བསྔགས་བརྗོད་ཡིད་ཀྱི་མེ་ཏོག

ལྷ་ཆེན་རལ་བའི་མུ་ཁྱུད་བརྡོལ་ནས་ཤེས་བྱའི་གངྒཱ་ཀློང་དུ་འཕྱོ།།
སྟོབས་ལྡན་མིའུ་ཐུང་དཔུང་བས་མ་ཐེག་ལྔ་རིག་ལྷུན་པོ་ས་ལ་ལྷུང༌།།
དེའི་ཚེ་མགོན་ཁྱོད་ཐོལ་གྱིས་བཞེངས་ཏེ་གངས་དཀར་འཛིན་མའི་དཀྱིལ་འཁོར་དུ།།
མཐའ་དག་ཤེས་བྱའི་རི་མོ་མ་ལུས་མཁྱེན་རབ་པིར་རྩེ་གཅིག་གིས་བྲིས།།
དེ་སླད་ཁྱོད་ཡོན་པད་མའི་མཚོར།།
བདག་ཡིད་ངང་མོ་རབ་ཕྱོགས་ནས།།
རླབས་ཆེན་མཛད་འཕྲིན་ཆུ་གཏེར་ཆེར།།
བསྔགས་པ་བརྗོད་ལ་སྤྲོ་བ་སྐྱེས།།
འདབ་གཤོག་རྔ་ཡབ་བསྐྱོད་པ་ཡིས།།
མཁའ་ཡི་མཐའ་ནི་འཚོལ་བ་ལྟར།།
ངོ་མཚར་དམ་པའི་རྣམ་པར་ཐར།།
བདག་བློས་གཞལ་འདོད་ངལ་བའི་རྒྱུ།།
འོན་ཏང་ཁ་བའི་ལྷག་བསམ་གྱི།།
རླུང་གི་ཤུགས་འཆང་རྟ་བདུན་གྱིས།།
དྲངས་པའི་བསྟོད་ཚིག་འོད་སྟོང་ཅན།།
དད་པའི་བཞད་འདི་སུ་ཡིས་འགོག།
སྤྱི་མཐུན་ལས་ཀྱི་ཆུ་གཏེར་ཆེ།།
བསོད་ནམས་བརྒྱ་ཡིས་བསྲུབས་པ་ལས།།
གང་སྐུ་འཇིག་རྟེན་མིག་གཅིག་པུ།།
གངས་ལྗོངས་མཁའ་ཡི་རྒྱན་དུ་ཤར།།
ཟླ་མེད་རིགས་ཀྱི་མྱུ་གུ་དེ།།
བླང་དོར་འབྱེད་པའི་གྲོས་གསལ།།
ན་ཚོད་ཕྲ་མོའི་དུས་ནས་ཀྱང༌།།
རིག་པའི་སྣང་བ་གར་དུ་རྩེན།།
སྔོན་ནས་སེམས་བསྐྱེད་གོམས་པའི་མཐུས།།
གཞན་དོན་བྱེད་པའི་གོ་ཆ་བརྟན།།
ཤེས་བྱའི་རིག་དྭགས་ཡེར་མ་འབུམ།།
བློ་གྲོས་ཞགས་པ་གཅིག་གིས་བཅིངས།།
ཟླ་ཞལ་མིག་སྟོང་ལྡན་པ་ཡིས།།
འབིགས་བྱེད་གསེར་གྱི་ལྷུན་པོ་ཞིག།
གལ་ཏེ་ས་སྟེང་འདིར་རྙེད་ན།།
དེ་ནི་ཁྱོད་ཀྱི་དཔེ་རུ་འོས།།
ཕྱོགས་ཀྱི་རྒྱལ་བོའི་སྐྱེས་བཟང་དང༌།།
ལྷན་དུ་རང་རང་ཡི་གེ་འབྱོར།།
ཚུལ་དེས་བཙན་པོའི་དགོངས་པའི་ཀློང༌།།
རང་ལ་ཡི་གེ་མེད་པས་གནོང༌།།
ཐུགས་བསྐྱེད་དུས་ལ་བབས་པ་ཡིས།།
བཀའ་ལུང་བདུད་རྩིའི་གྲུ་ཆར་བྱོ།།
གང་ཁྱོད་ཡིད་ཀྱི་དཀྱིལ་འཁོར་དུ།།
མི་ཕྱེད་དམ་བཅའི་རི་མོ་བཀོད།།
བརྒྱ་ཕྲག་ངལ་བ་ཁྱད་བསད་ནས།།
འཕགས་ཡུལ་འཛིན་མ་རྡོག་པས་མནན།།
བགྲང་བྱ་བདུན་གྱི་ཁུགས་པ་རུ།།
ལེགས་བྱིན་བསམ་སྦྱོར་དག་པས་བསྟེན།།
གསལ་བྱེད་དབྱངས་ཀྱི་ང་རོའི་གདངས།།
བཅུ་ཕྲག་གསུམ་དུ་གཏན་ལ་ཕབ།།
རིག་བྱེད་ཐོག་མའི་བསྟོད་གླུ་ཡིས།།
རྒྱལ་བོ་དགྱེས་ནས་དད་ཕྱག་ཕུལ།།
མཁྱེན་རབ་སྤྲིན་དཀར་བརྩེགས་པའི་ཁྲིར།།
བརྡ་སྤྲོད་ཉིན་བྱེད་ལྷང་ངེར་གསལ།།
འཕྲིན་ལས་འོད་ཀྱི་ཐུར་མ་ཡིས།།
རྨོངས་པའི་མུན་ཚོགས་ཕ་མཐར་བསྐྲད།།
ཚུལ་དེར་མཐའ་དབུས་ནགས་ཚལ་དུ།།
སྤུ་སྡུག་འདབ་ཆགས་མཁའ་འགྲོ་རྣམས།།
བསིལ་ལྡན་ཞིང་ལ་བསྟོད་པའི་གླུ།།
དར་དིར་སྒྲ་ཡིས་འཛིན་མ་འགེངས།།
ལོག་སྨྲའི་ཝ་སྐྱེས་ཟིལ་གནོན་པའི།།
སྒྲ་སྦྱོར་གདོང་ལྔས་བཏེགས་པའི་ཁྲིར།།
འཕྲུལ་གྱིས་བསྐྲུན་པའི་གཞོན་ནུ་དེས།།
ཉིན་བྱེད་དབང་བོར་འཁྲུལ་ལ་སྟེར།།
ཆུ་འཛིན་བརྩེགས་པའི་བང་རིམ་ནས།།
གཡུ་འབྲུག་དར་མས་སྒྲ་དབྱངས་ཀྱིས།།
གངས་ལྗོངས་བསྟོད་བསྔགས་མཛད་པ་ལ།།
ལྷ་རྣམས་རམ་འདེགས་མེ་ཏོག་གཏོར།།
ཁྱོད་སྐུ་ཉིན་བྱེད་ཤར་བ་ན།།
བསིལ་ལྗོངས་ལྔ་ཟུང་རིག་པའི་གནས།།
སྤྱན་དཀྱུས་རིང་བའི་འདབ་མ་བཞིན།།
ས་སྟེང་འདི་ན་མཛེས་པར་བཞད།།
པད་ཚལ་གྱིས་ནི་བུང་བ་དང༌།།
འོད་དཀར་གྱིས་ནི་ཀུ་མུད་ཕྲེང༌།།
སྨིན་ལེགས་གཟུགས་ལ་ཡིད་སྲུབས་བཞིན།།
འདི་ཡིས་འགྲོ་བའི་ཡིད་རྣམས་འཛིན།།
རྒྱལ་བློན་འདུས་པའི་མདུན་ས་རུ།།
བློ་གྲོས་ལྡན་པ་ཁྱོད་ཀྱི་སྐུ།།
འཆི་མེད་ལམ་གྱི་སྐྱེད་ཚལ་དུ།།
རྒྱུ་སྐར་ཕྲེང་མཛེས་ཟླ་བ་བཞིན།།
མྱ་ངན་རི་བོས་སེམས་ལ་མནན་པ་ཡི།།
ཉམས་ཐག་འགྲོ་བའི་ངང་ཚུལ་མཐོང་བ་ན།།
སྐབས་གསུམ་པ་ཡིས་མྱ་ངན་བསལ་བའི་ཕྱིར།།
ངོ་མཚེར་མིག་གི་དགའ་སྟོན་ཅི་ཡང་བསྒྲུབས།།
                                       ༢༠༠༣.༡.༡༠

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསྔགས་བརྗོད་ཡིད་ཀྱི་མེ་ཏོག

2010-10-19 ལུང་རིགས། ཀློག་གྲངས། མཆན ཡོད།

ལྷ་ཆེན་རལ་བའི་མུ་ཁྱུད་བརྡོལ་ནས་ཤེས་བྱའི་གངྒཱ་ཀློང་དུ་འཕྱོ།།
སྟོབས་ལྡན་མིའུ་ཐུང་དཔུང་བས་མ་ཐེག་ལྔ་རིག་ལྷུན་པོ་ས་ལ་ལྷུང༌།།
དེའི་ཚེ་མགོན་ཁྱོད་ཐོལ་གྱིས་བཞེངས་ཏེ་གངས་དཀར་འཛིན་མའི་དཀྱིལ་འཁོར་དུ།།
མཐའ་དག་ཤེས་བྱའི་རི་མོ་མ་ལུས་མཁྱེན་རབ་པིར་རྩེ་གཅིག་གིས་བྲིས།།
དེ་སླད་ཁྱོད་ཡོན་པད་མའི་མཚོར།།
བདག་ཡིད་ངང་མོ་རབ་ཕྱོགས་ནས།།
རླབས་ཆེན་མཛད་འཕྲིན་ཆུ་གཏེར་ཆེར།།
བསྔགས་པ་བརྗོད་ལ་སྤྲོ་བ་སྐྱེས།།
འདབ་གཤོག་རྔ་ཡབ་བསྐྱོད་པ་ཡིས།།
མཁའ་ཡི་མཐའ་ནི་འཚོལ་བ་ལྟར།།
ངོ་མཚར་དམ་པའི་རྣམ་པར་ཐར།།
བདག་བློས་གཞལ་འདོད་ངལ་བའི་རྒྱུ།།
འོན་ཏང་ཁ་བའི་ལྷག་བསམ་གྱི།།
རླུང་གི་ཤུགས་འཆང་རྟ་བདུན་གྱིས།།
དྲངས་པའི་བསྟོད་ཚིག་འོད་སྟོང་ཅན།།
དད་པའི་བཞད་འདི་སུ་ཡིས་འགོག།
སྤྱི་མཐུན་ལས་ཀྱི་ཆུ་གཏེར་ཆེ།།
བསོད་ནམས་བརྒྱ་ཡིས་བསྲུབས་པ་ལས།།
གང་སྐུ་འཇིག་རྟེན་མིག་གཅིག་པུ།།
གངས་ལྗོངས་མཁའ་ཡི་རྒྱན་དུ་ཤར།།
ཟླ་མེད་རིགས་ཀྱི་མྱུ་གུ་དེ།།
བླང་དོར་འབྱེད་པའི་གྲོས་གསལ།།
ན་ཚོད་ཕྲ་མོའི་དུས་ནས་ཀྱང༌།།
རིག་པའི་སྣང་བ་གར་དུ་རྩེན།།
སྔོན་ནས་སེམས་བསྐྱེད་གོམས་པའི་མཐུས།།
གཞན་དོན་བྱེད་པའི་གོ་ཆ་བརྟན།།
ཤེས་བྱའི་རིག་དྭགས་ཡེར་མ་འབུམ།།
བློ་གྲོས་ཞགས་པ་གཅིག་གིས་བཅིངས།།
ཟླ་ཞལ་མིག་སྟོང་ལྡན་པ་ཡིས།།
འབིགས་བྱེད་གསེར་གྱི་ལྷུན་པོ་ཞིག།
གལ་ཏེ་ས་སྟེང་འདིར་རྙེད་ན།།
དེ་ནི་ཁྱོད་ཀྱི་དཔེ་རུ་འོས།།
ཕྱོགས་ཀྱི་རྒྱལ་བོའི་སྐྱེས་བཟང་དང༌།།
ལྷན་དུ་རང་རང་ཡི་གེ་འབྱོར།།
ཚུལ་དེས་བཙན་པོའི་དགོངས་པའི་ཀློང༌།།
རང་ལ་ཡི་གེ་མེད་པས་གནོང༌།།
ཐུགས་བསྐྱེད་དུས་ལ་བབས་པ་ཡིས།།
བཀའ་ལུང་བདུད་རྩིའི་གྲུ་ཆར་བྱོ།།
གང་ཁྱོད་ཡིད་ཀྱི་དཀྱིལ་འཁོར་དུ།།
མི་ཕྱེད་དམ་བཅའི་རི་མོ་བཀོད།།
བརྒྱ་ཕྲག་ངལ་བ་ཁྱད་བསད་ནས།།
འཕགས་ཡུལ་འཛིན་མ་རྡོག་པས་མནན།།
བགྲང་བྱ་བདུན་གྱི་ཁུགས་པ་རུ།།
ལེགས་བྱིན་བསམ་སྦྱོར་དག་པས་བསྟེན།།
གསལ་བྱེད་དབྱངས་ཀྱི་ང་རོའི་གདངས།།
བཅུ་ཕྲག་གསུམ་དུ་གཏན་ལ་ཕབ།།
རིག་བྱེད་ཐོག་མའི་བསྟོད་གླུ་ཡིས།།
རྒྱལ་བོ་དགྱེས་ནས་དད་ཕྱག་ཕུལ།།
མཁྱེན་རབ་སྤྲིན་དཀར་བརྩེགས་པའི་ཁྲིར།།
བརྡ་སྤྲོད་ཉིན་བྱེད་ལྷང་ངེར་གསལ།།
འཕྲིན་ལས་འོད་ཀྱི་ཐུར་མ་ཡིས།།
རྨོངས་པའི་མུན་ཚོགས་ཕ་མཐར་བསྐྲད།།
ཚུལ་དེར་མཐའ་དབུས་ནགས་ཚལ་དུ།།
སྤུ་སྡུག་འདབ་ཆགས་མཁའ་འགྲོ་རྣམས།།
བསིལ་ལྡན་ཞིང་ལ་བསྟོད་པའི་གླུ།།
དར་དིར་སྒྲ་ཡིས་འཛིན་མ་འགེངས།།
ལོག་སྨྲའི་ཝ་སྐྱེས་ཟིལ་གནོན་པའི།།
སྒྲ་སྦྱོར་གདོང་ལྔས་བཏེགས་པའི་ཁྲིར།།
འཕྲུལ་གྱིས་བསྐྲུན་པའི་གཞོན་ནུ་དེས།།
ཉིན་བྱེད་དབང་བོར་འཁྲུལ་ལ་སྟེར།།
ཆུ་འཛིན་བརྩེགས་པའི་བང་རིམ་ནས།།
གཡུ་འབྲུག་དར་མས་སྒྲ་དབྱངས་ཀྱིས།།
གངས་ལྗོངས་བསྟོད་བསྔགས་མཛད་པ་ལ།།
ལྷ་རྣམས་རམ་འདེགས་མེ་ཏོག་གཏོར།།
ཁྱོད་སྐུ་ཉིན་བྱེད་ཤར་བ་ན།།
བསིལ་ལྗོངས་ལྔ་ཟུང་རིག་པའི་གནས།།
སྤྱན་དཀྱུས་རིང་བའི་འདབ་མ་བཞིན།།
ས་སྟེང་འདི་ན་མཛེས་པར་བཞད།།
པད་ཚལ་གྱིས་ནི་བུང་བ་དང༌།།
འོད་དཀར་གྱིས་ནི་ཀུ་མུད་ཕྲེང༌།།
སྨིན་ལེགས་གཟུགས་ལ་ཡིད་སྲུབས་བཞིན།།
འདི་ཡིས་འགྲོ་བའི་ཡིད་རྣམས་འཛིན།།
རྒྱལ་བློན་འདུས་པའི་མདུན་ས་རུ།།
བློ་གྲོས་ལྡན་པ་ཁྱོད་ཀྱི་སྐུ།།
འཆི་མེད་ལམ་གྱི་སྐྱེད་ཚལ་དུ།།
རྒྱུ་སྐར་ཕྲེང་མཛེས་ཟླ་བ་བཞིན།།
མྱ་ངན་རི་བོས་སེམས་ལ་མནན་པ་ཡི།།
ཉམས་ཐག་འགྲོ་བའི་ངང་ཚུལ་མཐོང་བ་ན།།
སྐབས་གསུམ་པ་ཡིས་མྱ་ངན་བསལ་བའི་ཕྱིར།།
ངོ་མཚེར་མིག་གི་དགའ་སྟོན་ཅི་ཡང་བསྒྲུབས།།
                                       ༢༠༠༣.༡.༡༠

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།