བསྔགས་འོས་སྤྱོད་པ།

ལྕང་སྐྱ་དགེ་འདུན་བཀྲ་ཤིས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-09-05

གང་ལ་བརྟེན་ན་སྡུག་བསྔལ་རྒྱ་མཚོ་ལས།།
གསང་གསུམ་ནོར་བུའི་མཛོད་ལ་དབང་འབྱོར་བའི།།
བདེ་ཆེན་གླིང་དུ་བདེ་བླག་སྒྲོལ་བའི་གྲུ།།
ཕྱིན་དྲུག་སེམས་དཔའི་སྤྱོད་ལ་ཕྱག་འཚལ་ལོ།།

ཆོས་དང་མི་འཇིགས་ཟང་ཟིང་གཏོང་བའི་ནོར།།
གཅེས་འཛིན་སེར་སྣའི་འཆིང་བ་ལྷོད་གྱུར་ཏེ།།
ཀུན་གྱི་རེ་སྐོང་འདོད་པའི་དངོས་གྲུབ་ཏུ།།
གཏོང་བ་སྦྱིན་པའི་ལེགས་ཚོགས་རྨད་དུ་བྱུང༌།།

སྒོ་གསུམ་ཚུལ་མིན་སྤྱོད་པ་ཡོངས་སྡོམ་པའི།།
སོ་བྱང་སྔགས་ཀྱི་སྡོམ་ཁྲིམས་བདུད་རྩིའི་ཆབ།།
ཉོན་མོངས་ཉེས་སྤྱོད་དྲི་མ་འཁྲུད་པའི་དཔྱིད།།
ལེགས་ཚོགས་རྩ་བ་འཛུགས་པའི་རྟེན་གྱི་མཆོག།

མི་བཟད་འཇིགས་རུང་དམྱལ་བའི་སྒོ་འབྱེད་པའི།།
ཞེ་སྡང་སྦྲུལ་གདུག་ཁྲོས་པའི་གཡུལ་གྱི་ངོར།།
ཕྱིར་བཟློག་གཅིག་ཆོག་དཔའ་བོའི་དཔུང་གི་གཏེར།།
རྒྱན་གྱི་མཆོག་གྱུར་བཟོད་པའི་གོ་ཆ་རྨད།།

ལས་དང་འབྲས་བུར་ཡིད་ཆེས་དད་པ་ན།།
གཏན་བདེ་བླ་ན་མེད་པའི་གོ་འཕང་བར།།
བདེ་བླག་སྒྲུབ་བྱེད་དགེ་བ་ལ་སྤྲོ་བའི།།
བརྩོན་འགྲུས་རྨད་བྱུང་སྤྱོད་པ་ཀུན་གྱི་སྒོ།།

ཉེས་པ་ལྔ་སྤོང་འདུ་ཤེས་བརྒྱད་བསྟེན་པའི།།
དགེ་བའིདམིགས་པར་རྩེ་གཅིག་སེམས་འཇོག་སྒོམ།།
ལུས་སེམས་ཤིན་སྦྱངས་བདེ་ཆེན་འདྲེན་པའི་གྲོགས།།
རྣམ་གཡེང་དགྲ་འཇོམས་ཏིང་ངེ་འཛིན་གྱི་མཆོག།

ཉེས་བརྒྱའི་རྩ་བ་འཇིག་ཚོགས་ལྟ་བའི་གདོན།།
ལྷག་མེད་དྲུངས་ནས་འའབྱིན་པའི་དཔུང་གི་མཆོག།
ཆོས་ཀུན་དེ་ཉིད་མཐོང་བའི་རྣམ་འབྱེད་བློ།།
རྟག་ཆད་གཡང་ལས་སྒྲོལ་བའི་འཇུག་ངོགས་ཉིད།།

སྐུ་བཞིའི་དབང་ཐང་བདེ་བླག་སྤྱོད་པའི་ཐབས།།
དུས་གསུམ་རྒྱལ་རྣམས་བགྲོལ་པ་གཅིག་པའི་ལམ།།
དོན་གཉིས་རྫོགས་པར་སྒྲུབ་བྱེད་རྒྱལ་སྲས་སྤྱོད།།
ལྷ་གཅིག་སྟོན་པའི་རྣམ་ཐར་མྱུར་འགྲུབ་ཤོག།

རྩོམ་ཁུངས། ཚེ་སྲོག་ལ་འཁྱིལ་བའི་ཟུངས་ཁྲག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསྔགས་འོས་སྤྱོད་པ།

2010-09-05 ལྕང་སྐྱ་དགེ་འདུན་བཀྲ་ཤིས། ཀློག་གྲངས། མཆན ཡོད།

གང་ལ་བརྟེན་ན་སྡུག་བསྔལ་རྒྱ་མཚོ་ལས།།
གསང་གསུམ་ནོར་བུའི་མཛོད་ལ་དབང་འབྱོར་བའི།།
བདེ་ཆེན་གླིང་དུ་བདེ་བླག་སྒྲོལ་བའི་གྲུ།།
ཕྱིན་དྲུག་སེམས་དཔའི་སྤྱོད་ལ་ཕྱག་འཚལ་ལོ།།

ཆོས་དང་མི་འཇིགས་ཟང་ཟིང་གཏོང་བའི་ནོར།།
གཅེས་འཛིན་སེར་སྣའི་འཆིང་བ་ལྷོད་གྱུར་ཏེ།།
ཀུན་གྱི་རེ་སྐོང་འདོད་པའི་དངོས་གྲུབ་ཏུ།།
གཏོང་བ་སྦྱིན་པའི་ལེགས་ཚོགས་རྨད་དུ་བྱུང༌།།

སྒོ་གསུམ་ཚུལ་མིན་སྤྱོད་པ་ཡོངས་སྡོམ་པའི།།
སོ་བྱང་སྔགས་ཀྱི་སྡོམ་ཁྲིམས་བདུད་རྩིའི་ཆབ།།
ཉོན་མོངས་ཉེས་སྤྱོད་དྲི་མ་འཁྲུད་པའི་དཔྱིད།།
ལེགས་ཚོགས་རྩ་བ་འཛུགས་པའི་རྟེན་གྱི་མཆོག།

མི་བཟད་འཇིགས་རུང་དམྱལ་བའི་སྒོ་འབྱེད་པའི།།
ཞེ་སྡང་སྦྲུལ་གདུག་ཁྲོས་པའི་གཡུལ་གྱི་ངོར།།
ཕྱིར་བཟློག་གཅིག་ཆོག་དཔའ་བོའི་དཔུང་གི་གཏེར།།
རྒྱན་གྱི་མཆོག་གྱུར་བཟོད་པའི་གོ་ཆ་རྨད།།

ལས་དང་འབྲས་བུར་ཡིད་ཆེས་དད་པ་ན།།
གཏན་བདེ་བླ་ན་མེད་པའི་གོ་འཕང་བར།།
བདེ་བླག་སྒྲུབ་བྱེད་དགེ་བ་ལ་སྤྲོ་བའི།།
བརྩོན་འགྲུས་རྨད་བྱུང་སྤྱོད་པ་ཀུན་གྱི་སྒོ།།

ཉེས་པ་ལྔ་སྤོང་འདུ་ཤེས་བརྒྱད་བསྟེན་པའི།།
དགེ་བའིདམིགས་པར་རྩེ་གཅིག་སེམས་འཇོག་སྒོམ།།
ལུས་སེམས་ཤིན་སྦྱངས་བདེ་ཆེན་འདྲེན་པའི་གྲོགས།།
རྣམ་གཡེང་དགྲ་འཇོམས་ཏིང་ངེ་འཛིན་གྱི་མཆོག།

ཉེས་བརྒྱའི་རྩ་བ་འཇིག་ཚོགས་ལྟ་བའི་གདོན།།
ལྷག་མེད་དྲུངས་ནས་འའབྱིན་པའི་དཔུང་གི་མཆོག།
ཆོས་ཀུན་དེ་ཉིད་མཐོང་བའི་རྣམ་འབྱེད་བློ།།
རྟག་ཆད་གཡང་ལས་སྒྲོལ་བའི་འཇུག་ངོགས་ཉིད།།

སྐུ་བཞིའི་དབང་ཐང་བདེ་བླག་སྤྱོད་པའི་ཐབས།།
དུས་གསུམ་རྒྱལ་རྣམས་བགྲོལ་པ་གཅིག་པའི་ལམ།།
དོན་གཉིས་རྫོགས་པར་སྒྲུབ་བྱེད་རྒྱལ་སྲས་སྤྱོད།།
ལྷ་གཅིག་སྟོན་པའི་རྣམ་ཐར་མྱུར་འགྲུབ་ཤོག།

རྩོམ་ཁུངས། ཚེ་སྲོག་ལ་འཁྱིལ་བའི་ཟུངས་ཁྲག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།