མངའ་བདག་ཁྲི་རལ།

ལྕང་སྐྱ་དགེ་འདུན་བཀྲ་ཤིས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-09-01

མདོ་རྒྱུད་རིག་པ་ཐང་མར་བརྡལ་ལ་ལོ་པཎ་ལི་ཁྲིའི་རྡུལ་ལ་འཕྱ།།
ཡང་དག་ཆོས་ཀྱི་སྦྲང་ཆར་སྙོམས་པས་ར་རིའི་རྡུལ་འཚུབ་དབྱིངས་སུ་ཞི།།
བསྟན་སྲིད་ཉིན་བྱེད་འོད་ཀྱི་འཁོར་ལོ་མཐོ་དམན་སྤྱི་གཙུག་དབུ་ན་འཁོར།།
སྡེ་བཞིའི་ཕུན་ཚོགས་གཡས་སུ་བསྐྱིལ་ལ་བདེ་ལྡན་ཞིང་ལ་ཅོ་འདྲི་མཛད།།
བློ་སྤོབས་དྲག་པོའི་སྤར་ཁྱིམ་གཅིག་གིས་ཕས་རྒོལ་ཀླད་ཞོ་ས་ལ་གཏོར།།
ངོ་མཚར་ལུགས་གཉིས་ཉི་ཟླའི་ཆ་ལུང་གནམས་འཐབ་པའི་བར་ལས་སྦྲེལ།།
བོད་རྒྱ་རྨུ་ཐག་གཅིག་ཏུ་རྒྱས་བཏབ་གོར་མའི་རྡོ་རིང་མཁའ་ལ་བསླངས།།
དབོན་ཞང་མི་ཤིགས་རྡོ་རྗེའི་རྒྱ་མདུད་གཡུང་དྲུང་རིས་ཀྱིས་བསྐལ་བར་བསྲིངས།།
གོ་ལའི་དཔྱིད་དཔལ་ཕྱོགས་འདིར་བསྡུས་ཏེ་མེད་པོའི་མཛད་འཕྲིན་བསྐངས་ན་ཡང༌།།
ལྗོངས་འདིའི་འབྱོར་ཕྱུག་སྣང་བའི་མུ་ཁྱུད་ཁམ་ཟས་བགྱིས་པའི་དུས་ལ་བབ།།
རུལ་སུངས་རང་རིགས་སྦལ་བ་རྨ་ཅན་སྣང་མེད་བཞག་པའི་དན་རྟགས་སུ།།
གཟུགས་སྐུའི་དུང་ཟླ་ས་ལ་འཕངས་ཏེ་མཛད་འཕྲིན་སྙེ་མ་གཅིག་ཏུ་བསྡུས།།
དག་གཙང་རྣམ་ཐར་ཟེགས་མ་རེ་ཡང་ནམ་མཁའི་ཁྱོན་གྱི་བདེན་པ་བརྡར།།
སྔོན་མེད་ཉི་ཟླའི་མཛད་འཕྲིན་ཟེར་མ་དེབ་ཐེར་བུ་མོའི་མངལ་དུ་འཁྱུག།
རེ་ཞིག་བློན་ངན་བསྟེན་པས་ཕོངས་ཀྱང་རང་རིགས་དུངས་སེམས་ཤུལ་དུ་བཞག།
ཚེ་སྲོག་རྨུ་ཐག་དབྱིངས་སུ་བསྡུས་ཀྱང་གྲགས་སྙན་རླུང་རྟ་ཕྱོགས་ནས་འཕུར།།

རྩོམ་ཁུངས། ཚེ་སྲོག་ལ་འཁྱིལ་བའི་ཟུངས་ཁྲག།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མངའ་བདག་ཁྲི་རལ།

2010-09-01 ལྕང་སྐྱ་དགེ་འདུན་བཀྲ་ཤིས། ཀློག་གྲངས། མཆན ཡོད།

མདོ་རྒྱུད་རིག་པ་ཐང་མར་བརྡལ་ལ་ལོ་པཎ་ལི་ཁྲིའི་རྡུལ་ལ་འཕྱ།།
ཡང་དག་ཆོས་ཀྱི་སྦྲང་ཆར་སྙོམས་པས་ར་རིའི་རྡུལ་འཚུབ་དབྱིངས་སུ་ཞི།།
བསྟན་སྲིད་ཉིན་བྱེད་འོད་ཀྱི་འཁོར་ལོ་མཐོ་དམན་སྤྱི་གཙུག་དབུ་ན་འཁོར།།
སྡེ་བཞིའི་ཕུན་ཚོགས་གཡས་སུ་བསྐྱིལ་ལ་བདེ་ལྡན་ཞིང་ལ་ཅོ་འདྲི་མཛད།།
བློ་སྤོབས་དྲག་པོའི་སྤར་ཁྱིམ་གཅིག་གིས་ཕས་རྒོལ་ཀླད་ཞོ་ས་ལ་གཏོར།།
ངོ་མཚར་ལུགས་གཉིས་ཉི་ཟླའི་ཆ་ལུང་གནམས་འཐབ་པའི་བར་ལས་སྦྲེལ།།
བོད་རྒྱ་རྨུ་ཐག་གཅིག་ཏུ་རྒྱས་བཏབ་གོར་མའི་རྡོ་རིང་མཁའ་ལ་བསླངས།།
དབོན་ཞང་མི་ཤིགས་རྡོ་རྗེའི་རྒྱ་མདུད་གཡུང་དྲུང་རིས་ཀྱིས་བསྐལ་བར་བསྲིངས།།
གོ་ལའི་དཔྱིད་དཔལ་ཕྱོགས་འདིར་བསྡུས་ཏེ་མེད་པོའི་མཛད་འཕྲིན་བསྐངས་ན་ཡང༌།།
ལྗོངས་འདིའི་འབྱོར་ཕྱུག་སྣང་བའི་མུ་ཁྱུད་ཁམ་ཟས་བགྱིས་པའི་དུས་ལ་བབ།།
རུལ་སུངས་རང་རིགས་སྦལ་བ་རྨ་ཅན་སྣང་མེད་བཞག་པའི་དན་རྟགས་སུ།།
གཟུགས་སྐུའི་དུང་ཟླ་ས་ལ་འཕངས་ཏེ་མཛད་འཕྲིན་སྙེ་མ་གཅིག་ཏུ་བསྡུས།།
དག་གཙང་རྣམ་ཐར་ཟེགས་མ་རེ་ཡང་ནམ་མཁའི་ཁྱོན་གྱི་བདེན་པ་བརྡར།།
སྔོན་མེད་ཉི་ཟླའི་མཛད་འཕྲིན་ཟེར་མ་དེབ་ཐེར་བུ་མོའི་མངལ་དུ་འཁྱུག།
རེ་ཞིག་བློན་ངན་བསྟེན་པས་ཕོངས་ཀྱང་རང་རིགས་དུངས་སེམས་ཤུལ་དུ་བཞག།
ཚེ་སྲོག་རྨུ་ཐག་དབྱིངས་སུ་བསྡུས་ཀྱང་གྲགས་སྙན་རླུང་རྟ་ཕྱོགས་ནས་འཕུར།།

རྩོམ་ཁུངས། ཚེ་སྲོག་ལ་འཁྱིལ་བའི་ཟུངས་ཁྲག།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།