བསྟོད་ཚིག་ཅོ་ཀའི་དྲུག་འགྱུར།

ལྕང་སྐྱ་དགེ་འདུན་བཀྲ་ཤིས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-09-04

མཐོ་སྔོ་བསངས་བུ་མོའི་མཐོངས་བྱེད་དབུས་ན།།
དཀར་གསལ་ལེར་ལྡིང་བའི་ཆུ་འཛིན་གྱི་ཕུང་བོ།།
ཆར་ཟིལ་མའི་སྦྲང་་ཆར་ང་རང་ལ་གཏོར་དང༌།།
མཚར་སྡུག་གི་མེ་ཏོག་ཁྱེད་རང་ལ་འབུལ་ལོ།།

ནགས་ཚང་ཚིང་འཁྲིགས་པའི་དྲ་བ་ཡི་ཁྲོད་ན།།
རྩལ་ཡ་མེདརྫོགས་པའི་རྒྱ་སྟག་གི་གཞོན་ནུ།།
ལུས་རྩལ་དྲུག་རྫོགས་པའི་མཆོང་རྩལ་དེ་སྟོན་དང༌།།
ངའི་སེམས་པའི་གཏད་སོ་ཁྱེད་ཉིད་ལས་མི་འདུག།

མདོག་མཐོན་མཐིང་སྣུམ་པའི་གཡུ་ལོ་ཡི་གསེབ་ན།།
ལུས་སྤུ་སྡུག་མཚར་བའི་གཞན་གསོས་ཀྱི་བུ་མོ།།
ངག་ལྷང་ལྷང་སྙན་པའི་གྲེ་འགྱུར་དེ་གནོངས་དང༌།།
དབྱར་སྒེག་མོའི་འཛུམ་ཞལ་ཁྱེད་རང་ལ་འབུལ་འདོད།།

རྫ་སྔོན་མོ་མཛེས་པའི་རྡོ་གླེགས་ཀྱི་གསེབ་ན།།
དྭངས་གཙང་ངེར་བརྡོལ་བའི་བསིལ་སྦྱིན་གྱི་ལྷ་ཆབ།།
རླབས་ཕྲ་མོའི་ཟེགས་མ་ང་རང་ལ་གཏོར་དང༌།།
མཛེས་མེ་ཏོག་ལང་ཚོ་ཁྱེད་ཉིད་ལ་འཛུམ་འདོད།།

དཔྱིད་དཔལ་མོ་རྒྱས་པའི་དགའ་ཚལ་གྱི་དབུས་ན།།
ལུས་འཕུར་ལྡིང་རྩེན་པའི་གཡུ་སྦྲང་གི་གཞོན་ནུ།།
ངག་སྙན་མོའི་སྙིང་གཏམ་ང་རང་ལ་གནོངས་དང༌།།
རོ་ཞིམ་མངར་སྦྲང་རྩི་ཁྱེད་རང་ལ་འབུལ་འདོད།།

སྤྲིན་བང་རིམ་བརྩེགས་པའི་ལྡིང་ཁང་གི་དབུས་ན།།
ལུས་འཁྱུག་འགྲོས་ངོམ་པའི་གཡུ་འབྲུག་གི་གཞོན་ནུ།།
ངག་བརྗིད་པོའི་སྒྲ་དབྱངས་ང་རང་ལ་གནོངས་དང༌།།
སེམས་སྤྲོ་བའི་སྒྲོ་གུར་ཁྱེད་ཉིད་ལ་འབུབས་འདོད།།

དགུང་ཨ་སྔོན་མཛེས་པའི་སྔོ་བསངས་ཀྱི་ཀློང་ན།།
དྲོད་འཛུམ་རླབས་འགྱེད་པའི་འོད་སྟོང་གི་བདག་པོ།།
ཡིད་གཅུགས་པའི་ཟེར་ཕྲེང་ང་རང་ལ་གནོངས་དང༌།།
འདབ་སྟོང་གི་འཕྱོར་སྒེག་ཁྱེད་ཉིད་ལ་གྲོལ་འདོད།།

གངས་དཀར་པོ་མཛེས་པའི་བསིལ་ལྡན་གྱི་ལྗོངས་ན།།
སེམས་འདོད་དགུ་སྐོང་བའི་སྦྲང་ཆར་གྱི་དགའ་མ།།
ཡིད་དུངས་པའི་སྙན་ཚིག་ང་རང་ལ་གནོངས་དང༌།།
རྩོམ་གསར་བའི་ཕྱག་སོར་ཁྱེད་རང་ལ་འཁྱུག་འདོད།།

རྩོམ་ཁུངས། ཚེ་སྲོག་ལ་འཁྱིལ་བའི་ཟུངས་ཁྲག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསྟོད་ཚིག་ཅོ་ཀའི་དྲུག་འགྱུར།

2010-09-04 ལྕང་སྐྱ་དགེ་འདུན་བཀྲ་ཤིས། ཀློག་གྲངས། མཆན ཡོད།

མཐོ་སྔོ་བསངས་བུ་མོའི་མཐོངས་བྱེད་དབུས་ན།།
དཀར་གསལ་ལེར་ལྡིང་བའི་ཆུ་འཛིན་གྱི་ཕུང་བོ།།
ཆར་ཟིལ་མའི་སྦྲང་་ཆར་ང་རང་ལ་གཏོར་དང༌།།
མཚར་སྡུག་གི་མེ་ཏོག་ཁྱེད་རང་ལ་འབུལ་ལོ།།

ནགས་ཚང་ཚིང་འཁྲིགས་པའི་དྲ་བ་ཡི་ཁྲོད་ན།།
རྩལ་ཡ་མེདརྫོགས་པའི་རྒྱ་སྟག་གི་གཞོན་ནུ།།
ལུས་རྩལ་དྲུག་རྫོགས་པའི་མཆོང་རྩལ་དེ་སྟོན་དང༌།།
ངའི་སེམས་པའི་གཏད་སོ་ཁྱེད་ཉིད་ལས་མི་འདུག།

མདོག་མཐོན་མཐིང་སྣུམ་པའི་གཡུ་ལོ་ཡི་གསེབ་ན།།
ལུས་སྤུ་སྡུག་མཚར་བའི་གཞན་གསོས་ཀྱི་བུ་མོ།།
ངག་ལྷང་ལྷང་སྙན་པའི་གྲེ་འགྱུར་དེ་གནོངས་དང༌།།
དབྱར་སྒེག་མོའི་འཛུམ་ཞལ་ཁྱེད་རང་ལ་འབུལ་འདོད།།

རྫ་སྔོན་མོ་མཛེས་པའི་རྡོ་གླེགས་ཀྱི་གསེབ་ན།།
དྭངས་གཙང་ངེར་བརྡོལ་བའི་བསིལ་སྦྱིན་གྱི་ལྷ་ཆབ།།
རླབས་ཕྲ་མོའི་ཟེགས་མ་ང་རང་ལ་གཏོར་དང༌།།
མཛེས་མེ་ཏོག་ལང་ཚོ་ཁྱེད་ཉིད་ལ་འཛུམ་འདོད།།

དཔྱིད་དཔལ་མོ་རྒྱས་པའི་དགའ་ཚལ་གྱི་དབུས་ན།།
ལུས་འཕུར་ལྡིང་རྩེན་པའི་གཡུ་སྦྲང་གི་གཞོན་ནུ།།
ངག་སྙན་མོའི་སྙིང་གཏམ་ང་རང་ལ་གནོངས་དང༌།།
རོ་ཞིམ་མངར་སྦྲང་རྩི་ཁྱེད་རང་ལ་འབུལ་འདོད།།

སྤྲིན་བང་རིམ་བརྩེགས་པའི་ལྡིང་ཁང་གི་དབུས་ན།།
ལུས་འཁྱུག་འགྲོས་ངོམ་པའི་གཡུ་འབྲུག་གི་གཞོན་ནུ།།
ངག་བརྗིད་པོའི་སྒྲ་དབྱངས་ང་རང་ལ་གནོངས་དང༌།།
སེམས་སྤྲོ་བའི་སྒྲོ་གུར་ཁྱེད་ཉིད་ལ་འབུབས་འདོད།།

དགུང་ཨ་སྔོན་མཛེས་པའི་སྔོ་བསངས་ཀྱི་ཀློང་ན།།
དྲོད་འཛུམ་རླབས་འགྱེད་པའི་འོད་སྟོང་གི་བདག་པོ།།
ཡིད་གཅུགས་པའི་ཟེར་ཕྲེང་ང་རང་ལ་གནོངས་དང༌།།
འདབ་སྟོང་གི་འཕྱོར་སྒེག་ཁྱེད་ཉིད་ལ་གྲོལ་འདོད།།

གངས་དཀར་པོ་མཛེས་པའི་བསིལ་ལྡན་གྱི་ལྗོངས་ན།།
སེམས་འདོད་དགུ་སྐོང་བའི་སྦྲང་ཆར་གྱི་དགའ་མ།།
ཡིད་དུངས་པའི་སྙན་ཚིག་ང་རང་ལ་གནོངས་དང༌།།
རྩོམ་གསར་བའི་ཕྱག་སོར་ཁྱེད་རང་ལ་འཁྱུག་འདོད།།

རྩོམ་ཁུངས། ཚེ་སྲོག་ལ་འཁྱིལ་བའི་ཟུངས་ཁྲག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།