ཆུ་ཚོད།

ལྕང་སྐྱ་དགེ་འདུན་བཀྲ་ཤིས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-09-09

རྣམ་དག་ཕུགས་བསམ་པདྨ་དཀར་བོའི་སྦུབས།།
མཁྱེན་བཟང་འོད་ཀྱི་རྩེ་དགའ་དང་འགྲོགས་ཏེ།།
ཤེས་བྱའི་འདབ་སྟོང་འཛུམ་པའི་དཔལ་རེ་ན།།
ཆུ་ཚོད་སྒེག་མོ་རང་གི་རྒྱན་དུ་ལོངས།།

ཚེ་འདིའི་འདུན་མ་བརླག་པིའེ་མཐུ་རྩལ་ཅན།།
རྣམ་ཀུན་སྙིང་གི་ཁོང་ན་གནས་བཅས་པའི།།
རྣམ་གཡེང་ལེ་ལོ་གཞོམ་པའི་གཉེན་པོ་ལ།།
ཆུ་ཚོད་སྒེག་མོ་རང་གི་རྒྱན་དུ་ལོངས།།

མཐོ་བའི་མི་ལ་གྲགས་པའི་རྒྱལ་མཚན་དང༌།།
མཁས་པའི་མི་ལ་དོན་གྱི་ཆེ་བ་དང༌།།
བསླབ་པའི་གནས་ལ་མཁས་པའི་དཔལ་རེ་ན།།
ཆུ་ཚོད་སྒེག་མོ་རང་གི་རྒྱན་དུ་ལོངས།།

དང་བོ་གང་བརྩམ་པ་ཡི་ཀུན་སློང་དང༌།།
བར་དུ་སྐབས་སུ་བབ་པའི་བྱ་གཞག་དང༌།།
ཐ་མར་ཞེ་བློ་ཚིམ་པའི་དཔལ་རེ་ན།།
ཆུ་ཚོད་སྒེག་མོ་རང་གི་རྒྱན་དུ་ལོངས།།

མི་ཤེས་རྨོངས་པ་སེལ་བྱེད་ཤེས་རིག་དང༌།།
འཕྲུལ་རྩལ་བློ་ལས་འགོངས་པའི་ཚན་རིག་དང༌།།
ཕུན་ཚོགས་སྡེ་བཞི་དར་བའི་དཔལ་རེ་ན།།
ཆུ་ཚོད་སྒེག་མོའི་འགྲོས་དང་བསྟུན་པ་གལ།།

མདོར་ན་སྲིད་ཞིའི་ཕུན་ཚོགས་ཡོད་དོ་ཅོག།
ཆུ་ཚོད་འཁོར་ལོའི་འགྲོས་དང་བསྟུན་བྱས་ཏེ།།
དཀའ་སྤྱད་དྲག་པོའི་འདུ་བྱེད་ལ་བརྩོན་ན།།
མི་འགྲུབ་བྱ་བ་སྲིད་འདིར་ཡོད་མ་ཡིན།།

རྩོམ་ཁུངས། ཚེ་སྲོག་ལ་འཁྱིལ་བའི་ཟུངས་ཁྲག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆུ་ཚོད།

2010-09-09 ལྕང་སྐྱ་དགེ་འདུན་བཀྲ་ཤིས། ཀློག་གྲངས། མཆན ཡོད།

རྣམ་དག་ཕུགས་བསམ་པདྨ་དཀར་བོའི་སྦུབས།།
མཁྱེན་བཟང་འོད་ཀྱི་རྩེ་དགའ་དང་འགྲོགས་ཏེ།།
ཤེས་བྱའི་འདབ་སྟོང་འཛུམ་པའི་དཔལ་རེ་ན།།
ཆུ་ཚོད་སྒེག་མོ་རང་གི་རྒྱན་དུ་ལོངས།།

ཚེ་འདིའི་འདུན་མ་བརླག་པིའེ་མཐུ་རྩལ་ཅན།།
རྣམ་ཀུན་སྙིང་གི་ཁོང་ན་གནས་བཅས་པའི།།
རྣམ་གཡེང་ལེ་ལོ་གཞོམ་པའི་གཉེན་པོ་ལ།།
ཆུ་ཚོད་སྒེག་མོ་རང་གི་རྒྱན་དུ་ལོངས།།

མཐོ་བའི་མི་ལ་གྲགས་པའི་རྒྱལ་མཚན་དང༌།།
མཁས་པའི་མི་ལ་དོན་གྱི་ཆེ་བ་དང༌།།
བསླབ་པའི་གནས་ལ་མཁས་པའི་དཔལ་རེ་ན།།
ཆུ་ཚོད་སྒེག་མོ་རང་གི་རྒྱན་དུ་ལོངས།།

དང་བོ་གང་བརྩམ་པ་ཡི་ཀུན་སློང་དང༌།།
བར་དུ་སྐབས་སུ་བབ་པའི་བྱ་གཞག་དང༌།།
ཐ་མར་ཞེ་བློ་ཚིམ་པའི་དཔལ་རེ་ན།།
ཆུ་ཚོད་སྒེག་མོ་རང་གི་རྒྱན་དུ་ལོངས།།

མི་ཤེས་རྨོངས་པ་སེལ་བྱེད་ཤེས་རིག་དང༌།།
འཕྲུལ་རྩལ་བློ་ལས་འགོངས་པའི་ཚན་རིག་དང༌།།
ཕུན་ཚོགས་སྡེ་བཞི་དར་བའི་དཔལ་རེ་ན།།
ཆུ་ཚོད་སྒེག་མོའི་འགྲོས་དང་བསྟུན་པ་གལ།།

མདོར་ན་སྲིད་ཞིའི་ཕུན་ཚོགས་ཡོད་དོ་ཅོག།
ཆུ་ཚོད་འཁོར་ལོའི་འགྲོས་དང་བསྟུན་བྱས་ཏེ།།
དཀའ་སྤྱད་དྲག་པོའི་འདུ་བྱེད་ལ་བརྩོན་ན།།
མི་འགྲུབ་བྱ་བ་སྲིད་འདིར་ཡོད་མ་ཡིན།།

རྩོམ་ཁུངས། ཚེ་སྲོག་ལ་འཁྱིལ་བའི་ཟུངས་ཁྲག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།