སེམས་ཚོར་དར་གྱི་ལུང་བུ་ཅན།

བདའ་ཚང་སྙེམས་གྲོལ།༼མཚོ་ལྷོ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-20

ནམ་མཁའི་མཐོངས་ཀྱི་ཚེས་རིས་འཁྱག་པོ།།
མེ་ལོང་ནང་ལ་ཤར་ཙམ་བགྱིས་ཏེ།།
སྤྲིན་དང་རི་བོའི་མགུལ་དུ་དཔྱངས་པས།།
མུན་པ་ལྗན་ལྗིན་ས་རུ་གཏོར་སོང་།།
 
སེམས་ཚོར་བྱེའུ་ཆུང་འཕུར་འཕུར་བྱས་ཏེ།།
ཨ་སྔོན་དགུང་ལ་རྨ་ཁ་དོད་པས།།
ཚངས་མགུར་ནང་གི་ཡི་གེ་སྐྱུར་བོ།།
ལན་རེར་མི་བཀླག་ཐུ་མེད་ཡིན་འདུག།།
 
འཕྱོངས་རྒྱས་ཟླ་བ་སྒྲོལ་མ་དྲན་འདྲའི།།
ཡིག་ཆུང་བྱུ་རུའི་སྐེ་རྒྱན་འདྲ་བོ།།
འཇོལ་མོ་ཞིག་གི་ངག་ལ་འཁྱིལ་བས།།
འོད་སྣང་ཕྲན་བུ་རྐང་ལ་ཟུག་འོང་།།
 
གནས་མོ་ཞིག་གི་མིག་མདངས་ལྟ་བུའི།།
ཚངས་དབྱངས་པ་ཡི་སྐྱོ་མགུར་ཐོར་བུ།།
མཚོ་དང་ངང་བས་སྐེ་ལ་བཏགས་ནས།།
ཉི་མ་ལྷ་སའི་ཕྱོགས་སུ་འཕུར་ཐལ།།
 
གཤོག་སྒྲ་ལྟ་བུའི་ཡིག་འབྲུ་འདི་ཚོ།།
སུ་ཡི་མིག་ཆུའི་ཐིགས་པ་ཡིན་པས།།
ཟླ་བ་ལེབ་མོའི་འོག་ནས་མ་སྐྱུར།།
གསེར་ཏོག་ཅིག་གི་རྩེ་ལ་གཏོར་རོགས།།
 
གསེར་གྱི་རྒྱུད་མངས་སེར་བོའི་ནང་ན།།
ཨེ་མ་བདེ་སྟོང་དབྱེར་མེད་གདའ་བས།།
བུ་སྤུ་རྣོན་པོའི་རྩེ་མོ་རེ་ལ།།
ཟག་མེད་དབྱངས་ཀྱི་ཐིགས་པ་འབབ་སྲིད།།
 
ཁ་བ་ནག་པོས་འབབ་པ་མ་གནང་།།
སྤྲིན་པ་སེར་བོས་འཁོར་འཁོར་མ་བྱེད།།
ཚོར་བ་དར་གྱི་ལུང་བུ་ཅན་ཞིག།།
རུས་པའི་གསེང་ནས་རྒྱང་དུ་བྱེར་སོང་།།
                 ༢༠༡༡ ༡༡ ༢༠ཟི་ལིང་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཚོར་དར་གྱི་ལུང་བུ་ཅན།

2011-12-20 བདའ་ཚང་སྙེམས་གྲོལ།༼མཚོ་ལྷོ༽ ཀློག་གྲངས། མཆན ཡོད།

ནམ་མཁའི་མཐོངས་ཀྱི་ཚེས་རིས་འཁྱག་པོ།།
མེ་ལོང་ནང་ལ་ཤར་ཙམ་བགྱིས་ཏེ།།
སྤྲིན་དང་རི་བོའི་མགུལ་དུ་དཔྱངས་པས།།
མུན་པ་ལྗན་ལྗིན་ས་རུ་གཏོར་སོང་།།
 
སེམས་ཚོར་བྱེའུ་ཆུང་འཕུར་འཕུར་བྱས་ཏེ།།
ཨ་སྔོན་དགུང་ལ་རྨ་ཁ་དོད་པས།།
ཚངས་མགུར་ནང་གི་ཡི་གེ་སྐྱུར་བོ།།
ལན་རེར་མི་བཀླག་ཐུ་མེད་ཡིན་འདུག།།
 
འཕྱོངས་རྒྱས་ཟླ་བ་སྒྲོལ་མ་དྲན་འདྲའི།།
ཡིག་ཆུང་བྱུ་རུའི་སྐེ་རྒྱན་འདྲ་བོ།།
འཇོལ་མོ་ཞིག་གི་ངག་ལ་འཁྱིལ་བས།།
འོད་སྣང་ཕྲན་བུ་རྐང་ལ་ཟུག་འོང་།།
 
གནས་མོ་ཞིག་གི་མིག་མདངས་ལྟ་བུའི།།
ཚངས་དབྱངས་པ་ཡི་སྐྱོ་མགུར་ཐོར་བུ།།
མཚོ་དང་ངང་བས་སྐེ་ལ་བཏགས་ནས།།
ཉི་མ་ལྷ་སའི་ཕྱོགས་སུ་འཕུར་ཐལ།།
 
གཤོག་སྒྲ་ལྟ་བུའི་ཡིག་འབྲུ་འདི་ཚོ།།
སུ་ཡི་མིག་ཆུའི་ཐིགས་པ་ཡིན་པས།།
ཟླ་བ་ལེབ་མོའི་འོག་ནས་མ་སྐྱུར།།
གསེར་ཏོག་ཅིག་གི་རྩེ་ལ་གཏོར་རོགས།།
 
གསེར་གྱི་རྒྱུད་མངས་སེར་བོའི་ནང་ན།།
ཨེ་མ་བདེ་སྟོང་དབྱེར་མེད་གདའ་བས།།
བུ་སྤུ་རྣོན་པོའི་རྩེ་མོ་རེ་ལ།།
ཟག་མེད་དབྱངས་ཀྱི་ཐིགས་པ་འབབ་སྲིད།།
 
ཁ་བ་ནག་པོས་འབབ་པ་མ་གནང་།།
སྤྲིན་པ་སེར་བོས་འཁོར་འཁོར་མ་བྱེད།།
ཚོར་བ་དར་གྱི་ལུང་བུ་ཅན་ཞིག།།
རུས་པའི་གསེང་ནས་རྒྱང་དུ་བྱེར་སོང་།།
                 ༢༠༡༡ ༡༡ ༢༠ཟི་ལིང་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།