ད་སང་ཉིན་ཕམ་རྒྱུ་རེད།

རི་ཆེན་པོས་གཡས་ནས་སྐོར་བའི་ཕ་ཡུལ་ན། །
བྲག་སྲ་མོའི་ཁོག་པ་འབྲུ་བའི་ལྕགས་ཐུར་གདའ། །
ལྕགས་རྣོ་མོས་རི་ཡི་ཁོག་པ་བྲུས་ཚར་ཐལ། །
རི་རྒན་པོས་ད་ནི་ཁོ་ཡང་འགྱེལ་རན་ཟེར། །
 
གངས་འཐུག་པོས་གཡོན་ནས་སྐོར་བའི་ཕ་ཡུལ་ན། །
མེ་ལྟ་བུའི་ཉི་ཟེར་དེ་ནི་ཇེ་ཚ་རེད། །
དུག་ལྟ་བུའི་དབྱངས་གཉིས་ཐན་རྫས་ནག་ནག་དེ། །
བོད་མཐོ་སྒང་ཡུལ་ནས་ཉིན་ལྟར་ལྷོག་ལྷོག་འཕྱུར། །
 
འབྲུ་སྣ་ལྔ་འཛོམས་པའི་རོང་པ་ཆེན་པོ་ན། །
ཞིང་སྐྱུར་ནས་ནགས་འཛུགས་བྱེད་མཁན་ཇེ་མང་རེད། །
མིག་གཉིས་པོས་སྐོར་ལོག་བརྒྱབ་ནས་ལྟ་ཤེས་ན། །
ནགས་འཛུགས་སའི་ས་སྟོང་དེ་ཡང་མཐོང་ངེས་རེད། །
 
སྟོད་ནོར་གནག་མོད་པའི་འབྲོག་སྡེ་ཆེན་མོ་ན། །
རྩྭ་གསོ་སྐྱོང་ཟེར་ནས་རི་ཀློང་ལྕགས་རས་སྐོར། །
ཟས་ཞིམ་པོ་ཟེར་ནས་སྙིགས་ཟས་ཁ་རུ་བླུགས། །
ཕྱུགས་དཀར་ནག་མཐོ་སྒང་ཡུལ་ནས་སྟོང་ལ་ཉེ། །
 
ནགས་ཚང་ཚིང་སྟུག་པའི་ཡ་ཀི་རི་ཀློང་ན། །
སྐེ་དུམ་བུར་གཅོད་པའི་སྟ་རེ་གཅིག་གཉིས་མིན། །
སྟ་དེ་ཡི་སོ་ཁ་དིག་པའང་གཅིག་གཉིས་མིན། །
བྱ་ཕོ་རོག་ཁྱིམ་གཞི་དེ་ཡང་སྤོར་རན་ཟེར། །
 
རི་ཆེན་པོས་མཐའ་ནས་སྐོར་བའི་བོད་ཡུལ་ན། །
ཡུལ་གཞན་གྱི་མགྲོན་པོ་སླེབས་པ་བགྲང་དུ་མེད། །
ད་རང་གཞན་གཉིས་དེ་ཁ་ཁར་ཕྱེ་དཀའ་མོ། །
ད་མིག་གིས་མགོ་ནག་བོད་དེ་མཐོང་དཀའ་མོ། །
 
རྗེ་བཙན་པོ་རྣམ་གསུམ་ཞི་བར་གཟིམས་ཤུལ་ན། །
ཁྲག་དངུལ་ཆུས་བཞག་པའི་ཕ་ནོར་ཡོད་མོད་ཀྱང་། །
ཕ་རང་སྐད་བརྗེད་ཀྱང་ནོངས་པའི་ལོ་ལོན་མེད། །
མ་ཡི་གེ་འདི་ལ་འཁོན་པའི་གསར་བུ་མང་། །
 
སྟོད་གངས་ཀྱི་རི་ནས་གངས་ཆུ་ཤག་ཤག་འབབ། །
ཕར་བལྟས་ན་ས་གཞི་འདི་ལ་དྲོད་ཅིག་ཡོད། །
དོན་ངོ་མར་བོད་པ་འདི་ཚོས་ཁོག་འདར་བྱེད། །
ཉིན་འདི་གར་མི་ཕུང་སྒྲོན་ནས་བདེ་དྲོད་འཚོལ། །
 
ལག་སྙུག་གུ་བཟུང་ནས་མགོ་བོ་སྐོར་ལོག་རྒྱག །
ཉིན་གཅིག་གཉིས་མ་རེད་མི་ཚེ་གང་པོ་རེད། །
བྲིས་བྲིས་ཚད་མཆུ་སྒྲོས་དེ་དང་ནུ་འབུར་རེད། །
ཁྱོའི་ཡིག་ནག་དེ་ཚོས་དེ་རིང་དྲོ་མ་སོང་། །
 
ཁྱོད་སྙན་སྙན་ཟེར་ནས་ཐལ་མོ་ཤེད་ཀྱིས་བརྡབས། །
ཁྱོད་མཛེས་མཛེས་ཟེར་ནས་ཁ་དར་ལེན་མང་བཏང་། །
གནད་འགག་འཕྲང་ཐུག་དུས་ཁ་ལྐུག་གྲེ་འགག་ཁྱོད། །
བོད་ཚང་ལ་ཁྱོད་འདྲའི་གླུ་བ་དགོས་དོན་མེད། །
 
རི་རྒན་པོས་མ་ཤི་ཁ་ཆེམས་འཇོག་གི་ཡོད། །
གངས་དཀར་པོས་མིག་ཆུ་ཆད་མེད་གཏོང་གི་ཡོད། །
བོད་གསར་བུ་མགོ་མེད་ཚུགས་མེད་འཕག་གི་ཡོད། །
ད་གང་ལ་བསམས་ཀྱང་སང་ཉིན་ཕམ་རྒྱུ་རེད། །
 
སྟོད་འབྲོག་པས་ནོར་གནག་བརླགས་ནས་གྲོང་དུ་སྤོ། །
སྨད་རོང་པས་ཞིང་ས་སྐྱུར་ནས་འབྲུ་མཛོད་སྟོང་། །
ཁ་ཆེན་མོ་གནམ་ལ་གདངས་ནས་སྡོད་ལུགས་ལ། །
ད་ཅི་ལྟར་བྱས་ཀྱང་སང་ཉིན་ཕམ་རྒྱུ་རེད། །
 
ངག་བདེ་བའི་གླུ་བ་དག་གིས་བུ་མོ་ལེན། །
ལག་བདེ་བའི་སྙུག་ཐོགས་པ་ཡིས་བུ་མོ་འབྲི། །
དགོན་གྲུ་བཞིའི་གྲྭ་བ་དག་གིས་བུ་མོ་སྒོམ། །
ད་སུ་ལ་བལྟས་ཀྱང་སང་ཉིན་ཕམ་རྒྱུ་རེད། །
 
དུས་ད་ནས་ཁ་ཆེན་གདངས་ནས་གནམ་ལ་ལྟོས། །
དགུང་དེ་ནས་ཟ་མ་ཁ་རུ་ལྷུང་ནས་འོང་། །
དེ་མིན་ན་བྱ་སྐྱག་ཏོག་ཙམ་ལྷུང་ངེས་རེད། །
ཁ་སྔོན་མོར་འབུ་སྐྱག་ཆགས་ཏེ་འཆི་རྒྱུ་ཚོ། །
 ༢༠༡༡ལོའི་ཟླ་༡༠པའི་ཚེས་༢༥ཉིན་མེ་ཞགས་སུ་འབོད་པས་ཁམས་སྟོད་ནང་ཆེན་ནས་ཤར་
མར་བྲིས་པས་ཆད་ལྷག་ཡོད་ན་དགོངས་དག་ཞུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ད་སང་ཉིན་ཕམ་རྒྱུ་རེད།

2011-12-10 མེ་ཞགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།