སྙིགས་མའི་བྱིས་མགུར།


བྱིས་པའི་ངེས་འབྱུང་གི་བསླུ་བྲིད་ཕྲ་མོས།།
ཁེར་རྐྱང་འཚོ་བ་ཡི་ལམ་ཁར་གཏད་པའི།།
ལང་ཚོ་དར་བབས་ཀྱི་གསར་བུ་ཁ་ཤས།།
ཁ་སང་དེ་རིང་གི་སྟོན་པའི་རྗེས་འཇུག།
 
བརྩེ་བ་འདིར་སྣང་གི་ཕྱག་བརྒྱས་བཏབ་ཤིང་།།
རེ་བ་རྒྱང་རིང་གི་ཡུལ་དེར་ཕྱོགས་པའི།།
བློ་ཁ་བྱིས་ཆུང་གི་རྨི་ལམ་ངོགས་ཀྱི།།
སྙིགས་མ་ལྔ་བདོ་ཡི་བྱིས་པའི་མགུར་ཆུང་།།
 
ནུབ་ཁའི་ཉི་འོད་ཀྱི་མདངས་ལ་ཞེན་ཆགས།།
རྒས་པའི་ཕ་མ་ཡི་བརྩེ་བར་སེམས་འཁྲེང་།།
ཆུང་འདྲིས་བྱམས་པ་ཡི་གཤིས་ཀར་དུངས་པས།།
སྣང་བ་ཁེར་རྐྱང་གི་སྙིགས་མའི་བྱིས་མགུར།།
 
འཚོ་བ་རང་བྱུང་གི་ཟས་ལ་བརྟེན་པའི།།
རྣལ་འབྱོར་དབང་ཕྱུག་སྟེ་མི་ལ་རས་པ།།
ཕྱི་ན་ལང་ཚོ་ཡི་མཛེས་པའི་དབུལ་ཡང་།།
ངག་ན་མགུར་ཆུང་གི་དབྱངས་རྟ་སྙན་པ།།
 
ཁ་མཁས་ཡོག་ལུ་ཡི་བྱིས་པ་སྣབ་ལུག།
ཚུལ་འཆོས་རྫུ་བག་གི་ཀློང་ལ་ཟིམ་པའི།།
མ་འོངས་ལོ་ཟླ་ཡི་འཚོ་བའི་ངོས་ལ།།
རྐང་བས་རི་མོ་ཞིག་འབྲི་དགོས་བྱུང་ངོ་།།
 
ནམ་མཁའི་སྤྲིན་དཀར་གྱི་རྒྱུ་བ་ལྷོད་པོས།།
ཨ་ཐང་དགུ་ཆད་ཀྱི་འགྲུལ་བཞུད་ལམ་ཁར།།
ལེ་ལོའི་གཤིས་ཀ་ལ་སྐུལ་བ་འདྲ་བས།།
གོམ་པའི་འདེགས་འཇོག་ཀྱང་ཕྱིར་ལ་ལྷོད་སོང་།།
 
གདོང་གི་བ་སྤུ་ལ་ཕོག་པའི་ཉི་ཟེར།།
དུས་ཀྱི་རླུང་བུ་ཡིས་ཡང་ཡང་བསེད་པའི།།
སེམས་ཀྱི་ཟབ་ས་ལ་སྨིན་པའི་དྲོད་ཐིགས།།
དབྱར་ཁའི་ཉི་འོད་ཀྱི་ཀློང་ནས་འཁྱག་འགྲོ།།
 
ཉི་མ་རི་རྒྱབ་ཀྱི་ཕར་ལ་ཡལ་བས།།
མུན་པ་ཚུར་རོལ་གྱི་གླིང་ཀར་ཕོག་སོང་།།
སྙིགས་མ་ལྔ་བདོ་ཡི་འགྲོ་བ་ཀུན་ལ།།
རེ་ཞིག་དབྱུགས་དབྱུང་གི་ངལ་གསོ་བྱིན་སོང་།།
 
སྙིགས་མས་བྱིས་མགུར་གྱི་དབྱངས་རྟ་ཞིག་གིས།།
འདོད་ཁམས་རྨི་ལམ་གྱི་གཞུང་ནས་དཀྲོགས་ཏེ།།
སེམས་ཀྱིས་རྒྱལ་ཁམས་ལ་རོལ་བས་ལྟས་སུ།།
རང་གི་བརྩེ་བ་ཡི་སྒྲོམ་དུ་བཅུག་སོང་།།
            2011ལོའི་ཟླ་10ཚེས་18ཉིན་རེབ་གོང་ནས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙིགས་མའི་བྱིས་མགུར།

2011-12-15 མགར་ཚང་དར་རྒྱས། ཀློག་གྲངས། མཆན ཡོད།


བྱིས་པའི་ངེས་འབྱུང་གི་བསླུ་བྲིད་ཕྲ་མོས།།
ཁེར་རྐྱང་འཚོ་བ་ཡི་ལམ་ཁར་གཏད་པའི།།
ལང་ཚོ་དར་བབས་ཀྱི་གསར་བུ་ཁ་ཤས།།
ཁ་སང་དེ་རིང་གི་སྟོན་པའི་རྗེས་འཇུག།
 
བརྩེ་བ་འདིར་སྣང་གི་ཕྱག་བརྒྱས་བཏབ་ཤིང་།།
རེ་བ་རྒྱང་རིང་གི་ཡུལ་དེར་ཕྱོགས་པའི།།
བློ་ཁ་བྱིས་ཆུང་གི་རྨི་ལམ་ངོགས་ཀྱི།།
སྙིགས་མ་ལྔ་བདོ་ཡི་བྱིས་པའི་མགུར་ཆུང་།།
 
ནུབ་ཁའི་ཉི་འོད་ཀྱི་མདངས་ལ་ཞེན་ཆགས།།
རྒས་པའི་ཕ་མ་ཡི་བརྩེ་བར་སེམས་འཁྲེང་།།
ཆུང་འདྲིས་བྱམས་པ་ཡི་གཤིས་ཀར་དུངས་པས།།
སྣང་བ་ཁེར་རྐྱང་གི་སྙིགས་མའི་བྱིས་མགུར།།
 
འཚོ་བ་རང་བྱུང་གི་ཟས་ལ་བརྟེན་པའི།།
རྣལ་འབྱོར་དབང་ཕྱུག་སྟེ་མི་ལ་རས་པ།།
ཕྱི་ན་ལང་ཚོ་ཡི་མཛེས་པའི་དབུལ་ཡང་།།
ངག་ན་མགུར་ཆུང་གི་དབྱངས་རྟ་སྙན་པ།།
 
ཁ་མཁས་ཡོག་ལུ་ཡི་བྱིས་པ་སྣབ་ལུག།
ཚུལ་འཆོས་རྫུ་བག་གི་ཀློང་ལ་ཟིམ་པའི།།
མ་འོངས་ལོ་ཟླ་ཡི་འཚོ་བའི་ངོས་ལ།།
རྐང་བས་རི་མོ་ཞིག་འབྲི་དགོས་བྱུང་ངོ་།།
 
ནམ་མཁའི་སྤྲིན་དཀར་གྱི་རྒྱུ་བ་ལྷོད་པོས།།
ཨ་ཐང་དགུ་ཆད་ཀྱི་འགྲུལ་བཞུད་ལམ་ཁར།།
ལེ་ལོའི་གཤིས་ཀ་ལ་སྐུལ་བ་འདྲ་བས།།
གོམ་པའི་འདེགས་འཇོག་ཀྱང་ཕྱིར་ལ་ལྷོད་སོང་།།
 
གདོང་གི་བ་སྤུ་ལ་ཕོག་པའི་ཉི་ཟེར།།
དུས་ཀྱི་རླུང་བུ་ཡིས་ཡང་ཡང་བསེད་པའི།།
སེམས་ཀྱི་ཟབ་ས་ལ་སྨིན་པའི་དྲོད་ཐིགས།།
དབྱར་ཁའི་ཉི་འོད་ཀྱི་ཀློང་ནས་འཁྱག་འགྲོ།།
 
ཉི་མ་རི་རྒྱབ་ཀྱི་ཕར་ལ་ཡལ་བས།།
མུན་པ་ཚུར་རོལ་གྱི་གླིང་ཀར་ཕོག་སོང་།།
སྙིགས་མ་ལྔ་བདོ་ཡི་འགྲོ་བ་ཀུན་ལ།།
རེ་ཞིག་དབྱུགས་དབྱུང་གི་ངལ་གསོ་བྱིན་སོང་།།
 
སྙིགས་མས་བྱིས་མགུར་གྱི་དབྱངས་རྟ་ཞིག་གིས།།
འདོད་ཁམས་རྨི་ལམ་གྱི་གཞུང་ནས་དཀྲོགས་ཏེ།།
སེམས་ཀྱིས་རྒྱལ་ཁམས་ལ་རོལ་བས་ལྟས་སུ།།
རང་གི་བརྩེ་བ་ཡི་སྒྲོམ་དུ་བཅུག་སོང་།།
            2011ལོའི་ཟླ་10ཚེས་18ཉིན་རེབ་གོང་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།