ཁྱོད་སུ་ཚང་གི་གནས་མོ་ཡིན།
དྲ་མིག་བརྡོལ་བའི་སྒེའུ་ཁུང་གི་གསེབ་ན།།
མཚན་ཞག་རིང་བའི་རྨི་ལམ་ཞིག་སྦས་ཡོད།།
ཆང་ཀར་ཆ་ཞིག་མཉམ་གཅིག་ཏུ་ཕྲད་པས།།
རི་ངོགས་གཞས་ཆུང་ལེན་མཚམས་དེ་ཆད་སོང་།།
ཁྱི་སྐད་འཇགས་པའི་ས་སྲོས་ཀྱི་གཞུང་དུ།།
སྔས་ཀྱི་ཟླ་འོད་བསིལ་བསིལ་དུ་གཡོ་འོ།།
2011.12.21ཉིན་གྲུབ།
རྩོམ་ཁུངས། ངེད་དྲ་བ།