བསྟོད་ཚིག་རླབས་ཀྱི་མེ་ཏོག

སྨན་མཁའ་འབུམ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-04

           (གླེང་གཞི)
གསུམ་གསུམ་ཞི་བདེའི་ཉི་ཟླ་སྐར་གསུམ་མཆོག།
གངས་ལྗོངས་གངས་རིའི་རྩེ་ནས་མངོན་དུས་སུ།
ལ་རྒྱའི་ལས་དོན་འཁུར་བའི་སྐར་ཆུང་འདི།
སཱ་ལའི་ལྗོངས་ཀྱི་རྒྱན་དུ་ཆས་ནས་ཡོང་།

 མ་མ་གཉིས་བར་འཁུ་བའི་བཞིན་བཟང་མ།
སྒྲོལ་སྒྲོལ་དུས་རིམ་བཞི་ལས་ཡངས་བོར་སྒྲོལ།
འཛིན་འཛིན་དབྱངས་བདུན་མ་ལུས་ཐོས་བར་འཛིན།
རིག་རིག་འཇིག་རྟེན་མཛེས་སྡུག་མཐའ་དག་རིག།

ཁྱོད་ཀྱི་སྙན་པའི་སྐད་དང་ལང་ཚོའི་དཔལ།
གངས་སྐྱེ་སྨྱོན་པའི་གཟིགས་མོར་གྱུར་བའི་དུས།
མཛེས་སྡུག་ཐམས་ཅད་མཐོང་དང་ཐོས་ཟེར་བ།
སྒྲ་གཟུགས་འཛིན་པ་གཉིས་ཀྱི་ལབ་ཏུ་གྱུར།

(གཞུང་དངོས)
མི་རིགས་སྲོལ་རྒྱུན་གཙུག་ཏུ་བཀུར་ཏེ།
ཁ་སེམས་བོད་མིའི་ལས་ལ་བྲེལ་བཞིན།
ཁ་སང་སྟོང་གི་གཏམ་རྒྱུད་ཁྲོད་ནས།
ཡབ་མེས་དག་གི་དར་ཆ་བསྒྲེངས་སོང་།

འཁྲུངས་སྐར་ཉིན་གྱི་ཤིས་ཚིག་ཁྲོད་ནས།
བྱམས་ལྡན་མ་ལོའི་བརྩེ་བ་རྙེད་དེ།
སྙན་མོ་གླུ་ཡི་མ་སེམས་གསོ་དུས།
གཤིས་བཟང་བུ་མོའི་མཚན་ཉིད་བསྩལ་སོང་།

བོད་རིགས་བུ་མོའི་ལས་དབང་དྲན་ནས།
《འབྲི་མོ་དུང་ཆུང་དཀར་མོ》ར་འགྲོགས་ཏེ།
དགོ་དགོ་ངག་གི་དབྱངས་རྟར་འགུག་དུས།
སྨན་ཆུང་སྟོང་གི་སྐྱོ་གདུང་བསལ་སོང་།

《ཁྲི་ཤོར་རྒྱལ་མོ》འི་རླབས་དང་འགྲོགས་ནས།
ཡངས་བའི་རྩྭ་ཐང་ཆེན་མོའི་མངའ་རུ།
《དཔའ་རིས་བ》་ཡི་བདེན་དོན་བརྗོད་དུས།
བསྟོད་པའི་རླབས་ཚིག་ཁྱེད་ལ་གཏོར་སོང་།

ཉམ་འགྲོ་སྟོང་གི་སྡུག་བསྔལ་བསམ་ནས།
དད་པའི་སོར་མོ་སྙིང་ཁར་སྦྱར་ཏེ།
བདེ་ལྡན་ཞིང་གི་《ལྷ་སར་འགྲོ》་དུས།
ཐམས་ཅད་སེམས་པ་ཁྱེད་ལ་འཁོར་སོང་།

ཁྱེད་ཀྱིས་སྙན་པའི་སྐད་ངག་སྤྲས་ཏེ།
བཀྲ་ཤིས་གཡང་གི་ཕ་ས་འདི་ནས།
《ལྷན་འཛོམས》་སྟོང་གི་ཁ་གཡང་སྒྲོག་དུས།
སྙན་པ་གངས་རིའི་རྩེ་ལ་འཕུར་སོང་།

(མཇུག་གཏམ)
སྙན་འཇེབས་སྟོང་གི་དབྱངས་རྟ་མཁའ་དབྱིངས་ནས།
ཉམ་འགྲོ་ཁྲི་མ་འབུམ་གྱི་རྣ་གྲོགས་ལ།
ཡང་ཡང་ལྷགས་ཚེ་སྒྲ་གཟུགས་འཛིན་པ་འདི།
རྒྱང་རིང་ཁྱེད་ཀྱི་ཕྱོགས་སུ་ཤོར་ནས་ནི།

རབ་སྦྱོར་ཚིག་གི་ཆ་ལ་མི་མཁས་ཀྱང་།
རབ་མཛེས་གངས་དཀར་སྲས་མོའི་ཁྱད་ཡོན་ལ།
རབ་དཀར་སེམས་པའི་རྒྱུད་ནས་བསྟོད་འདོད་དེ།
རབ་དཀར་ཤོག་བུའི་ངོས་ལ་ནག་ཐིག་བཀོད།
                    ༢༠༡༡ལོའི་ཟླ་༡༡ཚེས༡༩ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསྟོད་ཚིག་རླབས་ཀྱི་མེ་ཏོག

2011-12-04 སྨན་མཁའ་འབུམ་ཚེ་རིང་། ཀློག་གྲངས། མཆན ཡོད།

           (གླེང་གཞི)
གསུམ་གསུམ་ཞི་བདེའི་ཉི་ཟླ་སྐར་གསུམ་མཆོག།
གངས་ལྗོངས་གངས་རིའི་རྩེ་ནས་མངོན་དུས་སུ།
ལ་རྒྱའི་ལས་དོན་འཁུར་བའི་སྐར་ཆུང་འདི།
སཱ་ལའི་ལྗོངས་ཀྱི་རྒྱན་དུ་ཆས་ནས་ཡོང་།

 མ་མ་གཉིས་བར་འཁུ་བའི་བཞིན་བཟང་མ།
སྒྲོལ་སྒྲོལ་དུས་རིམ་བཞི་ལས་ཡངས་བོར་སྒྲོལ།
འཛིན་འཛིན་དབྱངས་བདུན་མ་ལུས་ཐོས་བར་འཛིན།
རིག་རིག་འཇིག་རྟེན་མཛེས་སྡུག་མཐའ་དག་རིག།

ཁྱོད་ཀྱི་སྙན་པའི་སྐད་དང་ལང་ཚོའི་དཔལ།
གངས་སྐྱེ་སྨྱོན་པའི་གཟིགས་མོར་གྱུར་བའི་དུས།
མཛེས་སྡུག་ཐམས་ཅད་མཐོང་དང་ཐོས་ཟེར་བ།
སྒྲ་གཟུགས་འཛིན་པ་གཉིས་ཀྱི་ལབ་ཏུ་གྱུར།

(གཞུང་དངོས)
མི་རིགས་སྲོལ་རྒྱུན་གཙུག་ཏུ་བཀུར་ཏེ།
ཁ་སེམས་བོད་མིའི་ལས་ལ་བྲེལ་བཞིན།
ཁ་སང་སྟོང་གི་གཏམ་རྒྱུད་ཁྲོད་ནས།
ཡབ་མེས་དག་གི་དར་ཆ་བསྒྲེངས་སོང་།

འཁྲུངས་སྐར་ཉིན་གྱི་ཤིས་ཚིག་ཁྲོད་ནས།
བྱམས་ལྡན་མ་ལོའི་བརྩེ་བ་རྙེད་དེ།
སྙན་མོ་གླུ་ཡི་མ་སེམས་གསོ་དུས།
གཤིས་བཟང་བུ་མོའི་མཚན་ཉིད་བསྩལ་སོང་།

བོད་རིགས་བུ་མོའི་ལས་དབང་དྲན་ནས།
《འབྲི་མོ་དུང་ཆུང་དཀར་མོ》ར་འགྲོགས་ཏེ།
དགོ་དགོ་ངག་གི་དབྱངས་རྟར་འགུག་དུས།
སྨན་ཆུང་སྟོང་གི་སྐྱོ་གདུང་བསལ་སོང་།

《ཁྲི་ཤོར་རྒྱལ་མོ》འི་རླབས་དང་འགྲོགས་ནས།
ཡངས་བའི་རྩྭ་ཐང་ཆེན་མོའི་མངའ་རུ།
《དཔའ་རིས་བ》་ཡི་བདེན་དོན་བརྗོད་དུས།
བསྟོད་པའི་རླབས་ཚིག་ཁྱེད་ལ་གཏོར་སོང་།

ཉམ་འགྲོ་སྟོང་གི་སྡུག་བསྔལ་བསམ་ནས།
དད་པའི་སོར་མོ་སྙིང་ཁར་སྦྱར་ཏེ།
བདེ་ལྡན་ཞིང་གི་《ལྷ་སར་འགྲོ》་དུས།
ཐམས་ཅད་སེམས་པ་ཁྱེད་ལ་འཁོར་སོང་།

ཁྱེད་ཀྱིས་སྙན་པའི་སྐད་ངག་སྤྲས་ཏེ།
བཀྲ་ཤིས་གཡང་གི་ཕ་ས་འདི་ནས།
《ལྷན་འཛོམས》་སྟོང་གི་ཁ་གཡང་སྒྲོག་དུས།
སྙན་པ་གངས་རིའི་རྩེ་ལ་འཕུར་སོང་།

(མཇུག་གཏམ)
སྙན་འཇེབས་སྟོང་གི་དབྱངས་རྟ་མཁའ་དབྱིངས་ནས།
ཉམ་འགྲོ་ཁྲི་མ་འབུམ་གྱི་རྣ་གྲོགས་ལ།
ཡང་ཡང་ལྷགས་ཚེ་སྒྲ་གཟུགས་འཛིན་པ་འདི།
རྒྱང་རིང་ཁྱེད་ཀྱི་ཕྱོགས་སུ་ཤོར་ནས་ནི།

རབ་སྦྱོར་ཚིག་གི་ཆ་ལ་མི་མཁས་ཀྱང་།
རབ་མཛེས་གངས་དཀར་སྲས་མོའི་ཁྱད་ཡོན་ལ།
རབ་དཀར་སེམས་པའི་རྒྱུད་ནས་བསྟོད་འདོད་དེ།
རབ་དཀར་ཤོག་བུའི་ངོས་ལ་ནག་ཐིག་བཀོད།
                    ༢༠༡༡ལོའི་ཟླ་༡༡ཚེས༡༩ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།