དུས་ཀུན་སྐྱོངས།།

གནག་སྣུམ་སྐྲ་ལོ་མཛེས་སྡུག་བཀྲ་བའི་རྩེར།།
ཟླ་བྱེད་རིན་ཆེན་མདངས་བཟང་སྣ་ལྔ་ཡིས།།
ཕྲ་ཚོམ་བཏབ་པའི་སྒེག་ལྡན་ཚངས་སྲས་མ།།
འཛད་མེད་ངག་གི་དངོས་གྲུབ་སྦྱིན་པར་མཛོད།།

རབ་དཀར་མུ་ཏིག་ཞུན་མའི་ལེ་ལོང་ངོར།།
སྨིན་ལེགས་འཁྲི་ཤིང་སྡུག་གུར་བཀྲ་བ་ཡི།།
མཁུར་ཚོས་བིམ་པའི་མེ་ཏོག་འཛུམ་པ་ཅན།།
དབྱངས་ལྡན་ལྷ་མོས་ཤེས་རབ་སྣང་བ་སྩོལ།།

དབྱིབས་ལེགས་སྙན་ཟུང་གཡས་འཁྱིལ་དུང་ཟླ་ལ།།
མདོག་བཟང་རིན་བྲལ་གསེར་གྱི་རྣ་ཆ་སྦྲན།།
ཨུཏྤལ་ཟུར་མིག་གཡོ་བའི་བརྩེ་ལྡན་མས།།
ཤེས་རིག་ནོར་བུའི་སྦྲང་ཆར་ལྷུག་པོར་སྩོལ།།

འདོད་པའི་མྱོས་བུམ་ཁུར་གྱིས་དུད་པ་ཡི།།
ངུར་བའི་འགྲོས་ལྡན་ཟླ་སྲིང་ལུས་ཕྲ་མས།།
འགག་མེད་ཡན་ལག་དྲུག་ཅུ་འཇེབས་པའི་དབྱངས།།
མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྒྱན་དུ་སྩོལ།།

དྲི་བྲལ་བདག་སྙིང་འདབ་བརྒྱ་བཞད་པའི་ལྟོར།།
དཀར་གསལ་ལང་ཚོ་དཔལ་རྫོགས་མཚོ་བྱུང་མ།།
ལན་གཅིག་ཙམ་མིན་ཉིན་མཚན་དུས་ཀུན་ཏུ།།
བསྟེན་ནོ་ཐུགས་རྗེས་གཟིགས་པ་ལྷོད་མེད་ཞུ།།

དམིགས་མེད་བརྩེ་བ་ཆེན་པོའི་དབྱིངས་རུམ་ནས།།
མཐའ་མེད་འཁོར་བར་གཟིགས་པའི་དབྱངས་ཅན་མ།།
རིས་མེད་འགྲོ་ལ་མ་ལྟར་བརྩེ་བ་ཡིས།།
མགོན་མེད་ཉམ་ཐག་དབུགས་དབྱུང་མཛད་པར་ཤོག།

ལྷ་ཁྱོད་བརྩེ་བས་གཟིགས་པ་མི་ལྷོད་པར།།
པཱ་ར་མི་ཏཱའི་གཞུང་ལུགས་མཐའ་དག་ལ།།
ལ་འུར་སྦྱང་བའི་གོ་སྐབས་དམན་ན་ཡང༌།།
ཡང་དག་ལྟ་བའི་ལམ་སྣ་ཟིན་པར་ཤོག།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།