སློབ་དཔོན་དཎྡིས་སྙན་ངག་པའི་དུས་སྟོན༼ལང་ཚོའི་རྦབ་ཆུ་༽ལ་ཕུལ་བའི་སྙན་ངག

          སྙན་ངག་མེ་ལོང་གི་ལེའུ་གསུམ་པའི་ཟུང་ལྡན་གྱི་དཔེར་བརྗོད་གོ་བདེར་སྦྱར་བ་བོད་སྐད་སྨྲ་བའི་དབྱུག་པ་ཅན།   
ཚིག་རྐང་དང་པོ་ན་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན།  
ཀྱེ་ཀྱེ་བུ་མོ་ཁྱོད་ཀྱིས་ནི།།  
ཁེངས་པའི་མཛའ་བོར་འགྲོགས་མི་བྱ།།  
སྔོན་ཚེ་མགྲིན་པར་འཁྱུད་གྱུར་བས།།  
ཚོགས་དབུས་གདོང་ནི་དམར་བར་ལྟོས།།  

ཚིག་རྐང་གཉིས་པའི་ཐོག་མ་ན་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན།   
ངང་བའི་ཡིད་དག་འདྲེན་པ་ཡི།།  
ལྷང་ལྷང་འབྲུག་གི་སྒྲ་ཆེན་གྱིས།།
ཆུང་འདྲིས་དྲན་པའི་གདུང་བ་ཡང་།།
སྐད་ཅིག་ཉིད་དུ་གསོས་པར་གྱུར།།  

རྐང་བ་གསུམ་པའི་ཐོག་མ་ན་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན།   
 རྒྱ་མཚོའི་གོས་ཅན་འཛིན་མ་ལ།།
བཀའ་ཡི་འཁོར་ལོ་བསྐོར་བ་ཡི།།
བརྗིད་བརྗིད་ས་སྐྱོང་ཆེན་པོའི་གཏམ།།
འཇིག་རྟེན་ཀུན་གྱི་གཙུག་ན་མཛེས།།  

རྐང་བ་བཞི་བའི་ཐོག་མ་ན་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན།  
རྟ་དང་གླང་ཆེན་རྐང་ཐང་སོགས།།
དཔུང་གི་ཚོགས་རྣམས་ཆས་པ་ཡིས།།
དགྲ་རྣམས་ཁ་ཤས་སྲོག་དག་ཕུལ།
ལ་ལ་ནགས་ཀྱི་གསེབ་ཏུ་བྲོས།།    

རྐང་བ་ཐོག་མ་གཉིས་ཀ་ན་ཡོད་པའི་མ་ཆོད་པའི་ཟུང་ལྡན།
གསར་བ་གསར་བའི་མིག་ལྡན་མ།།
དགའ་བའི་དགའ་བ་འཕེལ་བྱེད་མ།།
པདྨའི་གདོང་དང་བུང་བའི་མིག།།
ཕན་ཚུན་ཅོ་དག་འདྲི་བར་བྱེད།།    

རྐང་བ་དང་པོ་དང་གསུམ་པའི་ཐོག་མ་ན་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན།  
གསུམ་གསུམ་དཔུང་གི་སྟོབས་རྩལ་མ་རྫོགས་པར།།
གཡུལ་དུ་དགྲ་ལས་རྣམ་པར་རྒྱལ་བ་ཡི།།
ཞི་བ་ཞི་བའི་ཐབས་དང་བློ་གྲོས་ཀྱིས།།
བདག་ཅག་སྲོག་ལས་ཐར་འདི་ཉིད་ཀྱི་དྲིན།།   

རྐང་བ་དང་པོ་དང་བཞི་བའི་ཐོག་མ་ན་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན།
འདོད་འདོད་ནོར་གྱི་སྦྱིན་པ་ཐོབ་པ་འདི།།
མི་ཡི་བདག་པོས་ནོར་འཛིན་བཟུང་བ་སྟེ།།
ས་ཆེན་ཁྱོན་ལ་བཀའ་ཡི་དབང་བསྐུར་བས།།
རྣོ་རྣོ་མཚོན་གྱི་འཇིགས་པའང་ང་ལ་མེད།།   

ཚིག་རྐང་གཉིས་པ་དང་གསུམ་པའི་ཐོག་མ་ན་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན།  
ལྗོན་ཤིང་གསར་བའི་མེ་ཏོག་འགྲོས་ལྡན་མ།།
སར་བ་སར་བའི་མཉེན་ལྕུག་ཡི་གར་འོང་།།
འདོད་པ་འདོད་པའི་སྤུ་ལོང་རྒྱས་བྱེད་མ།།
དབྱར་གྱི་ཁུ་བྱུག་སྙིང་གི་སྡུག་གུ་མ།།    
                       ༼མུ་འགོད།༽   

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་དཔོན་དཎྡིས་སྙན་ངག་པའི་དུས་སྟོན༼ལང་ཚོའི་རྦབ་ཆུ་༽ལ་ཕུལ་བའི་སྙན་ངག

2011-12-22 ཨ་རྡོར། ཀློག་གྲངས། མཆན ཡོད།

          སྙན་ངག་མེ་ལོང་གི་ལེའུ་གསུམ་པའི་ཟུང་ལྡན་གྱི་དཔེར་བརྗོད་གོ་བདེར་སྦྱར་བ་བོད་སྐད་སྨྲ་བའི་དབྱུག་པ་ཅན།   
ཚིག་རྐང་དང་པོ་ན་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན།  
ཀྱེ་ཀྱེ་བུ་མོ་ཁྱོད་ཀྱིས་ནི།།  
ཁེངས་པའི་མཛའ་བོར་འགྲོགས་མི་བྱ།།  
སྔོན་ཚེ་མགྲིན་པར་འཁྱུད་གྱུར་བས།།  
ཚོགས་དབུས་གདོང་ནི་དམར་བར་ལྟོས།།  

ཚིག་རྐང་གཉིས་པའི་ཐོག་མ་ན་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན།   
ངང་བའི་ཡིད་དག་འདྲེན་པ་ཡི།།  
ལྷང་ལྷང་འབྲུག་གི་སྒྲ་ཆེན་གྱིས།།
ཆུང་འདྲིས་དྲན་པའི་གདུང་བ་ཡང་།།
སྐད་ཅིག་ཉིད་དུ་གསོས་པར་གྱུར།།  

རྐང་བ་གསུམ་པའི་ཐོག་མ་ན་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན།   
 རྒྱ་མཚོའི་གོས་ཅན་འཛིན་མ་ལ།།
བཀའ་ཡི་འཁོར་ལོ་བསྐོར་བ་ཡི།།
བརྗིད་བརྗིད་ས་སྐྱོང་ཆེན་པོའི་གཏམ།།
འཇིག་རྟེན་ཀུན་གྱི་གཙུག་ན་མཛེས།།  

རྐང་བ་བཞི་བའི་ཐོག་མ་ན་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན།  
རྟ་དང་གླང་ཆེན་རྐང་ཐང་སོགས།།
དཔུང་གི་ཚོགས་རྣམས་ཆས་པ་ཡིས།།
དགྲ་རྣམས་ཁ་ཤས་སྲོག་དག་ཕུལ།
ལ་ལ་ནགས་ཀྱི་གསེབ་ཏུ་བྲོས།།    

རྐང་བ་ཐོག་མ་གཉིས་ཀ་ན་ཡོད་པའི་མ་ཆོད་པའི་ཟུང་ལྡན།
གསར་བ་གསར་བའི་མིག་ལྡན་མ།།
དགའ་བའི་དགའ་བ་འཕེལ་བྱེད་མ།།
པདྨའི་གདོང་དང་བུང་བའི་མིག།།
ཕན་ཚུན་ཅོ་དག་འདྲི་བར་བྱེད།།    

རྐང་བ་དང་པོ་དང་གསུམ་པའི་ཐོག་མ་ན་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན།  
གསུམ་གསུམ་དཔུང་གི་སྟོབས་རྩལ་མ་རྫོགས་པར།།
གཡུལ་དུ་དགྲ་ལས་རྣམ་པར་རྒྱལ་བ་ཡི།།
ཞི་བ་ཞི་བའི་ཐབས་དང་བློ་གྲོས་ཀྱིས།།
བདག་ཅག་སྲོག་ལས་ཐར་འདི་ཉིད་ཀྱི་དྲིན།།   

རྐང་བ་དང་པོ་དང་བཞི་བའི་ཐོག་མ་ན་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན།
འདོད་འདོད་ནོར་གྱི་སྦྱིན་པ་ཐོབ་པ་འདི།།
མི་ཡི་བདག་པོས་ནོར་འཛིན་བཟུང་བ་སྟེ།།
ས་ཆེན་ཁྱོན་ལ་བཀའ་ཡི་དབང་བསྐུར་བས།།
རྣོ་རྣོ་མཚོན་གྱི་འཇིགས་པའང་ང་ལ་མེད།།   

ཚིག་རྐང་གཉིས་པ་དང་གསུམ་པའི་ཐོག་མ་ན་ཡོད་པའི་བར་མ་ཆོད་པའི་ཟུང་ལྡན།  
ལྗོན་ཤིང་གསར་བའི་མེ་ཏོག་འགྲོས་ལྡན་མ།།
སར་བ་སར་བའི་མཉེན་ལྕུག་ཡི་གར་འོང་།།
འདོད་པ་འདོད་པའི་སྤུ་ལོང་རྒྱས་བྱེད་མ།།
དབྱར་གྱི་ཁུ་བྱུག་སྙིང་གི་སྡུག་གུ་མ།།    
                       ༼མུ་འགོད།༽   

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།