མ་ཡིག་སོ་བཞི་བ།

ལྕང་སྐྱ་དགེ་འདུན་བཀྲ་ཤིས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-09-11

མ་སྨད་མཚན་དཔེ་འཛུམ་པའི་སྒེག་འཆང་མ།།
མ་ཆགས་པདྨའི་སྤྱན་ལྡན་མཁྱེན་ཡངས་མ།།
མ་གྱུར་འགྲོ་བའི་དཔུང་གཉེན་བརྩེ་ལྡན་མ།།
མ་ཐོས་དངོས་གྲུབ་སྩོལ་མཛད་དབྱངས་ཅན་མ།།
ཀ་མ་ལ་ལྟར་དཀར་བའི་སེམས་འཆང་མ།།
ཁ་ཚིག་སྙན་མོ་སྨྲ་བའི་གཞུང་དྲང་མ།།
ག་ལེར་སྐྱོང་གཉོར་བྱེད་པའི་ཐབས་མཁས་མ།།
ང་རྒྱལ་ཁེངས་པ་བྲལ་བའི་ཞི་དུལ་མ།།
ཅ་ཅོ་ལོང་གཏམ་ཉུང་བའི་བག་ཡོད་མ།།
ཆ་ཤས་ཡོངས་སུ་རྫོགས་པའི་བྱམས་ལྡན་མ།།
ཇ་ཁུ་མངར་མོ་ལྡན་པའི་དྲིན་ཆེན་མ།།
ཉ་རྒྱས་དཔལ་ལྟར་འཚེར་བའི་སེམས་བཟང་མ།།
ཏཱ་རེ་དབྱངས་སུ་གྱེར་བའི་ངག་སྙན་མ།།
ཐ་སྙད་སྐད་ཆ་སློབ་མཁན་མཁྱེན་ཡངས་མ།།
ད་ལྟའི་དྲིན་ཆེན་ཀུན་གྱིས་གཙུག་རྒྱན་མ།།
ན་ཚོད་བུ་ལ་བསྟིམས་པས་གཞན་གཅེས་མ།།
པ་སངས་མདངས་ལྟར་བཀྲ་བའི་སེམས་བཟང་མ།།
ཕ་གཞིས་བུ་ལ་གནང་བའི་རིག་བཟང་མ།།
བ་ཞོ་མངར་མོ་འདྲེན་པའི་མཉེསགཤིན་མ།།
མ་ལུས་བུ་ལ་སྩོལ་བའི་གཏོང་ཕོད་མ།།
ཙ་རིའི་སྨྱུག་ལས་དྲང་བའི་སེམས་བཟང་མ།།
ཚ་གྲང་སྡུག་ལས་ཕེར་བའིཀུན་གཟོད་མ།།
ཛ་ལང་རྩུབ་སྤྱོད་སྤང་བའི་སེམས་འཇམ་མ།།
ཝ་སྐྱེས་གཡོ་འཕྲུལ་དོར་བའི་གཤིས་དྲང་མ།།
ཞྭ་གོས་འཚོ་རྟེན་འཚོལ་བའི་བརྩོན་ལྡན་མ།།
ཟ་མ་ངན་ངོན་བཞེས་པའི་སྡུག་བཟོད་མ།།
འ་ཅག་བུ་ཕྲུག་ཁུར་བའི་ལུས་ལྕི་མ།།
ཡ་མཚར་གནའ་གཏམ་འཆད་པའི་མཁས་མཛངས་མ།།
ར་རིའི་དྲི་མས་མ་གོས་ཡིད་འོང་མ།།
ལ་མོར་གཞན་དོན་སྒྲུབ་མཁན་འདུན་ལེགས་མ།།
ཤ་རུས་གདུང་རྒྱུད་བསྐྲུན་པའི་རྐང་འཛིན་མ།།
ས་སྟེང་དོ་ཟླ་དབེན་པའིབྱང་སེམས་མ།།
ཧ་རི་ཙན་དན་ལས་བསིལ་བདེ་སྟེར་མ།།
ཨ་མ་ཕན་བདེ་སྒྲུབ་པའི་དབང་ཕྱུག་མ།།
དེ་ལྟར་སྐྱེད་ཡུམ་བསྟོད་པའི་སྦྲང་རྩིའི་གཏེར།།
ལྷག་བསམ་པདྨོ་འཛུམ་པའི་ཀློང་ལས་འཕྱུར།།

རྩོམ་ཁུངས། ཚེ་སྲོག་ལ་འཁྱིལ་བའི་ཟུངས་ཁྲག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མ་ཡིག་སོ་བཞི་བ།

2010-09-11 ལྕང་སྐྱ་དགེ་འདུན་བཀྲ་ཤིས། ཀློག་གྲངས། མཆན ཡོད།

མ་སྨད་མཚན་དཔེ་འཛུམ་པའི་སྒེག་འཆང་མ།།
མ་ཆགས་པདྨའི་སྤྱན་ལྡན་མཁྱེན་ཡངས་མ།།
མ་གྱུར་འགྲོ་བའི་དཔུང་གཉེན་བརྩེ་ལྡན་མ།།
མ་ཐོས་དངོས་གྲུབ་སྩོལ་མཛད་དབྱངས་ཅན་མ།།
ཀ་མ་ལ་ལྟར་དཀར་བའི་སེམས་འཆང་མ།།
ཁ་ཚིག་སྙན་མོ་སྨྲ་བའི་གཞུང་དྲང་མ།།
ག་ལེར་སྐྱོང་གཉོར་བྱེད་པའི་ཐབས་མཁས་མ།།
ང་རྒྱལ་ཁེངས་པ་བྲལ་བའི་ཞི་དུལ་མ།།
ཅ་ཅོ་ལོང་གཏམ་ཉུང་བའི་བག་ཡོད་མ།།
ཆ་ཤས་ཡོངས་སུ་རྫོགས་པའི་བྱམས་ལྡན་མ།།
ཇ་ཁུ་མངར་མོ་ལྡན་པའི་དྲིན་ཆེན་མ།།
ཉ་རྒྱས་དཔལ་ལྟར་འཚེར་བའི་སེམས་བཟང་མ།།
ཏཱ་རེ་དབྱངས་སུ་གྱེར་བའི་ངག་སྙན་མ།།
ཐ་སྙད་སྐད་ཆ་སློབ་མཁན་མཁྱེན་ཡངས་མ།།
ད་ལྟའི་དྲིན་ཆེན་ཀུན་གྱིས་གཙུག་རྒྱན་མ།།
ན་ཚོད་བུ་ལ་བསྟིམས་པས་གཞན་གཅེས་མ།།
པ་སངས་མདངས་ལྟར་བཀྲ་བའི་སེམས་བཟང་མ།།
ཕ་གཞིས་བུ་ལ་གནང་བའི་རིག་བཟང་མ།།
བ་ཞོ་མངར་མོ་འདྲེན་པའི་མཉེསགཤིན་མ།།
མ་ལུས་བུ་ལ་སྩོལ་བའི་གཏོང་ཕོད་མ།།
ཙ་རིའི་སྨྱུག་ལས་དྲང་བའི་སེམས་བཟང་མ།།
ཚ་གྲང་སྡུག་ལས་ཕེར་བའིཀུན་གཟོད་མ།།
ཛ་ལང་རྩུབ་སྤྱོད་སྤང་བའི་སེམས་འཇམ་མ།།
ཝ་སྐྱེས་གཡོ་འཕྲུལ་དོར་བའི་གཤིས་དྲང་མ།།
ཞྭ་གོས་འཚོ་རྟེན་འཚོལ་བའི་བརྩོན་ལྡན་མ།།
ཟ་མ་ངན་ངོན་བཞེས་པའི་སྡུག་བཟོད་མ།།
འ་ཅག་བུ་ཕྲུག་ཁུར་བའི་ལུས་ལྕི་མ།།
ཡ་མཚར་གནའ་གཏམ་འཆད་པའི་མཁས་མཛངས་མ།།
ར་རིའི་དྲི་མས་མ་གོས་ཡིད་འོང་མ།།
ལ་མོར་གཞན་དོན་སྒྲུབ་མཁན་འདུན་ལེགས་མ།།
ཤ་རུས་གདུང་རྒྱུད་བསྐྲུན་པའི་རྐང་འཛིན་མ།།
ས་སྟེང་དོ་ཟླ་དབེན་པའིབྱང་སེམས་མ།།
ཧ་རི་ཙན་དན་ལས་བསིལ་བདེ་སྟེར་མ།།
ཨ་མ་ཕན་བདེ་སྒྲུབ་པའི་དབང་ཕྱུག་མ།།
དེ་ལྟར་སྐྱེད་ཡུམ་བསྟོད་པའི་སྦྲང་རྩིའི་གཏེར།།
ལྷག་བསམ་པདྨོ་འཛུམ་པའི་ཀློང་ལས་འཕྱུར།།

རྩོམ་ཁུངས། ཚེ་སྲོག་ལ་འཁྱིལ་བའི་ཟུངས་ཁྲག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།