བོང་སྟག་རི་ལུས་བླངས་པའི་མགུར།


ལུས་ལྗིད་པོ་འདི་སུ་ཡི་ལན་ཆགས་རེད།།
ལྟོ་བླུད་ཀྱིན་དུ་ཧམ་པ་ཇེ་ཆེ་རེད།།
མཁར་ཁང་བ་འདིས་ཡིད་དེ་ཚིམ་རན་མེད།།
ཕོགས་བསྣན་པ་དེས་མགུ་དེ་ཚིམ་ཚོད་མེད།

 
ཆུང་བྱིས་དུས་ན་འབྱོར་མེད་ཡིན་དུས་སུ།།
པགས་ར་རྩགས་དེ་རྒྱབ་ལ་དྲོ་ནས་ཡོད།།
ཟས་རྩམ་པ་དེས་གྲོད་ཁོག་འགངས་ནས་ཡོད།།
ཕྱུགས་འཚོ་སྐྱོང་དེ་ལག་ལ་འཁོར་ནས་ཡོད།།
 
འུར་གནམ་ལྕགས་དེ་མགོ་ལ་བསྐོར་ཐེངས་རེར།།
རྟ་ནོར་ལུག་དེ་ལྷས་སུ་བསྐྱིལ་ནས་ཡོད།།
གཡང་སྒོ་ཟོག་དེ་རི་ལ་འདེད་ཐེངས་རེར།།
ཐང་ཨ་ལོང་དེའི་ཁ་ཞང་བརྐྱངས་ནས་ཡོད། །
 
ལོ་ཟླ་བ་དེ་འཁོར་གྱིན་འཁོར་གྱིན་དུ།།
ཐང་བདེ་མོ་དེ་གཙབ་ཀྱིན་གཙབ་ཀྱིན་དུ།།
རྟ་ནོར་ལུག་དེ་བཙོང་གིན་བཙོང་གིན་དུ།།
ང་ཅང་མེད་ཀྱི་སྒོ་ནག་དེ་ནས་ཉན།།
 
ལས་ངན་པ་ཞིག་མགོ་ལ་ཐོན་ན་ཡང༌།།
ལམ་བཟང་བོ་དེས་ང་ལ་སྒུག་ནས་འདུག།
གོང་དཔོན་པོ་ཡི་འཛུམ་དཀར་ཐོབ་པ་ནས།།
ཕོགས་ལེན་མཁན་གྱི་གྲལ་དུ་ང་རང་ཚུད།།

དུས་དེ་ནས་བཟུང་ཆང་ངོ་ང་ཡིས་ཤེས།།
དུས་དེ་ནས་བཟུང་རྒྱུ་ངོ་ང་ཡིས་ཤེས།།
ལས་རྒྱུ་འབྲས་དེ་དེ་ནས་སྣོག་མགོ་བརྩམས།།
ལུས་རྣམ་གཡེང་ལ་དེ་ནས་གཡེང་མགོ་བརྩམས།།
 
གོང་དཔོན་པོ་དེ་ང་ལ་དྲིན་ཆེན་ཡིན།།
ཕོགས་བྱིན་པ་དེས་ཁ་རྒྱབ་འགྲངས་ནས་ཡོད།།
ཆང་བླུད་པ་དེས་མགོ་བོ་འཁོར་ནས་ཡོད།།
ལས་འདི་འདྲ་ཡིས་མི་ཚེ་བཏང་ནས་ཡོད།།
 
གླུ་ཨ་ལ་འདི་སྤྱིར་ན་ལེན་འདོད་མེད།།
དབྱངས་ཐ་ལ་རུ་དེ་བས་འགུག་འདོད་མེད།།
རང་ཐ་ཤལ་དུ་གྱུར་བ་འདི་མཐོང་ན།།
སྒྲུང་འདི་འདྲ་ཞིག་མི་ལེན་ཐབས་མེད་རེད།།
                       2010.9.2

རྩོམ་ཁུངས། སེང་རྡོར་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོང་སྟག་རི་ལུས་བླངས་པའི་མགུར།

2010-09-02 བོང་སྟག་རི་ལུ། ཀློག་གྲངས། མཆན ཡོད།


ལུས་ལྗིད་པོ་འདི་སུ་ཡི་ལན་ཆགས་རེད།།
ལྟོ་བླུད་ཀྱིན་དུ་ཧམ་པ་ཇེ་ཆེ་རེད།།
མཁར་ཁང་བ་འདིས་ཡིད་དེ་ཚིམ་རན་མེད།།
ཕོགས་བསྣན་པ་དེས་མགུ་དེ་ཚིམ་ཚོད་མེད།

 
ཆུང་བྱིས་དུས་ན་འབྱོར་མེད་ཡིན་དུས་སུ།།
པགས་ར་རྩགས་དེ་རྒྱབ་ལ་དྲོ་ནས་ཡོད།།
ཟས་རྩམ་པ་དེས་གྲོད་ཁོག་འགངས་ནས་ཡོད།།
ཕྱུགས་འཚོ་སྐྱོང་དེ་ལག་ལ་འཁོར་ནས་ཡོད།།
 
འུར་གནམ་ལྕགས་དེ་མགོ་ལ་བསྐོར་ཐེངས་རེར།།
རྟ་ནོར་ལུག་དེ་ལྷས་སུ་བསྐྱིལ་ནས་ཡོད།།
གཡང་སྒོ་ཟོག་དེ་རི་ལ་འདེད་ཐེངས་རེར།།
ཐང་ཨ་ལོང་དེའི་ཁ་ཞང་བརྐྱངས་ནས་ཡོད། །
 
ལོ་ཟླ་བ་དེ་འཁོར་གྱིན་འཁོར་གྱིན་དུ།།
ཐང་བདེ་མོ་དེ་གཙབ་ཀྱིན་གཙབ་ཀྱིན་དུ།།
རྟ་ནོར་ལུག་དེ་བཙོང་གིན་བཙོང་གིན་དུ།།
ང་ཅང་མེད་ཀྱི་སྒོ་ནག་དེ་ནས་ཉན།།
 
ལས་ངན་པ་ཞིག་མགོ་ལ་ཐོན་ན་ཡང༌།།
ལམ་བཟང་བོ་དེས་ང་ལ་སྒུག་ནས་འདུག།
གོང་དཔོན་པོ་ཡི་འཛུམ་དཀར་ཐོབ་པ་ནས།།
ཕོགས་ལེན་མཁན་གྱི་གྲལ་དུ་ང་རང་ཚུད།།

དུས་དེ་ནས་བཟུང་ཆང་ངོ་ང་ཡིས་ཤེས།།
དུས་དེ་ནས་བཟུང་རྒྱུ་ངོ་ང་ཡིས་ཤེས།།
ལས་རྒྱུ་འབྲས་དེ་དེ་ནས་སྣོག་མགོ་བརྩམས།།
ལུས་རྣམ་གཡེང་ལ་དེ་ནས་གཡེང་མགོ་བརྩམས།།
 
གོང་དཔོན་པོ་དེ་ང་ལ་དྲིན་ཆེན་ཡིན།།
ཕོགས་བྱིན་པ་དེས་ཁ་རྒྱབ་འགྲངས་ནས་ཡོད།།
ཆང་བླུད་པ་དེས་མགོ་བོ་འཁོར་ནས་ཡོད།།
ལས་འདི་འདྲ་ཡིས་མི་ཚེ་བཏང་ནས་ཡོད།།
 
གླུ་ཨ་ལ་འདི་སྤྱིར་ན་ལེན་འདོད་མེད།།
དབྱངས་ཐ་ལ་རུ་དེ་བས་འགུག་འདོད་མེད།།
རང་ཐ་ཤལ་དུ་གྱུར་བ་འདི་མཐོང་ན།།
སྒྲུང་འདི་འདྲ་ཞིག་མི་ལེན་ཐབས་མེད་རེད།།
                       2010.9.2

རྩོམ་ཁུངས། སེང་རྡོར་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།