སྒྱུ་མའི་འཕྲུལ་འཁོར།

དགའ་བཀྲ་ཤིས་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-23

སེམས་ཀྱི་དུངས་པ་ཕར་ལ་གཏད་པས་འདང་ལྡན་མཛའ་མོའི་མཚོ་ངོགས་ན ། །
ཞི་འཇམ་སྤྲིན་ཕུང་མཁའ་ལ་རྩེན་བཞིན་ངག་རིག་བཅུད་ཀྱི་དགའ་འཛུམ་གྲོལ ། །
སེམས་ཀྱི་མཆོད་མེ་ལྷ་ལ་ཕུལ་བས་མ་འོངས་སྙིང་གི་བདེ་སྡུག་ཚོར ། །
མྱ་ངན་ཐང་གི་འཁོར་བའི་གྲོང་ནས་སྙན་ངག་དམར་པོ་ཤུགས་ཀྱིས་གྱེར ། །
 
འཇིག་རྟེན་འཚོ་བའི་སྒྱུ་མའི་ཀློང་ན་དགའ་སྐྱོ་སྟོང་གི་སྒྱུ་མ་ཟུག།
སྒྱུ་མའི་ཞེན་ཆགས་སེམས་སུ་གཉེར་བས་ལྷག་བསམ་འོ་མའི་རང་མདངས་ཡལ ། །
བསྐལ་བ་སྟོང་གི་རླབས་ཆེན་བྱ་གཞག་ཁྲོ་ཐུང་དམག་གིས་དཔུང་ཚོཊ་བཅོམ ། །
གཅེས་པའི་བུ་དང་སྙིང་གི་གྲོགས་པོར་སྒྱུ་མ་སྒྱུ་མའི་སྒྱུ་མ་བྲིན ། །
 
སེམས་ཀྱི་རྟ་རྒོད་སྲབ་ལས་ཤོར་རུང་མཐའ་ཡས་སྤང་ལྗོངས་ནམ་མཁའི་ཟླ ། །
དུངས་ཞགས་རིང་མོ་མཁའ་ལ་སྤུར་རུང་མི་སེམས་སྒུལ་བའི་རྒྱ་མཚོ་སྐམ ། །
གཡོ་དང་སྒྱུ་མའི་འུར་ཟིང་བར་ན་མ་མོ་ལུ་གུའི་སྐྱོ་གར་འདུ ། །
ན་ཟུག་སྟོང་གི་སྨྲེང་གླུ་སྐྱ་བོ་ཕྱི་རབས་དྲན་པའི་ངོས་སུ་ཕབ ། །
 
འོ་མའི་སེམས་ཀྱི་གུར་ཁང་དབུས་ན་མཛེས་སྡུག་སྟོང་གི་རྨི་ལམ་སྒུམ ། །
རེ་བའི་འདུན་མ་སེམས་སུ་བཏབ་རུང་སྒྱུ་མའི་གར་མཁན་ཤུགས་ཀྱིས་མཆོངས ། །
སྙིང་གི་དྲོད་ཁོལ་ཕར་ལ་བཞུད་པས་འཛིན་མའི་གདོང་ལ་མྱ་ངན་བརྩེགས ། །
ཡིད་སེམས་འོད་ཀྱི་ཕོ་བྲང་ཀློང་ན་ཨ་ཐང་ཆད་པའི་གཏམ་རྒྱུད་མང་ ། །
 
ནང་གི་སྒྱུ་མ་ཕྱི་ལ་ཤོར་བས་མི་སེམས་སྟོང་གི་ཞེན་ཆགས་ཤོར ། །
དད་གསུམ་མདུད་པ་སྙིང་ལ་བཅིངས་རུང་ཕྲག་དོག་དུག་གི་མཆེ་བ་རྣོ ། །
ལ་རྒྱ་ཅན་གྱི་སྐྱེས་བུ་མཆོག་གི་དཔའ་སེམས་བརྟན་པོར་གས་ཆག་ཤོར ། །
རིག་པའི་ཞིང་གི་ཆོལ་གསུམ་དབུས་ན་སྒྱུ་མ་མཁན་གྱི་ཆོ་འཕྲུལ་མོད ། །
 
མ་བཅོས་སྙིང་གི་ལྷུན་གྲུབ་ཀློང་ན་ལྷག་བསམ་འོ་མ་གཏམས་སེ་འཁྱིལ ། །
སྟོན་ཟླ་བར་མའི་ཞིང་ཚིགས་ཁྲོད་ན་འབྲུ་དྲུག་སྙེ་མ་དཀྲོགས་སེ་གྲོལ ། །
འབྲོག་གཞུང་སྤང་གི་རྩྭ་ཐང་དཀྱིལ་ན་སྣ་བརྒྱའི་མེ་ཏོག་ཁྲ་མེར་བཞད ། །
ཁྱི་དང་སྤྱང་ཀི་རི་ལ་ཤོར་བས་གཡང་ལུག་འཚེར་མོའི་ཁྲག་རྩ་བཅད ། །
 
མཐིང་སྨུག་སྦྲ་ཡི་བདེ་སྡུག་རི་མོ་ཆོལ་གསུམ་བོད་པའི་སྙིང་ལ་འཐིམ ། །
སེམས་དང་བསམ་པ་གཅིག་ཏུ་སྦྲེལ་བས་འུར་རྡོ་དགུ་སྒྲིལ་དགྲ་ལ་གཏད ། །
རིག་གཞུང་རྒྱ་མཚོ་མཁའ་དང་མཉམ་པས་ས་སྒང་ཧྲིལ་བོ་འོད་ཀྱིས་ཁྱབ ། །
མ་དག་འགྲོ་བ་སྙིང་ལ་སྒོམ་པས་སྲོག་ལྡན་སྐྱིད་པའི་གཟུངས་མཆོག་ཡིན ། །
 
རྟག་བརྟན་མི་འགྱུར་གངས་ཀྱི་ལྷུན་པོར་ཞི་བདེ་དར་ལྕོག་ཕྲག་ལ་བཙུགས ། །
ཟླ་བ་ལྷ་མོའི་འོད་ཁྱིམ་ཀློང་ནས་རེ་བའི་བུ་ཆུང་ཐང་ལ་འགྱེལ ། །
སེམས་དང་བསམ་པའི་ངང་ཚུལ་དྲན་པས་ཁྲ་ཆུང་མིག་ལམ་མཆི་མས་ཁེངས ། །
སྟོང་བའི་དབྱིངས་འདི་འཁྱག་ལ་འབྱར་རམ་ཚེ་སྲོག་སྟོང་གི་དཔའ་ཤུགས་ཉམས ། །
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྱུ་མའི་འཕྲུལ་འཁོར།

2011-12-23 དགའ་བཀྲ་ཤིས་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།