ཉོན་མོངས་དུག་གི་བུ་ལ་སྙིང་རྗེ་བྲལ།

མཐོ་བ་སྲིད་པའི་རྩེ་ནས་བཟུང་སྟེ་དམའ་བ་ན་རཀ་ཁམས་ཀྱི་བར།།
ལྷ་མིའི་ལོངས་སྤྱོད་ཕུན་ཚོགས་མཐའ་དག་བདག་ལ་དབང་བའི་དངོས་པོ་ཞེས།།
ཧམ་འདོད་སྲེད་པ་རོལ་དུ་ཁྲིད་དེ་ཀུན་ལྷན་གཤོགཔའི་ཟློས་གར་ཟུང༌།།
སྐྱི་བསེར་དར་མའི་བང་ལ་སྡེབ་བཞིན་འདོད་ཆགས་བྱ་ཡི་རྗེས་སུ་འཕུར།།

གདོད་མའི་དུས་སུ་དྲིན་གྱིས་བསྐྱངས་པའི་བརྩེ་ལྡན་སྙིང་གི་མ་མ་ལ།།
དགྲ་གཉེན་བར་མའི་འདུ་ཤེས་འཆང་སྟེ་ཕན་གནོད་ཆོ་གའི་འདུ་འགོད་ཀྱིས།།
དགེ་བའི་དཔུང་བ་དུམ་བུར་གཅོག་བཞིན་ཐར་མེད་ལས་ཀྱི་བཙོན་ཁང་དུ།།
དུག་ཆུ་ཁོལ་མའི་ངར་ཁ་འཐུང་བའི་ཞེ་སྡང་སྦྲུལ་གྱིས་དུག་ལྕེ་སྲིང༌།།

གནས་ལུགས་ཐར་བའི་སྲོག་དབང་འཚོལ་ལ་ཐོག་མེད་དུས་ནས་སྒྱིད་ལུག་སྟེ།།
གཙང་བདེ་རྟག་བདག་སྲིད་པའི་གྲོང་སྒོར་རྒྱུན་དུ་འཁྱམས་པའི་ངུར་སྒྲ་ཅན།།
དགུ་ཟུང་དམྱལ་བའི་དུམ་ཁ་སྟེར་ལ་འཇིག་རྟེན་ཁམས་ཀྱི་བདུད་པོ་ཆེ།།
ཟག་བཅས་འཁོར་བའི་ཁང་ཕུགས་ཤིག་ན་གཏི་མུག་ཕག་གི་དོ་ཟླ་ཉལ།།

རྒྱགས་པའི་དབུགས་རྒོད་ཁ་ལ་འཚང་བཞིན་རང་ཉིད་མཐོ་བའི་སྟངས་སྟབས་ཀྱིས།།
གང་དག་ཞབས་ཀྱིས་ལྷག་མེད་བརྫིས་ན་འཛམ་གླིང་གེ་སར་རྒྱལ་བོའམ།།
དྲེགས་པ་ལྷ་བརྒྱད་དྲག་ཏུ་ཁྲོས་ཀྱང་ང་ཡི་དོ་ཟླ་མི་འོང་ཞེས།།
རང་སེམས་གངས་རིའི་སྤོ་ན་འགྱིང་བའི་ང་རྒྱལ་གདོང་ལྔས་མཆེ་བ་གཙིགས།།

གཞན་ལ་སྡེ་བཞིའི་དཔལ་ཡོན་རྒྱས་ན་རང་གི་དམར་ཆུང་སེམས་པ་དེ།།
སྐད་ཅིག་ཙམ་ལ་སྡོད་དབང་མེད་པར་འགྲེ་ལྡོག་འཕག་འཚག་རྒྱག་ཞོར་དུ།།
ཚེར་མའི་ལྕག་གིས་འབྲབ་པ་བཞིན་དུ་མི་བཟོད་དུག་གི་ན་ཟུག་ཅན།།
ལྷ་མིན་སྒྲ་ཅན་ཁྲོས་པའི་ཟོལ་གྱིས་ཕྲག་དོག་ཟུར་མིག་མངོན་པར་བགྲད།

རྩོམ་ཁུངས། ༢༠༠༠ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉོན་མོངས་དུག་གི་བུ་ལ་སྙིང་རྗེ་བྲལ།

2010-09-17 རྩེ་རྟོགས་སད། ཀློག་གྲངས། མཆན ཡོད།

མཐོ་བ་སྲིད་པའི་རྩེ་ནས་བཟུང་སྟེ་དམའ་བ་ན་རཀ་ཁམས་ཀྱི་བར།།
ལྷ་མིའི་ལོངས་སྤྱོད་ཕུན་ཚོགས་མཐའ་དག་བདག་ལ་དབང་བའི་དངོས་པོ་ཞེས།།
ཧམ་འདོད་སྲེད་པ་རོལ་དུ་ཁྲིད་དེ་ཀུན་ལྷན་གཤོགཔའི་ཟློས་གར་ཟུང༌།།
སྐྱི་བསེར་དར་མའི་བང་ལ་སྡེབ་བཞིན་འདོད་ཆགས་བྱ་ཡི་རྗེས་སུ་འཕུར།།

གདོད་མའི་དུས་སུ་དྲིན་གྱིས་བསྐྱངས་པའི་བརྩེ་ལྡན་སྙིང་གི་མ་མ་ལ།།
དགྲ་གཉེན་བར་མའི་འདུ་ཤེས་འཆང་སྟེ་ཕན་གནོད་ཆོ་གའི་འདུ་འགོད་ཀྱིས།།
དགེ་བའི་དཔུང་བ་དུམ་བུར་གཅོག་བཞིན་ཐར་མེད་ལས་ཀྱི་བཙོན་ཁང་དུ།།
དུག་ཆུ་ཁོལ་མའི་ངར་ཁ་འཐུང་བའི་ཞེ་སྡང་སྦྲུལ་གྱིས་དུག་ལྕེ་སྲིང༌།།

གནས་ལུགས་ཐར་བའི་སྲོག་དབང་འཚོལ་ལ་ཐོག་མེད་དུས་ནས་སྒྱིད་ལུག་སྟེ།།
གཙང་བདེ་རྟག་བདག་སྲིད་པའི་གྲོང་སྒོར་རྒྱུན་དུ་འཁྱམས་པའི་ངུར་སྒྲ་ཅན།།
དགུ་ཟུང་དམྱལ་བའི་དུམ་ཁ་སྟེར་ལ་འཇིག་རྟེན་ཁམས་ཀྱི་བདུད་པོ་ཆེ།།
ཟག་བཅས་འཁོར་བའི་ཁང་ཕུགས་ཤིག་ན་གཏི་མུག་ཕག་གི་དོ་ཟླ་ཉལ།།

རྒྱགས་པའི་དབུགས་རྒོད་ཁ་ལ་འཚང་བཞིན་རང་ཉིད་མཐོ་བའི་སྟངས་སྟབས་ཀྱིས།།
གང་དག་ཞབས་ཀྱིས་ལྷག་མེད་བརྫིས་ན་འཛམ་གླིང་གེ་སར་རྒྱལ་བོའམ།།
དྲེགས་པ་ལྷ་བརྒྱད་དྲག་ཏུ་ཁྲོས་ཀྱང་ང་ཡི་དོ་ཟླ་མི་འོང་ཞེས།།
རང་སེམས་གངས་རིའི་སྤོ་ན་འགྱིང་བའི་ང་རྒྱལ་གདོང་ལྔས་མཆེ་བ་གཙིགས།།

གཞན་ལ་སྡེ་བཞིའི་དཔལ་ཡོན་རྒྱས་ན་རང་གི་དམར་ཆུང་སེམས་པ་དེ།།
སྐད་ཅིག་ཙམ་ལ་སྡོད་དབང་མེད་པར་འགྲེ་ལྡོག་འཕག་འཚག་རྒྱག་ཞོར་དུ།།
ཚེར་མའི་ལྕག་གིས་འབྲབ་པ་བཞིན་དུ་མི་བཟོད་དུག་གི་ན་ཟུག་ཅན།།
ལྷ་མིན་སྒྲ་ཅན་ཁྲོས་པའི་ཟོལ་གྱིས་ཕྲག་དོག་ཟུར་མིག་མངོན་པར་བགྲད།

རྩོམ་ཁུངས། ༢༠༠༠ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།