ཐ་སྙད་གསར་བར་སྦྱར་ཏེ་བྲིས་པའི་སྙན་ངག་ཅིག
ད་ལོའི་དབྱར་ཟླའི་དྲུག་པར་༡སྤྱི་གླིང་དུ།།
འཆམ་འཆམ་བྱེད་དུ་༢རླངས་འཁོར་གླས་ཏེ་སོང་།།
ཡིན་ཡང་རང་ལ་༣བརྙན་ཕབ་མེད་པའི་རྐྱེན།།
མཐོང་བ་གང་དག་༤པར་ཆས་ནང་དུ་བཅུག།
ཡོད་ཚད་༥བརྙན་འཕྲིན་ནང་ནས་མཐོང་བ་བཞིན།།
གང་དུ་སོང་ཡང་༦ཁྱབ་བསྒྲགས་བརྡ་སྦྱོར་མཐོང་།།
ཡིན་ཡང་༧འཛིན་བྱང་ཉོ་བའི་བར་མཚམས་སུ།།
༨འཁྱག་ཟས་ཉོ་སར་གྲོགས་དང་ལྷན་ཏུ་བསྐྱོད།།
༩འཁྱག་སྒམ་རྙིང་བའི་དྲ་མིག་རེ་རེ་ན།།
༡༠འགྱིག་ཤོག་མི་གཅིག་ཟས་རིགས་ཆེ་ཆུང་མང་།།
འོན་ཀྱང་བདག་གིས་༡༡སྐོམ་ཆུ་ཉོ་འདོད་ཀྱིས།།
༡༢གླང་དམར་ལྕགས་ཐུམ་ཅན་ཞིག་ལག་ཏུ་བླངས།།
ཚོང་བདག་རྒན་པོས་༡༣འཚིག་ཇ་འཐུང་ཞོར་དུ།།
༡༤མེ་ཆ་སྦར་ཏེ་དུ་བ་ཡང་ཡང་བཞེས།།
གཞན་ཏེ་༡༥གད་སྙིགས་སྒམ་གྱི་འགྲམ་འདུག་པ།།
སྤྲང་བོ་དག་ནི་སྐོམ་ཚེ་༡༦གཏེར་ཆུའང་དཀོན།།
འདི་དག་ཉིན་གྱི་འགྲོ་བྱེད་༡༧གླ་གཏོང་ལ།།
དམངས་སྒོར་བརྒྱ་དང་༡༨མིང་ཤོག་གཅིག་བྱིན་ཏེ།།
སྤྲོ་དགའ་སྟོང་གིས་བཟི་བས་༡༩ཡུལ་ཚོ་རུ།།
༢༠སྤྱི་སྤྱོད་ཁ་པར་བཏང་སྟེ་ལམ་ལ་ཆས།།
ཐེངས་འདིའི་རྩོམ་ཐུང་འདི་ནི་བདག་སྤྱི་གླིང་ཞིག་ཏུ་སོང་བ་དངོས་ནི་འདིར་བྲིས་པའོ།།
རྩོམ་ཁུངས། དམར་པོའི་པོད་ཁུག