དྲན་གདུང་གི་འབོད་པ།

གཡུ་རྔོག་པ་རྟ་མགྲིན་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-16


ཁྱོད་ནི་འབའ་རྫོང་འབའ་ཐང་ལྷ་ཆབ་གྲོང་རེད།།
ང་ནི་མདོ་སྨད་རེབ་གོང་གསེར་མོ་ལྗོངས་རེད།།
ཕན་ཚུན་དྲན་པའི་མིག་ཆུ་ཤོག་དཀར་ངོས་རེད།།
ཐུག་ཕྲད་བར་ཐག་རི་ཆུ་སྟོང་གིས་བཅད་ཡོད།།
 
ཁྱོད་དང་འུ་གཉིས་མཐུན་པའི་ཉིན་མོ་དེ་ནས།།
སྐྱོ་གདུང་མིག་ཆུ་བཞུར་བ་ཐེངས་གཅིག་མ་ཡིན།།
ལྷན་མཛོམས་ཉིན་མོར་སྒུག་པའི་དགུ་ཆུའི་འགྲམ་ནས།།
འགྱུར་མེད་བརྩེ་བ་དྲོན་མོ་སེམས་ལ་ལྷུང་ཐལ།།
 
ཁྱོད་ཀྱི་ལུས་གཟུགས་མ་མཐོང་ལོ་ཕྱེད་འགོར་སོང་།།
དུངས་བའི་མགུལ་ལ་མ་འཆིང་ཡུན་རིང་བཞུད་ཐལ།།
རྫས་འཕྲུལ་ཁ་པར་ཞིག་གི་སྣེ་མོ་བརྒྱུད་ནས།།
དུང་བའི་སྙིང་གཏམ་གླེང་པ་སྐྱོ་བའི་གཞི་མ།།
 
ཨ་སྔོན་དབྱིངས་ན་ཉི་ཟླའི་འཛུམ་ཟེར་ཡག་གི།
དོག་མོ་ས་ནས་མེ་ཏོག་བཞད་སྟངས་མཛེས་གི།
དྭངས་གཙང་སེམས་པའི་ངོས་ཀྱི་ཁྱོད་ཀྱི་ཞལ་རས།།
རྨི་ལམ་ཞིང་ནས་མཐོང་པ་གྲངས་ཀྱིས་ཆེ་ཆོད།།
 
འབའ་ཐང་ལྷ་ཆབ་གྲོང་གི་ཞེ་མཐུན་བུ་མོ།།
མ་ཐུག་ལོ་ཟླའི་འཁོར་བསྐྱོད་འདི་འདྲ་དལ་ན།།
ཁྱོད་ཞལ་མེ་ཏོག་པདྨ་ཡིད་ལ་འཁོར་ན།།
ཤ་སྐམ་རུས་པར་ལངས་པའི་ན་ཟུག་ལྗི་གི།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་གདུང་གི་འབོད་པ།

2011-12-16 གཡུ་རྔོག་པ་རྟ་མགྲིན་སྐྱབས། ཀློག་གྲངས། མཆན ཡོད།


ཁྱོད་ནི་འབའ་རྫོང་འབའ་ཐང་ལྷ་ཆབ་གྲོང་རེད།།
ང་ནི་མདོ་སྨད་རེབ་གོང་གསེར་མོ་ལྗོངས་རེད།།
ཕན་ཚུན་དྲན་པའི་མིག་ཆུ་ཤོག་དཀར་ངོས་རེད།།
ཐུག་ཕྲད་བར་ཐག་རི་ཆུ་སྟོང་གིས་བཅད་ཡོད།།
 
ཁྱོད་དང་འུ་གཉིས་མཐུན་པའི་ཉིན་མོ་དེ་ནས།།
སྐྱོ་གདུང་མིག་ཆུ་བཞུར་བ་ཐེངས་གཅིག་མ་ཡིན།།
ལྷན་མཛོམས་ཉིན་མོར་སྒུག་པའི་དགུ་ཆུའི་འགྲམ་ནས།།
འགྱུར་མེད་བརྩེ་བ་དྲོན་མོ་སེམས་ལ་ལྷུང་ཐལ།།
 
ཁྱོད་ཀྱི་ལུས་གཟུགས་མ་མཐོང་ལོ་ཕྱེད་འགོར་སོང་།།
དུངས་བའི་མགུལ་ལ་མ་འཆིང་ཡུན་རིང་བཞུད་ཐལ།།
རྫས་འཕྲུལ་ཁ་པར་ཞིག་གི་སྣེ་མོ་བརྒྱུད་ནས།།
དུང་བའི་སྙིང་གཏམ་གླེང་པ་སྐྱོ་བའི་གཞི་མ།།
 
ཨ་སྔོན་དབྱིངས་ན་ཉི་ཟླའི་འཛུམ་ཟེར་ཡག་གི།
དོག་མོ་ས་ནས་མེ་ཏོག་བཞད་སྟངས་མཛེས་གི།
དྭངས་གཙང་སེམས་པའི་ངོས་ཀྱི་ཁྱོད་ཀྱི་ཞལ་རས།།
རྨི་ལམ་ཞིང་ནས་མཐོང་པ་གྲངས་ཀྱིས་ཆེ་ཆོད།།
 
འབའ་ཐང་ལྷ་ཆབ་གྲོང་གི་ཞེ་མཐུན་བུ་མོ།།
མ་ཐུག་ལོ་ཟླའི་འཁོར་བསྐྱོད་འདི་འདྲ་དལ་ན།།
ཁྱོད་ཞལ་མེ་ཏོག་པདྨ་ཡིད་ལ་འཁོར་ན།།
ཤ་སྐམ་རུས་པར་ལངས་པའི་ན་ཟུག་ལྗི་གི།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།