ཀ་རྩོམ་ཡིད་ཀྱི་རྦ་རླབས།

ཨ་ཁུ་བླ་རྒན་ཐབ་ཀའི་འགྲམ་དུ་ཙོག།
ཧ་ཡང་སྡེར་མར་གོ་སྐམ་ཏོག་ཙམ་འདུག།
ས་གསུམ་སྐྱབས་མགོན་ཟེར་བཞིན་ཐལ་མོ་སྦྱོར།།
ཤ་རུས་ཉེ་འབྲེལ་ཟེར་དུས་མིག་ཆུ་ལྷུང༌།།
ལ་ཐོད་དམར་པོའི་ཞྭ་དེ་མགོ་ལ་གྱོན།།
ར་སློག་རྙིང་བའི་སྨད་གཡོགས་ཤིག་ཀྱང་མནབས།།
ཡ་སོ་འཐོར་བའི་ཤུལ་ན་གཉིས་ཙམ་ལྷག།
འ་འུར་ལ་དགའ་དགེ་ཕྲུག་སྲང་བར་འཁྱམས།།
ཟ་འཐུང་ཞིམ་པོ་གཡོ་བའི་ཐབས་ཀྱིས་དབེན།།
ཞ་འཐེང་བཞིན་དུ་གོམ་གསུམ་སྤོ་མི་ནུས།།
ཝ་མོ་བརྒྱལ་བའི་སྡུག་བསྔལ་གང་མང་མྱོང༌།།
ཛ་ཡ་རྒྱལ་བའི་སྐུ་ལ་ཡུད་ཙམ་བལྟས།།
ཚ་རུ་ལྟ་བུའི་མགོ་ལ་ལན་རེར་འཕྲུག།
ཙར་གྱིས་འཛགས་པའི་ཁ་ཆུས་གཟན་ཤམ་བརླན།།
མ་དང་སྲིང་མོ་ཡིད་ལ་ཐེངས་གཅིག་ཤར།།
བན་དེ་བྱས་ནས་ལོ་ངོ་བརྒྱད་ཅུ་ལོན།།
ཕ་ཡུལ་མ་མཐོང་ལོ་ངོ་འདི་ཙམ་སོང༌།།
པ་ཕས་བོར་བའི་ལོ་ཟླ་འདི་ཙམ་བསྐྱལ།།
ན་རྒས་ལུས་སེམས་གདུང་ལ་ཞེ་རེ་སྐྱོ།།
ད་ལྟ་ཤི་ན་སྙམ་བཞིན་དབུགས་རིང་ཤོར།།
ཐ་ཆད་དགེ་ཕྲུག་མ་ཡོང་ཉིན་གསུམ་འགོར།།
ཏ་ཀུར་བརྟེན་ཀྱང་ཐང་ལ་གཅོམ་གྱིས་འགྱེལ།།
ཉ་མོ་ལྕགས་ཀྱུས་དྲངས་བཞིན་ཟུག་རྔུ་བསྐྱེད།།
ཇ་གསར་ཕོར་བ་གང་ཙམ་བསྐོལ་མ་ཐུབ།།
ཆ་ལུགས་ཙོག་པོའི་མལ་དུ་གོག་ནུར་བྱས།།
ཅ་རིལ་བཞིན་དུ་གུམ་པོར་བྱས་ཏེ་ཉལ།།
ང་ཡི་ལས་འདི་ཟེར་བཞིན་མིག་ཆུ་ལྷུང༌།།
ག་ཤེད་ཅིག་ནས་དགེ་ཕྲུག་ནང་དུ་སླེབས།།
ཁ་གདངས་མིག་ཟུང་ཅེར་ཏེ་ཨ་ཁུར་བལྟས།།
ཀྭ་ཡེ་ཨ་ཁུ་ལྔ་པའི་ལམ་དུ་གཤེགས།།
                       ༡༩༩༥.༡.༢༠རོང་བོ།

རྩོམ་ཁུངས། ཀུ་ཤུ་དམར་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀ་རྩོམ་ཡིད་ཀྱི་རྦ་རླབས།

2010-09-01 ལྡོང་ཆུ་ཤེལ། ཀློག་གྲངས། མཆན ཡོད།

ཨ་ཁུ་བླ་རྒན་ཐབ་ཀའི་འགྲམ་དུ་ཙོག།
ཧ་ཡང་སྡེར་མར་གོ་སྐམ་ཏོག་ཙམ་འདུག།
ས་གསུམ་སྐྱབས་མགོན་ཟེར་བཞིན་ཐལ་མོ་སྦྱོར།།
ཤ་རུས་ཉེ་འབྲེལ་ཟེར་དུས་མིག་ཆུ་ལྷུང༌།།
ལ་ཐོད་དམར་པོའི་ཞྭ་དེ་མགོ་ལ་གྱོན།།
ར་སློག་རྙིང་བའི་སྨད་གཡོགས་ཤིག་ཀྱང་མནབས།།
ཡ་སོ་འཐོར་བའི་ཤུལ་ན་གཉིས་ཙམ་ལྷག།
འ་འུར་ལ་དགའ་དགེ་ཕྲུག་སྲང་བར་འཁྱམས།།
ཟ་འཐུང་ཞིམ་པོ་གཡོ་བའི་ཐབས་ཀྱིས་དབེན།།
ཞ་འཐེང་བཞིན་དུ་གོམ་གསུམ་སྤོ་མི་ནུས།།
ཝ་མོ་བརྒྱལ་བའི་སྡུག་བསྔལ་གང་མང་མྱོང༌།།
ཛ་ཡ་རྒྱལ་བའི་སྐུ་ལ་ཡུད་ཙམ་བལྟས།།
ཚ་རུ་ལྟ་བུའི་མགོ་ལ་ལན་རེར་འཕྲུག།
ཙར་གྱིས་འཛགས་པའི་ཁ་ཆུས་གཟན་ཤམ་བརླན།།
མ་དང་སྲིང་མོ་ཡིད་ལ་ཐེངས་གཅིག་ཤར།།
བན་དེ་བྱས་ནས་ལོ་ངོ་བརྒྱད་ཅུ་ལོན།།
ཕ་ཡུལ་མ་མཐོང་ལོ་ངོ་འདི་ཙམ་སོང༌།།
པ་ཕས་བོར་བའི་ལོ་ཟླ་འདི་ཙམ་བསྐྱལ།།
ན་རྒས་ལུས་སེམས་གདུང་ལ་ཞེ་རེ་སྐྱོ།།
ད་ལྟ་ཤི་ན་སྙམ་བཞིན་དབུགས་རིང་ཤོར།།
ཐ་ཆད་དགེ་ཕྲུག་མ་ཡོང་ཉིན་གསུམ་འགོར།།
ཏ་ཀུར་བརྟེན་ཀྱང་ཐང་ལ་གཅོམ་གྱིས་འགྱེལ།།
ཉ་མོ་ལྕགས་ཀྱུས་དྲངས་བཞིན་ཟུག་རྔུ་བསྐྱེད།།
ཇ་གསར་ཕོར་བ་གང་ཙམ་བསྐོལ་མ་ཐུབ།།
ཆ་ལུགས་ཙོག་པོའི་མལ་དུ་གོག་ནུར་བྱས།།
ཅ་རིལ་བཞིན་དུ་གུམ་པོར་བྱས་ཏེ་ཉལ།།
ང་ཡི་ལས་འདི་ཟེར་བཞིན་མིག་ཆུ་ལྷུང༌།།
ག་ཤེད་ཅིག་ནས་དགེ་ཕྲུག་ནང་དུ་སླེབས།།
ཁ་གདངས་མིག་ཟུང་ཅེར་ཏེ་ཨ་ཁུར་བལྟས།།
ཀྭ་ཡེ་ཨ་ཁུ་ལྔ་པའི་ལམ་དུ་གཤེགས།།
                       ༡༩༩༥.༡.༢༠རོང་བོ།

རྩོམ་ཁུངས། ཀུ་ཤུ་དམར་པོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།