ཀ་རྩོམ།

ས་སྐྱ་བ་བསོད་ཚེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-29


ཀ་ལི་ཨ་ལིའི་དབྱངས་གསལ་ཡི་གེ་འདི། །
ཁ་བ་ཅན་གྱི་བླ་སྲོག་ཡིན་མོད་ཀྱང་། །
ག་ས་ག་ནས་སྣང་མེད་དོར་བ་ཡིས། །
ང་ཡི་སྙིང་ལ་ན་ཟུག་ཡང་ཡང་བསླངས།
ཅ་ཅོའི་གཏམ་འཆལ་སྨྲ་ལ་གོམས་ལོབས་ཆེ། །
ཆ་མེད་རིགས་ལ་ཨ་གསར་བློ་གཏད་བཅོལ།
ཇ་ཁང་ཆང་ཁང་ནང་ནས་ཉིན་མཚན་སྐྱེལ། །
ཉ་རོ་ཆུ་ཁར་འཕྱོ་འདྲ་ཧ་ཅང་མང་།
ཏ་ལའི་ལོ་མར་འཁོད་མྱོང་ཡི་གེ་འདི། །
ཐ་མལ་དུས་འདིར་ཚེ་སྲོག་ཆད་ལ་ཁད།
ད་ནས་རང་གིས་བཀོལ་སྤྱོད་མ་བྱས་ན། །
ན་ཚ་བཅོས་མེད་ལྟ་བུ་ཆགས་ན་འགྱོད།
པ་ཕས་ཕ་སྐད་མ་ཡིག་སྤྱོད་གལ་ཆེ། །
ཕ་མ་ཕྲུ་གུའི་དགེ་རྒན་དང་པོ་ཡིན།
བ་མོ་ཉལ་ལོབས་རྟ་པོ་ལངས་དགའ་སོགས། །
མ་ཡི་གོམས་འདྲིས་བུ་ལ་འཇགས་པ་མང་།
ཙ་རི་རོང་བསྐོར་བྱེད་པའི་གོམས་སྲོལ་དེ། །
ཚ་གྲང་དཀའ་སྡུག་ཆེ་ན་མ་བསྐྱངས་ཆོག །
ཛ་ཡའི་གསུང་རབ་ཟབ་ན་མ་བསླབ་ཆོག །
ཝ་ཡེ་སྐད་ཡིག་འདི་ཀོ་དེ་ལྟ་མིན།།
ཞྭ་གོས་ལྷམ་སོགས་རང་རིགས་ཆ་ལུགས་སྤམ། །
ཟ་མའི་མཆོག་གྱུར་རྩམ་པར་དུང་ཞེན་དགོས། །
འ་འུར་གཞན་རྗེས་ཁོ་ན་འབྲངས་པ་ལས། །
ཡ་གིའི་སློབ་དཔོན་དམ་པ་མཚན་དཔེར་འོས།
ར་དང་ལུག་ཅེས་དབྱེ་མང་དགར་བ་ལས། །
ལ་ལུང་གཅིག་གི་མཐུན་སྒྲིལ་བྱེད་པ་གལ།།
ཤ་ཆང་འཚོ་བ་ཁོ་ནས་དུས་འདའ་བ། །
ས་སྟེང་མི་ལུས་ལེན་པའི་སྙིང་པོ་མིན།།
ཧ་ཧ་ཀ་བཤད་ཚིག་གི་ཕྲེང་བ་འདིར། །
ཨ་ཙི་གོ་རྒྱུའི་གནད་རེ་ཡོད་ཁུལ་ཡིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀ་རྩོམ།

2011-12-29 ས་སྐྱ་བ་བསོད་ཚེ། ཀློག་གྲངས། མཆན ཡོད།


ཀ་ལི་ཨ་ལིའི་དབྱངས་གསལ་ཡི་གེ་འདི། །
ཁ་བ་ཅན་གྱི་བླ་སྲོག་ཡིན་མོད་ཀྱང་། །
ག་ས་ག་ནས་སྣང་མེད་དོར་བ་ཡིས། །
ང་ཡི་སྙིང་ལ་ན་ཟུག་ཡང་ཡང་བསླངས།
ཅ་ཅོའི་གཏམ་འཆལ་སྨྲ་ལ་གོམས་ལོབས་ཆེ། །
ཆ་མེད་རིགས་ལ་ཨ་གསར་བློ་གཏད་བཅོལ།
ཇ་ཁང་ཆང་ཁང་ནང་ནས་ཉིན་མཚན་སྐྱེལ། །
ཉ་རོ་ཆུ་ཁར་འཕྱོ་འདྲ་ཧ་ཅང་མང་།
ཏ་ལའི་ལོ་མར་འཁོད་མྱོང་ཡི་གེ་འདི། །
ཐ་མལ་དུས་འདིར་ཚེ་སྲོག་ཆད་ལ་ཁད།
ད་ནས་རང་གིས་བཀོལ་སྤྱོད་མ་བྱས་ན། །
ན་ཚ་བཅོས་མེད་ལྟ་བུ་ཆགས་ན་འགྱོད།
པ་ཕས་ཕ་སྐད་མ་ཡིག་སྤྱོད་གལ་ཆེ། །
ཕ་མ་ཕྲུ་གུའི་དགེ་རྒན་དང་པོ་ཡིན།
བ་མོ་ཉལ་ལོབས་རྟ་པོ་ལངས་དགའ་སོགས། །
མ་ཡི་གོམས་འདྲིས་བུ་ལ་འཇགས་པ་མང་།
ཙ་རི་རོང་བསྐོར་བྱེད་པའི་གོམས་སྲོལ་དེ། །
ཚ་གྲང་དཀའ་སྡུག་ཆེ་ན་མ་བསྐྱངས་ཆོག །
ཛ་ཡའི་གསུང་རབ་ཟབ་ན་མ་བསླབ་ཆོག །
ཝ་ཡེ་སྐད་ཡིག་འདི་ཀོ་དེ་ལྟ་མིན།།
ཞྭ་གོས་ལྷམ་སོགས་རང་རིགས་ཆ་ལུགས་སྤམ། །
ཟ་མའི་མཆོག་གྱུར་རྩམ་པར་དུང་ཞེན་དགོས། །
འ་འུར་གཞན་རྗེས་ཁོ་ན་འབྲངས་པ་ལས། །
ཡ་གིའི་སློབ་དཔོན་དམ་པ་མཚན་དཔེར་འོས།
ར་དང་ལུག་ཅེས་དབྱེ་མང་དགར་བ་ལས། །
ལ་ལུང་གཅིག་གི་མཐུན་སྒྲིལ་བྱེད་པ་གལ།།
ཤ་ཆང་འཚོ་བ་ཁོ་ནས་དུས་འདའ་བ། །
ས་སྟེང་མི་ལུས་ལེན་པའི་སྙིང་པོ་མིན།།
ཧ་ཧ་ཀ་བཤད་ཚིག་གི་ཕྲེང་བ་འདིར། །
ཨ་ཙི་གོ་རྒྱུའི་གནད་རེ་ཡོད་ཁུལ་ཡིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།