སྐྱབས་རྗེ་མཁས་བཙུན་བློ་བཟང་ལུང་རིགས་རྒྱ་མཚོ་དྲན་པའི་མགུར་དབྱངས།

ལྕང་སྐྱ་དགེ་འདུན་བཀྲ་ཤིས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-09-02

དཔལ་གསང་གསུམ་འདུས་པའི་ཟློས་གར་མཁན།།
གོས་ངུར་སྨྲིག་རྩེན་པའི་བརྟུལ་ཞུགས་ཅན།།
དུས་སྙིགས་མའི་མགོན་པོ་འཇམ་དཔལ་དབྱངས།།
ཕ་སུདྷིའི་མཚན་ཅན་ཞབས་ལ་འདུད།།

ལྷ་འཇམ་མགོན་བླ་མའི་གདུང་ཚབ་ལ།།
དེང་བཤད་སྒྲུབ་བསྟན་པའི་བདག་པོ་ཞིག།
གནས་གསེར་མོ་ལྗོངས་ན་བཞུགས་སོ་སྐད།།
མཚན་སྙན་པའི་གྲགས་པ་ཀུན་ན་ལྡིར།།

བདག་རྣམ་དཔྱོད་མེ་ཏོག་ཕྲ་ན་ཡང༌།།
སྔོན་ལས་འབྲེལ་ཉི་ཟེར་དང་འགྲོགས་ཏེ།།
ཆོས་ཟབ་མོ་བཤད་སྒྲུབ་སྦྲང་རྩིའི་རོ།།
རྗེ་ཁྱེད་དྲུང་མྱངས་པའི་སྐལ་བཟང་ཐོབ།།

ཁྱིམ་མེ་མུར་འདྲ་བའི་འོབས་དོང་ནས།།
ཐུགས་བརྩེ་བ་ཆེན་པོས་མ་བཟོད་དེ།།
གོས་ངུར་སྨྲིག་རྒྱལ་མཚན་བདག་ལ་གསོལ།།
དེ་དྲན་པའི་མོད་ལ་མཆི་མ་འཁྲུགས།།

སེམས་དམུ་རྒོད་འདུལ་ལ་ཐབས་འཕྲུལ་མཁན།།
ཆོས་བྱང་ཆུབ་ལམ་གྱི་རིམ་པའི་གཞུང༌།།
ཞལ་དགྱེས་བཞིན་བསྩལ་བའི་བཀའ་དྲིན་མཆོག།
དེ་དྲན་པའི་མོད་ལ་མཆི་ལ་འཁྲུགས།།

མཚན་བསྐལ་བའི་མཐར་ཡང་ཐོས་དཀའ་བ།།
རྒྱུད་སྨིན་བྱེད་དབང་བཞི་ཡོངས་བསྩལ་ཏེ།།
དུས་ནམ་ཞིག་ཟུང་འཇུག་ས་བོན་བསྐྲུན།།
དེ་དྲན་པའི་མོད་ལ་མཆི་མ་འཁྲུགས།།

ཁྲིད་མན་ངག་ཟབ་མོ་གང་གཱའི་རྒྱུན།།
རྗེ་འཇམ་མགོན་བླ་མའི་ཐུགས་བཅུད་ལྟར།།
སེམས་གྱོང་བོ་འདུལ་བའི་ཐབས་ལ་གཙིགས།།
དེ་དྲན་པའི་མོད་ལ་མཆི་མ་འཁྲུགས།།

མགོན་ཁྱོད་ཀྱིས་འདི་ཕྱིའི་སློབ་སྟོན་གྱིས།།
མ་མཛངས་མས་བུས་པ་བྱི་བཞིན་བསྐྱངས་པས།།
དུས་དེང་སང་བོར་བུ་མི་གྲལ་ཆུད།།
དེ་དྲན་པའི་མོད་ལ་མཆི་མ་འཁྲུགས།།

དུས་སྙིགས་མར་སེར་སྐྱར་ཕོ་མོ་ཀུན།།
ཚེ་འདི་སྣང་བསླུ་བྲིད་བགྱིད་པའི་ཚེ།
ཕ་ཁྱོད་ཀྱིས་ཆོས་བརྒྱད་དུག་ལྟར་འཛེམ།།
དེ་དྲན་པའི་མོད་ལ་མཆི་མ་འཁྲུགས།།

དུས་རྟག་ཏུ་སྤྱོད་ལམ་རྣམ་པ་བཞིར།།
ངའི་བཀའ་དྲིན་གསུམ་ལྡན་བླ་མ་དེ།།
སྙིང་རུས་པའི་གཏིང་ནས་དྲན་ཆེ་བས།།
སྐད་དྲག་པོས་འབོད་པ་ཅི་ཡང་གཏོང༌།།

རྗེ་ཟླ་མེད་བླ་མའི་གདན་ས་ན།།
ཕས་ཤུལ་དུ་བོར་བའི་དྭ་ཕྲུག་ཅིག།
ངག་ལྷང་ལྷང་སྨྲེ་སྔགས་འདོན་བཞིན་དུ།།
མིག་མཆི་མ་འཁྲུགས་པ་དགོངས་ལགས་སམ།།

དུས་དང་བོའི་སངས་རྒྱས་ཁྱེད་ཉིད་ཀྱིས།།
ཞལ་ཉི་མའི་འཛུམ་པ་སླར་བསྟན་ནས།།
གསུང་ལེགས་བཤད་ཟེར་ཕྲེང་མངོན་སྤྲས་ཏེ།།
འབངས་འགྲོ་བ་སྐྱོང་བ་བསྙེལ་མི་འཚལ།།

རྩོམ་ཁུངས། ཚེ་སྲོག་ལ་འཁྱིལ་བའི་ཟུངས་ཁྲག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱབས་རྗེ་མཁས་བཙུན་བློ་བཟང་ལུང་རིགས་རྒྱ་མཚོ་དྲན་པའི་མགུར་དབྱངས།

2010-09-02 ལྕང་སྐྱ་དགེ་འདུན་བཀྲ་ཤིས། ཀློག་གྲངས། མཆན ཡོད།

དཔལ་གསང་གསུམ་འདུས་པའི་ཟློས་གར་མཁན།།
གོས་ངུར་སྨྲིག་རྩེན་པའི་བརྟུལ་ཞུགས་ཅན།།
དུས་སྙིགས་མའི་མགོན་པོ་འཇམ་དཔལ་དབྱངས།།
ཕ་སུདྷིའི་མཚན་ཅན་ཞབས་ལ་འདུད།།

ལྷ་འཇམ་མགོན་བླ་མའི་གདུང་ཚབ་ལ།།
དེང་བཤད་སྒྲུབ་བསྟན་པའི་བདག་པོ་ཞིག།
གནས་གསེར་མོ་ལྗོངས་ན་བཞུགས་སོ་སྐད།།
མཚན་སྙན་པའི་གྲགས་པ་ཀུན་ན་ལྡིར།།

བདག་རྣམ་དཔྱོད་མེ་ཏོག་ཕྲ་ན་ཡང༌།།
སྔོན་ལས་འབྲེལ་ཉི་ཟེར་དང་འགྲོགས་ཏེ།།
ཆོས་ཟབ་མོ་བཤད་སྒྲུབ་སྦྲང་རྩིའི་རོ།།
རྗེ་ཁྱེད་དྲུང་མྱངས་པའི་སྐལ་བཟང་ཐོབ།།

ཁྱིམ་མེ་མུར་འདྲ་བའི་འོབས་དོང་ནས།།
ཐུགས་བརྩེ་བ་ཆེན་པོས་མ་བཟོད་དེ།།
གོས་ངུར་སྨྲིག་རྒྱལ་མཚན་བདག་ལ་གསོལ།།
དེ་དྲན་པའི་མོད་ལ་མཆི་མ་འཁྲུགས།།

སེམས་དམུ་རྒོད་འདུལ་ལ་ཐབས་འཕྲུལ་མཁན།།
ཆོས་བྱང་ཆུབ་ལམ་གྱི་རིམ་པའི་གཞུང༌།།
ཞལ་དགྱེས་བཞིན་བསྩལ་བའི་བཀའ་དྲིན་མཆོག།
དེ་དྲན་པའི་མོད་ལ་མཆི་ལ་འཁྲུགས།།

མཚན་བསྐལ་བའི་མཐར་ཡང་ཐོས་དཀའ་བ།།
རྒྱུད་སྨིན་བྱེད་དབང་བཞི་ཡོངས་བསྩལ་ཏེ།།
དུས་ནམ་ཞིག་ཟུང་འཇུག་ས་བོན་བསྐྲུན།།
དེ་དྲན་པའི་མོད་ལ་མཆི་མ་འཁྲུགས།།

ཁྲིད་མན་ངག་ཟབ་མོ་གང་གཱའི་རྒྱུན།།
རྗེ་འཇམ་མགོན་བླ་མའི་ཐུགས་བཅུད་ལྟར།།
སེམས་གྱོང་བོ་འདུལ་བའི་ཐབས་ལ་གཙིགས།།
དེ་དྲན་པའི་མོད་ལ་མཆི་མ་འཁྲུགས།།

མགོན་ཁྱོད་ཀྱིས་འདི་ཕྱིའི་སློབ་སྟོན་གྱིས།།
མ་མཛངས་མས་བུས་པ་བྱི་བཞིན་བསྐྱངས་པས།།
དུས་དེང་སང་བོར་བུ་མི་གྲལ་ཆུད།།
དེ་དྲན་པའི་མོད་ལ་མཆི་མ་འཁྲུགས།།

དུས་སྙིགས་མར་སེར་སྐྱར་ཕོ་མོ་ཀུན།།
ཚེ་འདི་སྣང་བསླུ་བྲིད་བགྱིད་པའི་ཚེ།
ཕ་ཁྱོད་ཀྱིས་ཆོས་བརྒྱད་དུག་ལྟར་འཛེམ།།
དེ་དྲན་པའི་མོད་ལ་མཆི་མ་འཁྲུགས།།

དུས་རྟག་ཏུ་སྤྱོད་ལམ་རྣམ་པ་བཞིར།།
ངའི་བཀའ་དྲིན་གསུམ་ལྡན་བླ་མ་དེ།།
སྙིང་རུས་པའི་གཏིང་ནས་དྲན་ཆེ་བས།།
སྐད་དྲག་པོས་འབོད་པ་ཅི་ཡང་གཏོང༌།།

རྗེ་ཟླ་མེད་བླ་མའི་གདན་ས་ན།།
ཕས་ཤུལ་དུ་བོར་བའི་དྭ་ཕྲུག་ཅིག།
ངག་ལྷང་ལྷང་སྨྲེ་སྔགས་འདོན་བཞིན་དུ།།
མིག་མཆི་མ་འཁྲུགས་པ་དགོངས་ལགས་སམ།།

དུས་དང་བོའི་སངས་རྒྱས་ཁྱེད་ཉིད་ཀྱིས།།
ཞལ་ཉི་མའི་འཛུམ་པ་སླར་བསྟན་ནས།།
གསུང་ལེགས་བཤད་ཟེར་ཕྲེང་མངོན་སྤྲས་ཏེ།།
འབངས་འགྲོ་བ་སྐྱོང་བ་བསྙེལ་མི་འཚལ།།

རྩོམ་ཁུངས། ཚེ་སྲོག་ལ་འཁྱིལ་བའི་ཟུངས་ཁྲག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།