སྤྲིན་ལ་བསྐུར་བའི་ན་ཟུག

ཚེ་རིང་བདེ་སྐྱིད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-24


སྡོང་ལོར་ཆགས་པའི་རླུང་བུ་ཕྱོགས་བཞི་ནས་གཡུག་གི།
བྱམས་ལྡན་ཕ་མའི་དབུ་སྐྲ་དཀར་པོ་ལ་ཕོག་གམ།།
ཤེས་རབ་རྟ་ཕོའི་བང་ན་མདུན་ཕྱོགས་སུ་སྐྱོད་པའི།།
བུ་མོའི་དམར་ཆུང་སེམས་ཀྱི་ན་ཟུག་དེ་ཆེ་ཨང་།།
 
སྐྱི་སེར་སྟོན་རླུང་ཞིག་གི་བརྒྱུད་ཕྱོགས་དང་བསྟུན་ནས།།
ལྷོ་ཕྱོགས་གནམ་མཐའི་སྤྲིན་པ་བྱང་ཐང་དུ་རྒྱུགས་དུས།།
བདག་ཀྱང་མི་འདུག་ལྷོ་མཐའི་སྤྲིན་པ་དང་འགྲོགས་ཏེ།།
མྱུར་དུ་ཕ་མའི་གམ་དུ་སླེབས་ན་རང་བསམས་བྱུང་།།
 
ཟླ་བའི་ཟེགས་མ་འཐོར་བའི་སྟོན་མཇུག་གི་མཚན་མོ།།
ཁེར་རྐྱང་ལུས་པའི་སེམས་པ་རྒྱ་མཚོ་ལ་འདྲེས་དུས།།
དྲན་གདུང་མིག་གི་མཆུ་མས་མཐོང་ལམ་རང་སྒྲིབ་ནས།།
འགོག་མེད་སྙིང་གི་ཆུ་མོས་བྲང་གཞུང་ཡང་བརླན་སོང་།།
 
གདོད་མིའི་རང་གཤིས་དབེན་པའི་ལྷ་ལྡན་གྱི་གྲོང་ནས།།
གང་ཞིག་བོར་བའི་སེམས་པ་སྡོད་ཐབས་རང་མི་འདུག།
བྱམས་ལྡན་ཕ་མའི་ལུས་ཀྱི་རྒས་ཉམས་དག་དྲན་དུས།།
སྐྱོ་བའི་ན་ཟུག་སེམས་ཀྱིས་ཐེག་པ་རང་མི་འདུག།
 
དྲི་བཞིན་ལྷ་མོའི་འཚོས་བའི་སྤང་ལྗོངས་ཀྱི་ལུག་ཁྱུ།།
བྱང་ཕྱོགས་གཉན་ཆེན་ཐང་ལྷའི་ཕྲག་གོང་ནས་བརྒལ་ན།།
སློབ་གྲྭའི་གླིང་ནས་བརྡོལ་བའི་འགོད་མེད་ཀྱི་རོལ་མོ།།
བརྩེ་ཆེན་བྱམས་ལྡན་ཟུང་གི་སྙན་ལམ་དུ་སྒྲོན་རོགས།།
 
སྟོན་མཇུག་སྤྲིན་པ་ལྷོ་ནས་བྱང་ཕྱོགས་སུ་སྐྱོད་དུས།།
ཚིག་གསུམ་མཆི་མའི་ཕྲེང་བ་ཡབ་ཡུམ་ལ་སྐུར་ཏེ།།
ཤེས་བྱའི་འབྲས་བུ་ཕྲན་ཙམ་སེམས་གསོ་རུ་སྒོམ་ནས།།
ངས་ཀྱང1ནག་མོ་ཁོལ་གྱི་སྐྱོ་གར་ཞིག་འཁྲབ་ཡོད།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྲིན་ལ་བསྐུར་བའི་ན་ཟུག

2011-12-24 ཚེ་རིང་བདེ་སྐྱིད། ཀློག་གྲངས། མཆན ཡོད།


སྡོང་ལོར་ཆགས་པའི་རླུང་བུ་ཕྱོགས་བཞི་ནས་གཡུག་གི།
བྱམས་ལྡན་ཕ་མའི་དབུ་སྐྲ་དཀར་པོ་ལ་ཕོག་གམ།།
ཤེས་རབ་རྟ་ཕོའི་བང་ན་མདུན་ཕྱོགས་སུ་སྐྱོད་པའི།།
བུ་མོའི་དམར་ཆུང་སེམས་ཀྱི་ན་ཟུག་དེ་ཆེ་ཨང་།།
 
སྐྱི་སེར་སྟོན་རླུང་ཞིག་གི་བརྒྱུད་ཕྱོགས་དང་བསྟུན་ནས།།
ལྷོ་ཕྱོགས་གནམ་མཐའི་སྤྲིན་པ་བྱང་ཐང་དུ་རྒྱུགས་དུས།།
བདག་ཀྱང་མི་འདུག་ལྷོ་མཐའི་སྤྲིན་པ་དང་འགྲོགས་ཏེ།།
མྱུར་དུ་ཕ་མའི་གམ་དུ་སླེབས་ན་རང་བསམས་བྱུང་།།
 
ཟླ་བའི་ཟེགས་མ་འཐོར་བའི་སྟོན་མཇུག་གི་མཚན་མོ།།
ཁེར་རྐྱང་ལུས་པའི་སེམས་པ་རྒྱ་མཚོ་ལ་འདྲེས་དུས།།
དྲན་གདུང་མིག་གི་མཆུ་མས་མཐོང་ལམ་རང་སྒྲིབ་ནས།།
འགོག་མེད་སྙིང་གི་ཆུ་མོས་བྲང་གཞུང་ཡང་བརླན་སོང་།།
 
གདོད་མིའི་རང་གཤིས་དབེན་པའི་ལྷ་ལྡན་གྱི་གྲོང་ནས།།
གང་ཞིག་བོར་བའི་སེམས་པ་སྡོད་ཐབས་རང་མི་འདུག།
བྱམས་ལྡན་ཕ་མའི་ལུས་ཀྱི་རྒས་ཉམས་དག་དྲན་དུས།།
སྐྱོ་བའི་ན་ཟུག་སེམས་ཀྱིས་ཐེག་པ་རང་མི་འདུག།
 
དྲི་བཞིན་ལྷ་མོའི་འཚོས་བའི་སྤང་ལྗོངས་ཀྱི་ལུག་ཁྱུ།།
བྱང་ཕྱོགས་གཉན་ཆེན་ཐང་ལྷའི་ཕྲག་གོང་ནས་བརྒལ་ན།།
སློབ་གྲྭའི་གླིང་ནས་བརྡོལ་བའི་འགོད་མེད་ཀྱི་རོལ་མོ།།
བརྩེ་ཆེན་བྱམས་ལྡན་ཟུང་གི་སྙན་ལམ་དུ་སྒྲོན་རོགས།།
 
སྟོན་མཇུག་སྤྲིན་པ་ལྷོ་ནས་བྱང་ཕྱོགས་སུ་སྐྱོད་དུས།།
ཚིག་གསུམ་མཆི་མའི་ཕྲེང་བ་ཡབ་ཡུམ་ལ་སྐུར་ཏེ།།
ཤེས་བྱའི་འབྲས་བུ་ཕྲན་ཙམ་སེམས་གསོ་རུ་སྒོམ་ནས།།
ངས་ཀྱང1ནག་མོ་ཁོལ་གྱི་སྐྱོ་གར་ཞིག་འཁྲབ་ཡོད།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།