ཐོལ་བྱུང་སྙན་ངག

ཟླ་བ་གཞོན་ནུའི་འཛུམ་བག་ལ།།
ཟུར་མིག་འཁྱུད་པའི་ལང་ཚོ་ཅན།།
ཀུ་མུ་ཏ་ཡི་སྐྲ་ཚོགས་ཀྱིས།།
ས་ལ་འཇའ་ཚོན་འཐག་པའི་གཞིར།།
སྤང་ལ་བཏབ་པའི་མུ་ཏིག་མང༌།།
ལྟེམས་ཀྱིས་འཕྱོ་བའི་གཡང་དཀར་ཁྱུ།།
བསེར་མ་རླུང་གི་སྒྱུ་འཕྲུལ་གྱིས།།
དུང་སྤྲིན་ཚོམ་བུར་ཆད་པ་བཞིན།།
ནེའུ་གསིང་མེ་ལོང་སྟོང་ཕྲག་གི།།
མཚར་སྡུག་ངོགས་སུ་བཞད་པའི་དབྱིག།
གནག་ཕྱུགས་རྨིག་པའི་རྗེས་དག་ལ།།
ལོ་རྒྱུས་ཆུ་མིག་རེ་རེ་འཁྱིལ།།
མྱུར་འཁྱུག་གློག་གི་འགྱུ་བ་ལ།།
སྨོད་པའི་གྱི་ལིང་རྒྱ་མཚོའི་རྡུལ།།
དགྱེས་པའི་འཚེར་སྐད་རིང་པོ་ཡིས།།
གནམ་སའི་ཧྲག་བར་ཅིག་ཅར་ཕྱེ།།
དབྱར་ཟླའི་ན་ཆུང་ལྡེམ་སྐྱོད་ཀྱིས།།
ཡིད་ཀྱི་ལྕུག་ཕྲན་ཀུན་ནས་འདར།།
སྦྲ་དང་གུར་གྱི་དཀྱིལ་འཁོར་དུ།།
དྲི་དང་རོ་ཡི་ཞིམ་མངར་འཁྱིལ།།
མཁའ་མཐའི་ཉི་ཟེར་འཇམ་པོ་དང༌།།
མཚམས་སྤྲིན་དམའ་མོའི་འོག་རོལ་ཏུ།།
ཨ་མའི་ཡིག་དྲུག་རྒྱུད་མངས་དང༌།།
ཨ་ཕའི་བསང་གི་དུང་སྒྲ་སྙན།།
སྤྲིན་དཀར་བཞད་པའི་མྱོས་བུམ་ལས།།
འོ་མའི་གྲུ་ཆར་དལ་གྱིས་ཟགས།།
སྤང་ལྗོངས་སྔོན་མོའི་ཕྲག་གོང་དུ།།
སྙིང་སྡུག་བུ་མོའི་འཛུམ་བག་བསུས།།
སྙན་ལ་སིང་བའི་མཛའ་གཞས་ཀྱིས།།
དཀར་ལ་དམར་བའི་གཟི་བྱིན་བསྐྱེད།།
བརྩེ་ལ་འཛུམ་པའི་མིག་ཞགས་ཀྱིས།།
དམར་ལ་ཆུང་བའི་སེམས་པ་བསྡམས།།
བརྒྱ་བྱིན་ལག་ཏུ་ཁེངས་པའི་གཞུ།།
རི་མོར་བཤམས་པའི་གུར་ཁྱིམ་དུ།།
སྤྲོ་སྐྱིད་འོ་མའི་ཟིལ་དངར་ལ།།
ལོངས་སུ་བྱེད་པའི་སྐལ་བ་སྦོམ།།
ལྡོང་བཙན་སྣང་ངུ་གྲགས་པའི་དཔལ།།
རིག་བྱེད་རྩེད་མོ་འདི་ལ་དགྱེས།།
ལྗགས་རྩེ་འཕྲུལ་གྱི་ཆ་རེར་ཡང༌།།
དག་གི་འགྱུར་ཁུགས་འདི་ལྟར་གཡོ།།
                           ༡༩༩༤ . ༥. ༡༧ལ་ཕ་ཡུལ་དུ།

རྩོམ་ཁུངས། ཀུ་ཤུ་དམར་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐོལ་བྱུང་སྙན་ངག

2010-09-02 ལྡོང་ཆུ་ཤེལ། ཀློག་གྲངས། མཆན ཡོད།

ཟླ་བ་གཞོན་ནུའི་འཛུམ་བག་ལ།།
ཟུར་མིག་འཁྱུད་པའི་ལང་ཚོ་ཅན།།
ཀུ་མུ་ཏ་ཡི་སྐྲ་ཚོགས་ཀྱིས།།
ས་ལ་འཇའ་ཚོན་འཐག་པའི་གཞིར།།
སྤང་ལ་བཏབ་པའི་མུ་ཏིག་མང༌།།
ལྟེམས་ཀྱིས་འཕྱོ་བའི་གཡང་དཀར་ཁྱུ།།
བསེར་མ་རླུང་གི་སྒྱུ་འཕྲུལ་གྱིས།།
དུང་སྤྲིན་ཚོམ་བུར་ཆད་པ་བཞིན།།
ནེའུ་གསིང་མེ་ལོང་སྟོང་ཕྲག་གི།།
མཚར་སྡུག་ངོགས་སུ་བཞད་པའི་དབྱིག།
གནག་ཕྱུགས་རྨིག་པའི་རྗེས་དག་ལ།།
ལོ་རྒྱུས་ཆུ་མིག་རེ་རེ་འཁྱིལ།།
མྱུར་འཁྱུག་གློག་གི་འགྱུ་བ་ལ།།
སྨོད་པའི་གྱི་ལིང་རྒྱ་མཚོའི་རྡུལ།།
དགྱེས་པའི་འཚེར་སྐད་རིང་པོ་ཡིས།།
གནམ་སའི་ཧྲག་བར་ཅིག་ཅར་ཕྱེ།།
དབྱར་ཟླའི་ན་ཆུང་ལྡེམ་སྐྱོད་ཀྱིས།།
ཡིད་ཀྱི་ལྕུག་ཕྲན་ཀུན་ནས་འདར།།
སྦྲ་དང་གུར་གྱི་དཀྱིལ་འཁོར་དུ།།
དྲི་དང་རོ་ཡི་ཞིམ་མངར་འཁྱིལ།།
མཁའ་མཐའི་ཉི་ཟེར་འཇམ་པོ་དང༌།།
མཚམས་སྤྲིན་དམའ་མོའི་འོག་རོལ་ཏུ།།
ཨ་མའི་ཡིག་དྲུག་རྒྱུད་མངས་དང༌།།
ཨ་ཕའི་བསང་གི་དུང་སྒྲ་སྙན།།
སྤྲིན་དཀར་བཞད་པའི་མྱོས་བུམ་ལས།།
འོ་མའི་གྲུ་ཆར་དལ་གྱིས་ཟགས།།
སྤང་ལྗོངས་སྔོན་མོའི་ཕྲག་གོང་དུ།།
སྙིང་སྡུག་བུ་མོའི་འཛུམ་བག་བསུས།།
སྙན་ལ་སིང་བའི་མཛའ་གཞས་ཀྱིས།།
དཀར་ལ་དམར་བའི་གཟི་བྱིན་བསྐྱེད།།
བརྩེ་ལ་འཛུམ་པའི་མིག་ཞགས་ཀྱིས།།
དམར་ལ་ཆུང་བའི་སེམས་པ་བསྡམས།།
བརྒྱ་བྱིན་ལག་ཏུ་ཁེངས་པའི་གཞུ།།
རི་མོར་བཤམས་པའི་གུར་ཁྱིམ་དུ།།
སྤྲོ་སྐྱིད་འོ་མའི་ཟིལ་དངར་ལ།།
ལོངས་སུ་བྱེད་པའི་སྐལ་བ་སྦོམ།།
ལྡོང་བཙན་སྣང་ངུ་གྲགས་པའི་དཔལ།།
རིག་བྱེད་རྩེད་མོ་འདི་ལ་དགྱེས།།
ལྗགས་རྩེ་འཕྲུལ་གྱི་ཆ་རེར་ཡང༌།།
དག་གི་འགྱུར་ཁུགས་འདི་ལྟར་གཡོ།།
                           ༡༩༩༤ . ༥. ༡༧ལ་ཕ་ཡུལ་དུ།

རྩོམ་ཁུངས། ཀུ་ཤུ་དམར་པོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།