སློབ་སྐུལ་ཨོ་ཡིག་སུམ་ཅུ་བ།

ལྕང་སྐྱ་དགེ་འདུན་བཀྲ་ཤིས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-09-14

སྟོང་ལྡན་གསེར་གྱི་དར་སྐུད་ཕྲ་མོ་ཡང༌།།
ཟབ་རྒྱས་ཆོས་ཀྱི་གདངས་སྙན་འབུམ་རྫོགས་པ།།
ཟླ་གཞོན་མཛེས་པ་འཕྲོག་པའི་ཚངས་སྲས་མས།།
ངག་རིག་མཛོད་ཀྱི་སྒོ་བརྒྱ་ཧར་གྱིས་ཕྱེས།།
ཀོ་ཀུའི་གསུང་སྙན་སྒྲོག་ས་པའི་བསིལ་ལྗོངས་ནས།།
ཁོ་ཚོ་རྣམ་གཡེང་རྒྱ་ལ་ཚུད་མིན་པར།།
གོ་ལའི་སྤོ་ན་འགྱིང་བའི་རིག་གཞུང་ལ།།
ངོ་མ་ཕུ་ཐག་ཆོད་པར་སྦྱངས་ན་ལེགས།།
ཅོ་ཀའི་གདངས་ལ་འགྲན་པའི་སྙན་ངག་ལ།།
ཆོ་འཕྲུལ་སྟོང་གི་ཉམས་འགྱུར་མཐའ་ཀླས་པས།།
ཇོ་བོའི་དྲུང་ནས་ཤ་རུས་རྡོ་ཐུག་གིས།།
ཉོ་ཚོང་སྤངས་ཏེ་སྦྱངས་པ་གནད་དུ་ཆེ།།
ཏོ་ཀེར་ཇི་བཞིན་གཙུག་ཏུ་བཀུར་འདོད་ན།།
ཐོ་ཅོ་རྩུབ་མོའི་ཀུན་སྤྱོད་སྤངས་པ་དགོས།།
དོ་ཟླ་དབེན་པའི་མཁས་དབང་ལ་རེ་ན།།
ནོ་བསམ་རིག་པའི་གནས་ལ་འཁོར་བ་གཅེས།།
པོ་ཏི་མང་བོའི་དེ་ཉིད་རྟོགས་འདོད་ན།།
ཕོ་ཚོད་ཨུ་ཚུགས་བྱས་པས་ག་ལ་རྟོགས།།
བོ་དོང་བ་བ་ཞིན་བརྟུན་པ་རབ་བསྐྱེད་དེ།།
མོ་གཤམ་བུ་ལྟར་ལེ་ལོ་བྲལ་པ་དགོས།།
ཙོ་རས་ནོར་ལ་སྲེད་པ་ལས་ལྡོག་སྟེ།།
ཚོ་པོ་ཤ་མར་བསྲེལ་ལ་མི་སྤྲོ་བར།།
ཛོ་ཀི་དམ་པའི་ཀུན་སྤྱོད་ཕྲ་མོ་ཡང༌།།
ཝོ་བརྒྱལ་མ་སེམས་བརྩོན་པ་བསྟེན་ན་འཚེངས།།
ཞོ་དང་ཉ་ཟླ་རྒྱས་པའི་དཀྱིལ་འཁོར་བཞིན།།
ཟོ་མདོག་མཛེས་པའི་ལང་ཚོ་འཛོམས་ན་ཡང༌།།
འོ་སྐོལ་རིག་གཞུང་དང་དུ་མ་བླངས་ན།།
ཡོ་ལེ་ཕྱོད་ཀྱིས་མི་ཚེ་འདའ་ཉེན་ཆེ།།
རོ་མངར་ཁྱད་དུ་འཕགས་པའི་གཞུང་ལུགས་ལ།།
ལོ་མང་སྦྱངས་པ་བྱས་པའི་དཀའ་སྤྱད་འཕྲོ།།
ཤོ་དང་དུ་ཆང་ལས་ལ་མ་འབྱམས་པར།།
སོ་དཀར་གཞོན་པའི་དུས་འདིར་འབད་པ་དགོས།།
ཧོ་ཧོ་སློབ་སྐུལ་ཨོ་ཡིག་སུམ་ཅུ་བ།།
ཨོ་ཡིག་བྱ་དཀའི་ལམ་ལས་ཉེར་དྲངས་ཏེ།།
ཀུན་ད་དུང་ལྟར་དཀར་བའི་ལྷག་བསམ་གྱིས།།
བཙུན་ཆུང་མགོ་རིལ་ཞིག་གི་ངག་ལས་ཐལ།།

རྩོམ་ཁུངས། ཚེ་སྲོག་ལ་འཁྱིལ་བའི་ཟུངས་ཁྲག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་སྐུལ་ཨོ་ཡིག་སུམ་ཅུ་བ།

2010-09-14 ལྕང་སྐྱ་དགེ་འདུན་བཀྲ་ཤིས། ཀློག་གྲངས། མཆན ཡོད།

སྟོང་ལྡན་གསེར་གྱི་དར་སྐུད་ཕྲ་མོ་ཡང༌།།
ཟབ་རྒྱས་ཆོས་ཀྱི་གདངས་སྙན་འབུམ་རྫོགས་པ།།
ཟླ་གཞོན་མཛེས་པ་འཕྲོག་པའི་ཚངས་སྲས་མས།།
ངག་རིག་མཛོད་ཀྱི་སྒོ་བརྒྱ་ཧར་གྱིས་ཕྱེས།།
ཀོ་ཀུའི་གསུང་སྙན་སྒྲོག་ས་པའི་བསིལ་ལྗོངས་ནས།།
ཁོ་ཚོ་རྣམ་གཡེང་རྒྱ་ལ་ཚུད་མིན་པར།།
གོ་ལའི་སྤོ་ན་འགྱིང་བའི་རིག་གཞུང་ལ།།
ངོ་མ་ཕུ་ཐག་ཆོད་པར་སྦྱངས་ན་ལེགས།།
ཅོ་ཀའི་གདངས་ལ་འགྲན་པའི་སྙན་ངག་ལ།།
ཆོ་འཕྲུལ་སྟོང་གི་ཉམས་འགྱུར་མཐའ་ཀླས་པས།།
ཇོ་བོའི་དྲུང་ནས་ཤ་རུས་རྡོ་ཐུག་གིས།།
ཉོ་ཚོང་སྤངས་ཏེ་སྦྱངས་པ་གནད་དུ་ཆེ།།
ཏོ་ཀེར་ཇི་བཞིན་གཙུག་ཏུ་བཀུར་འདོད་ན།།
ཐོ་ཅོ་རྩུབ་མོའི་ཀུན་སྤྱོད་སྤངས་པ་དགོས།།
དོ་ཟླ་དབེན་པའི་མཁས་དབང་ལ་རེ་ན།།
ནོ་བསམ་རིག་པའི་གནས་ལ་འཁོར་བ་གཅེས།།
པོ་ཏི་མང་བོའི་དེ་ཉིད་རྟོགས་འདོད་ན།།
ཕོ་ཚོད་ཨུ་ཚུགས་བྱས་པས་ག་ལ་རྟོགས།།
བོ་དོང་བ་བ་ཞིན་བརྟུན་པ་རབ་བསྐྱེད་དེ།།
མོ་གཤམ་བུ་ལྟར་ལེ་ལོ་བྲལ་པ་དགོས།།
ཙོ་རས་ནོར་ལ་སྲེད་པ་ལས་ལྡོག་སྟེ།།
ཚོ་པོ་ཤ་མར་བསྲེལ་ལ་མི་སྤྲོ་བར།།
ཛོ་ཀི་དམ་པའི་ཀུན་སྤྱོད་ཕྲ་མོ་ཡང༌།།
ཝོ་བརྒྱལ་མ་སེམས་བརྩོན་པ་བསྟེན་ན་འཚེངས།།
ཞོ་དང་ཉ་ཟླ་རྒྱས་པའི་དཀྱིལ་འཁོར་བཞིན།།
ཟོ་མདོག་མཛེས་པའི་ལང་ཚོ་འཛོམས་ན་ཡང༌།།
འོ་སྐོལ་རིག་གཞུང་དང་དུ་མ་བླངས་ན།།
ཡོ་ལེ་ཕྱོད་ཀྱིས་མི་ཚེ་འདའ་ཉེན་ཆེ།།
རོ་མངར་ཁྱད་དུ་འཕགས་པའི་གཞུང་ལུགས་ལ།།
ལོ་མང་སྦྱངས་པ་བྱས་པའི་དཀའ་སྤྱད་འཕྲོ།།
ཤོ་དང་དུ་ཆང་ལས་ལ་མ་འབྱམས་པར།།
སོ་དཀར་གཞོན་པའི་དུས་འདིར་འབད་པ་དགོས།།
ཧོ་ཧོ་སློབ་སྐུལ་ཨོ་ཡིག་སུམ་ཅུ་བ།།
ཨོ་ཡིག་བྱ་དཀའི་ལམ་ལས་ཉེར་དྲངས་ཏེ།།
ཀུན་ད་དུང་ལྟར་དཀར་བའི་ལྷག་བསམ་གྱིས།།
བཙུན་ཆུང་མགོ་རིལ་ཞིག་གི་ངག་ལས་ཐལ།།

རྩོམ་ཁུངས། ཚེ་སྲོག་ལ་འཁྱིལ་བའི་ཟུངས་ཁྲག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།