ངའི་འཇིག་རྟེན་བཅོམ་པའི་ཇག་པ་ཚོ།

ཟག་མེད་བདེ་ཆེན་རྒྱ་མཚོའི་དཀྱིལ་འཁོར་གྱི་ཀློང་ན།།
མཚན་དཔེའི་སྤྲིན་དཀར་བང་རིམ་མཛེས་སྡུག་གིས་འཁྱིལ་བའི།།
བཅུ་དྲུག་ལང་ཚོས་དྲེགས་འབར་འཇམ་མགོན་གྱི་ཉི་གཞོན།།
ཚུལ་མིན་སྤྱོད་པའི་ལས་ལ་རྒྱང་གཟིགས་ཙམ་རྐྱོངས་རོགས།།

བདེ་སྐྱིད་གཡས་སུ་འཛུམ་པའི་གཙང་ངོགས་སུ་རོལ་བའི།།
དགའ་མགུའི་མེ་ཏོག་ཆུན་པོའི་གཡུ་འདབ་འབུམ་གྲོལ་ཡང༌།།
མི་རྟག་གཡོ་འཕྲུལ་མྱུར་བའི་དུས་ངན་གྱིས་རེག་ཚེ།།
མྱ་ངན་ཁྱེའུའི་ལུས་སེམས་སྡུག་སྣང་འདིས་སྐྱོ་བ།།

ཡོན་ཏན་ཕྲན་ཙམ་འབྱོར་བ་རྒྱ་ཁབ་རྩེའི་མུ་ཏིག།
གདོས་བཅས་བུ་དང་ཆུང་མའི་ཁོར་ཡུག་ཏུ་འཐོར་ཀྱང༌།།
ད་དུང་ཨུ་ཚུགས་མིག་ཟུང་རྫིག་རྔམས་སུ་བགྲད་ནས།།
ལྔ་རིག་མཛོད་འཛིན་དོད་པའི་བཟོ་བལྟ་དེ་སྐྱིད་པ།།

རང་བློ་རང་གིས་བཅུམ་པའི་དྭངས་མཚོ་ལ་ཁྲེལ་ནས།།
གཞན་བློའི་བསླུ་བྲིད་དུག་ཆུའི་ཝུ་ཕྲེང་རྩེར་ཞུགས་ཏེ།།
མངོན་འགྱུར་ཕོང་བ་བགྲེས་མོའི་དབྱུག་ལ་ཁེན་པའི།།
རང་སེམས་སྐྱོ་གར་འཁྲབ་པའི་ཕྱུག་རྒྱ་འདིས་ཅི་བྱ།།

རང་སྐད་མཚོ་ལས་ཉེར་འཁྲུངས་འོད་གསལ་གྱི་དུང་ཟླ།།
མི་དག་སྟོང་འཁུན་ཚིག་འབྲུའི་དྲི་བཞོན་དང་མཉམ་དུ།།
རྫུན་མཚང་མགྲིན་པ་འཁྱོག་པོའི་ཆུ་མཐོངས་ཀྱི་རྫིང་བུར།།
འུག་རྒན་རྨ་བྱའི་འགྲོས་ཀྱིས་གར་བསྒྱུར་དེ་དགོད་བྲོ།།

ཡིད་སྨོན་ལྷོ་རོང་མོན་པའི་ནགས་གསེབ་ཏུ་འགྲིམས་ནས།།
ལྷགས་པའི་གཞན་གསོས་མགྲིན་སྔོན་ཁུ་བྱུག་གི་ན་ཆུང༌།།
དེ་འདྲ་ཁེངས་དྲེགས་མགྲིན་སྒྲའི་ངལ་ཁུར་གྱིས་ཅི་བྱ།།
ཨེན་ཙམ་བག་ཡོད་དབྱངས་ལ་བློ་སྦྱོང་དུ་བྱོལ་ན། །

ཁོར་ཡུག་ནུ་འཐུང་གསར་བའི་ལག་མཐིལ་གྱི་ཁྱིམ་ན།།
ཕྱོགས་འཛིན་ཕྱོགས་སུ་གོམས་པ་རྒྱ་ཡན་དུ་བཏང་སྟེ།།
སྤྱི་བརྟོལ་འོལ་ཚོད་ཟོས་ཀྱིས་ལྟོ་བ་རང་བཀར་བའི།།
འཁོར་བའི་ཨ་ཕ་འདི་དག་ཅི་ཞིག་ལ་བྲེལ་འདུག།

མྱུར་འཁྱུག་གློག་ཕྲེང་དམར་པོའི་རོལ་རྩེད་བཞིན་གཡོ་བའི།།
གཡུ་གྲོང་བུད་མེད་གཡོན་མའི་ལང་ཤོར་གྱི་རོ་འཛིན།།
ཁ་རྫུན་གཏམ་གྱི་ཆུ་འཛིན་འཁྱོག་པོ་དང་འགྲོགས་ནས།།
ཏང་སྲིད་དྲོད་སྐྱིད་ཀུན་སྒལ་གཞུ་མོ་ཡང་གཡོས་འདུག།

དེ་རིང་ཟས་སྣ་འཛོམ་པའི་ཆར་སྤྲིན་གྱི་སྤྲིས་མ།།
གླུ་གར་གཡུ་འབྲུག་སྔོན་མོའི་འཁྱུག་ལྡེམ་དང་བསྡོངས་ཏེ།།
སྤྲོ་སྐྱིད་འཇའ་ཚོན་སྣ་ལྔའི་གུར་ཁང་ལ་བསུས་ཀྱང༌།།
ཕྱི་རྗེས་ངན་གཏམ་གློག་གི་དྲིན་ལན་དེ་མཚར་ཆེ།།

གསར་རྙིང་རིག་པའི་འཛུམ་བཞད་ཀུ་མུད་དའི་སྐྱེད་ཚལ།།
མཐོང་ཐོས་སྟོན་ཟླ་གསར་བའི་འོད་ཞགས་ཀྱིས་ཕྱེས་ནས།།
གཡུ་གྲོང་སྨུག་འཛིན་དཔལ་གྱི་སྨན་ལྗོངས་སུ་དྲངས་ཀྱང༌།།
ཕྲག་དོག་ས་མོའི་སོར་རྫརྩེས་བསྙོལ་བ་འདིར་་ཀྱི་ཧུད།།

མི་གཙང་འདམ་བུ་ཐགས་སུ་དཀྲིས་པ་ཡི་རྫིང་ངོགས།
དམན་བློའི་གཡུ་རལ་གསིག་པའི་སྡེར་ཆགས་ཀྱི་ཁྱུ་ཚོགས།
ང་རྒྱལ་འཇིགས་རུང་ཉམས་ཀྱིས་ཁེངས་སྟབས་ཀྱིས་གཤེགས་པ།
མཐོང་ན་བ་སྤུ་འཛིང་བའི་སྐྲག་སྣང་རེ་ཤར་འོང༌།

ཕྱོགས་ཀྱི་ནགས་ལྗོངས་འཆི་བ་མེད་པ་ཡི་གྲོང་ནས།
ལྷག་པའི་རིག་ལྡན་གཤོག་འདབ་རྩེན་པཡི་བྱ་ཁྱུ།
འདི་ན་འཚང་བའི་གཅོང་རོང་ཅེ་སྤྱང་གིས་མནར་ནས།།
ཕྱི་བཞིན་བསྙེགས་པའི་ཟ་ཟའི་མགྲིན་དབྱངས་འདིར་སྡུག་ཨང༌།།

བཅོས་བསྒྱུར་གསེར་གྱི་སྒོ་བརྒྱ་ཕྱོགས་ཡོངས་ནས་འགྱེད་ཚེ།།
རྒྱལ་ཁམས་མ་མཐོང་བླུན་པོ་བླུན་པོའི་རྗེས་འབྲངས་བཞིན།།
ཕ་མའི་གསོག་ནོར་ཁོ་བོའི་ང་རྒྱལ་དུ་གྱུར་ཏེ།།
མདོ་མེད་ཕྱུགས་ལྟའི་མགོའཕངས་གཅིག་ལས་གཅིག་གཟེངས་མཐོ།།

སྣ་ཚོགས་གདུག་སྤྱོད་ལས་ཀྱི་ཤིང་རྟ་ལ་ཞུགས་བཞིན།།
མཐོང་སྣང་སྲིད་པའི་གྲོང་ན་གེར་གེར་དུ་འགྱིང་བའི།།
མགྲིན་བཟང་ནགས་ཀྱི་ཤྭ་ནར་རྫུ་བ་ཡི་མི་ཚོར།།
འཇགས་བྲལ་སྡང་བའི་སེམས་པར་དམར་ནག་ཁྲག་འཛར་འགྲོ།།

སྐྱེ་ཡག་ལྗང་ལོའི་ལང་ཚོ་རིམ་བཞིན་དུ་འབུས་ཤིང༌།།
མཐིང་སྔོན་གཞན་གསོས་ན་ཆུང་ལྷོ་མཐའ་ནས་གྲགས་དུས།།
སྣང་ཚུལ་ངུ་མ་དགོད་ཀྱི་རྒྱང་རིང་གི་མཚར་གླུ།།
གཡུ་སྒང་ངག་རིག་འཕེལ་བའི་རི་སུལ་ནས་བླངས་སོ།།

རྩོམ་ཁུངས། ༢༠༠༠ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་འཇིག་རྟེན་བཅོམ་པའི་ཇག་པ་ཚོ།

2010-09-13 གཅོད་པ་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།