མཚོ་ཆེན་ཁྲི་ཤོར་རྒྱལ་མོར་བསྟོད་པ་ཚངས་ཆེན་མྱོས་པའི་དྲུག་འགྱུར།

སྲིད་གསུམ་བརྟན་གཡོའི་སྒྲ་ཆེན་མངལ་དུ་སྦྲུམ།།
ངག་རིག་འོ་མཚོའི་རླབས་ཕྲེང་མཁའ་ལ་འཕྱུར།།
སོར་རྟོགས་སྤྱན་ཟུར་མདའ་མོ་གར་དུ་རྩེན།།
ཟླ་བའི་སྲིང་མོ་བདག་གི་ཁབ་ཏུ་རོལ།།
གཡུ་མདོག་ལང་ཚོ་རབ་རྒྱས་རྗེ་བཙུན་མ།།
སྣང་སྲིད་འཁོར་འདས་དབང་སྒྱུར་རིག་བྱེད་མ།།
དམ་ཉམས་སྲོག་གི་སྤུ་གྲི་དམག་ཟོར་མ།།
བསིལ་ལྡན་ལྗོངས་འདིར་མཚོ་མོ་ཁྲི་ཤོར་མ།།
སྲིད་ཞིའི་མཛེས་སྡུག་འབྱོར་ཕྱུག་གཅིག་ཏུ་བསྡུས།།
ལྷ་ཀླུའི་བསོད་ནམས་དཔལ་འབྱོར་མཉམ་དུ་སྤུངས།།
ཀྲུང་ཕྱིའི་རིན་ཆེན་གཅེས་ནོར་ལྷན་བརྩེགས་ཀྱང༌།།
ཆ་ཙམ་སྒྲུན་མིན་ཁྲི་ཤོར་ཆུ་གཏེར་རྒྱལ།།
ཆལ་ཆིལ་རླབས་ཕྲེང་འཕྱོ་བས་ཉི་ཟླ་སྒྲིབ།།
ལྟེམ་ལྟེམ་མཚོ་འཇིངས་ཟབ་པས་དབྱིག་འཛིན་ངལ།།
རྔམ་རྔམ་དཔངས་སུ་མཐོ་བས་ས་འཛིན་ནུབ།།
ཨ་ཨ་ལྷོ་ཕྱོགས་རྒྱ་མཚོ་འཕྱུར་རམ་ཅི།།
ཐོས་པ་ཙམ་གྱིས་དད་པའི་སྤུ་ལོང་གཡོ།།
མཇལ་བ་ཙམ་གྱིས་བྱང་སེམས་མེ་ཏོག་བཞད།།
འཐུང་བ་ཙམ་གྱིས་མཆི་མེད་དངོས་གྲུབ་ཐོབ།།
དྲན་པ་ཙམ་གྱིས་ལེགས་ཚོགས་ཡོན་ཏན་འཕེལ།།
བྷོ་ཊའི་རྒྱན་གཅིག་མཚོ་ཆེན་ཁྲི་ཤོར་མའི།།
ཟབ་ཚད་མཁའ་མཉམ་འཕགས་པས་གསེར་དབྱུག་གིས།།
ལན་བརྒྱར་བརྟག་ཀྱང་བློ་གསལ་རྭ་ཡིན་ན།།
ཕལ་བས་རྟོགས་འདོད་ཀུན་གསལ་པད་མོའི་གྲོགས།།
སྔོ་མེར་ཀློང་ཡངས་དོ་རར་གསེར་མིག་ཉ།།
དལ་གྱིས་འཁྱུག་ཚེ་གཡུ་ཡི་མེ་ལོང་ལ།།
ས་ལེ་སྦྲམ་གྱིས་ལེགས་པར་བརྒྱན་པ་ལས།།
མཚུངས་ཆོས་གཞན་ཞིག་སྲིད་འདིར་ཡོད་རེ་སྐན།།
དུང་དང་ཉ་སྲམ་སྐྱེན་རྩལ་གློག་ལས་མྱུར།།
འདབ་ཆགས་ངང་བའི་ཁ་དོག་གསེར་ལས་སེར།།
ཟབ་ཡངས་མཚོ་མོའི་མདངས་བཟང་གཡུ་ལས་སྔོ།།
ཨེ་མ་ཁྲི་ཤོར་རྒྱལ་མོ་སྲིད་ལས་འཕགས།།
རྒྱལ་དབང་པདྨའི་གནམ་ལྕགས་ནུས་མཐུ་ཡིས།།
རིན་ཆེན་སྣ་བརྒྱས་གྲུབ་པའི་ས་འཛིན་ཞིག།
མཚོ་མོའི་འཇིངས་ན་གནམ་འདེགས་ཀ་བ་ལྟར།།
མ་ཧཱ་དེ་བ་གྱེར་ལ་ངལ་གསོས་དབེན།།
མཚོ་སྙིང་མཐོན་མཐིང་རྨ་བྱའི་མགྲིན་པའི་ངོས།།
རང་གྲུབ་སྐྱིབས་ཕུག་དྲང་སྲོང་བསྟི་གནས་ལྷམ།།
བྱ་བྱེའུ་སྙན་འཇེབས་གྲུ་དབྱངས་བླངས་པ་འདིས།།
དབྱངས་ཅན་པི་ཝང་གནས་འདིར་འཁྲོལ་ལམ་ཅི།།
གནོད་སྦྱིན་ཕྱོགས་ན་ངོ་མཚར་དབྱིག་གི་མཛོད།།
མཚེར་བ་རི་ཞེས་སྙན་པ་མཁའ་ལ་འཕུར།།
གནས་འདིར་སྒོང་སྐྱེས་བྱེ་བ་འཚོ་མཐོང་ན།།
བྱ་རྒོད་ཕུང་བོར་མི་སྒོམ་རང་དབང་ཅི།།
ནུབ་ཕྱོགས་རླབས་ཕྲེང་འཕྱོ་བའི་ཀློང་དཀྱིལ་ན།།
འདྲེ་མོ་བྲག་དཀར་ཞེས་པའི་རི་དབང་བརྗིད།།
གངས་དཀར་ཏི་སེ་གནས་འདིར་ནམ་འཕོས་ཞེས།།
རྟ་ལྗང་རྒྱལ་པོས་ཉིན་བཞིན་ཅེར་ནས་བལྟ།།
གངས་རིའི་སྙན་གྲགས་མཚོ་མོའི་རླབས་ཀྱིས་བསྐྱོད།།
ཙི་ནཱའི་འབྱོར་ཕྱུག་ཆུ་གཏེར་བཅུད་ཀྱིས་གསོས།།
མཚོ་མོའི་དཔལ་གྱིས་རྩི་ཤིང་གསོན་ཤུགས་རྒྱས།།
ཆུ་གཏེར་རླབས་ཀྱིས་འབྲུ་དྲུག་ཞིང་སར་སྨིན།།
བོད་མིའི་རླུང་རྟ་རྒྱ་མཚོའི་རླབས་ལྟར་འཕྱོ།།
ཁ་བའི་འབྱོར་ཕྱུག་ཆུ་གཏེར་འཇིངས་བཞིན་ཟབ།།
གངས་ཅན་རིག་གནས་ཛཱ་ཧུའི་རྒྱུན་བཞིན་རིང༌།།
བྷོ་ཊའི་དད་སེམས་འགྱུར་མེད་རྡོ་ལྟར་སྲ།།
རོང་འབྲོག་སྲོག་གི་དྭངས་མ་ཚོ་ལ་བཅོལ།།
བོད་རྒྱ་མཐུན་སྒྲིལ་པད་དཀར་མཚོ་ན་འཛུམ།།
མདོ་སྔགས་ཆོས་ཀྱི་ནོར་བུ་མཚོ་ན་རྡོལ།།
ལུང་རྟོགས་བྱུ་རུའི་མེ་ཏོག་མཚོ་རུ་རྒོད།།
གངས་ཅན་བོད་མིའི་ཚེ་སྲོག་མཚོ་འདིས་འཚོ།།
རང་ཅག་བདེ་བར་འཚོ་འདི་མཚོ་འདིས་འཚོ།།
མི་ཕྱུགས་ནད་མེད་འཚོའང་མཚོ་འདིས་འཚོ།།
གཏན་བདེ་ཡུན་གྱི་འཚོའང་མཚོ་འདིས་འཚོ།།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གསུམ་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚོ་ཆེན་ཁྲི་ཤོར་རྒྱལ་མོར་བསྟོད་པ་ཚངས་ཆེན་མྱོས་པའི་དྲུག་འགྱུར།

2010-09-03 སེང་གེ་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།