སྦྲ་རྒན་དུ་བ་ཅན།
མ་མོའི་པགས་རྩག་ནང་ན་དྲོད་ཅིག་ཡོད།།
རྒོད་པོ་ཅང་ཤེས་ཟེར་བར་བང་ཞིག་ཡོད།།
རྒྱ་གར་པུ་རྭའི་ནང་ན་མདའ་ཞིག་ཡོད།།
གསར་བུ་བློ་བཟང་ཟེར་བར་དཔའ་ཞིག་ཡོད།།
བྱུ་རུའི་སྐེ་རྒྱན་བཏགས་ན་ཡག་ཅིག་ཡོད།།
བྲང་ཆུང་སྙིང་གི་དཀྱིལ་ན་གཤིས་ཤིག་ཡོད།།
གསེར་གྱི་མཛུབ་དཀྲིས་གོན་ན་མདངས་ཤོག་ཡོད།།
སྨན་ཆུང་ཚེ་སྐྱིད་ཟེར་བར་འཛུམ་ཞིག་ཡོད།།
སྲོད་ཁའི་ས་གནམ་བར་ན་གཞས་ཤིག་ཡོད།།
བརྩེ་བའི་མེ་ལོང་ནང་ན་ཚིག་ཅིག་ཡོད།།
མཚན་མོའི་ཟླ་འོད་ངོགས་ན་སེམས་ཤིག་ཡོད།།
དྲན་པའི་མེ་ཏོག་ཐང་ན་སྡུག་ཅིག་ཡོད།།
འོ་མའི་མངར་ཁ་འཐུང་ན་སྐྱིད་ཅིག་ཡོད།།
ཚེར་མོའི་རྭ་ཁ་བགྲངས་ན་སྟོབས་ཤིག་ཡོད།།
རྩིད་སྦྲའི་ཁ་ཚུབ་ནང་ན་དོ་ཞིག་ཡོད།།
རེ་བའི་རྨི་ལམ་ནང་ན་འཕྲུལ་ཞིག་ཡོད།།
ཁ་བཤད་དོན་ལ་གནས་པའི་གཤིས་ཤིག་ཡོད།།
བཙན་པོ་ཐབས་ཀྱིས་འདུལ་བའི་བློ་ཞིག་ཡོད།།
བདེན་དོན་ཁྲག་གིས་གླེང་བའི་ཤེད་ཅིག་ཡོད།།
ཨ་ཕོ་འབྲོག་པ་ཚང་ལ་རྟགས་ཤིག་ཡོད།།
༢༠༡༡.༡༢.༢ཉིན་སློབ་ཁང་ནས།
རྩོམ་ཁུངས། ངེད་དྲ་བ།