བརྩེ་བའི་བཞུར་ཆུ།

  ངོ་མཚར་ཅན་གྱི་འཇིག་རྟེན་འདི་ལས་དགའ་སྡུག་འཚོ་བ་མཉམ་བསྐྱོད་ཀྱི།།བརྩེ་དུང་དྲ་ཡིས་འཚོ་བར་བསྐྱོད་དུས་ཕན་ཚུན་སྙིང་ལ་དམ་པར་འཁྱུད།།
དགའ་བའི་མིག་མདངས་ཁྱོད་སར་ཕྱོགས་ཏེ་མཛའ་བརྩེ་གསར་བའི་འོད་ཐིག་རྙེད།།
ཁྱེད་ཀྱི་རྣམ་འགྱུར་བཅོས་མ་མིན་པའི་བརྩེ་བའི་སྙིང་གཏམ་སེམས་སུ་བཀོད།།

ཕན་ཚུན་མིག་གིས་དྲི་ཚིག་མདའ་མོ་ཡིད་ཀྱི་སྟེང་ལ་བཀོད་དུས་སུ།།
སྙིང་གི་གྲོགས་ཁྱོད་དུང་བའི་བཞིན་མདངས་གདོང་ལས་མི་སྟོན་ག་མེད་བྱུང་།།
ཕན་ཚུན་ཡིད་ལ་བཞག་པའི་བརྩེ་འདུན་ཉི་མའི་འོད་ལྟར་བླ་ན་མེད།།
ཁྲོམ་གྱི་མི་ཚོགས་འཚང་ཁ་བར་ན་རོགས་ཁྱེད་གཅིག་པུ་མིག་ལ་ཤར།།

མི་འགྱུར་བརྩེ་གདུང་དམ་ཚིག་སྐྱོང་བཞིན་མི་ཚེའི་འཚོ་ལམ་བསྙེགས་འདོད་ཀྱང་།།
མཚམས་རེར་ང་རྒྱལ་རླུང་གིས་དེད་དེ་རོགས་ཁྱོད་ཤོར་བ་ཐེངས་གཅིག་མིན།།
འོན་ཀྱང་མི་བཟོད་སེམས་ཀྱི་ན་ཟུག་ག་ལེར་སྙིང་ཁར་ཟུག་པའི་དུས།།
མིག་ཆུའི་ཐེག་ཕྲེང་མ་ཆད་བར་དུ་སློང་མོ་བྱེད་རྒྱུའི་སེམས་འདུན་འཆོར།།

རོགས་ཁྱོད་ཤོར་བའི་ཉིན་མོ་དེ་ནས་བུ་མོའི་སེམས་པ་གྲང་ཤུར་ཤུར།།
བཞད་པའི་མེ་ཏོག་སད་ཀྱི་བཅོམ་པས་སྟོན་ཟླའི་ལྷག་རླུང་ངར་རྫིག་རྫིག།
འཇིགས་སྣང་ལྡན་པའི་ཁ་དབུགས་འདི་ལས་སྐྱོ་བའི་སྨྲེ་ངག་ཐོལ་གྱིས་ཤོར།།
བརྩེ་བའི་འདབ་ལོ་མར་ལ་ཟེགས་དུས་ཉམ་ཐག་སྡུག་བསྔལ་སེམས་སུ་ཐོར།།

ཁྱེད་ལ་མ་བཅོས་ཡིད་ཀྱི་ངོས་སུ་མཛའ་མོའི་བརྩེ་གཏམ་གླེང་བའི་དུས།།
ཁྱེད་ཀྱི་དུང་སེམས་རབ་ཏུ་བཀུགས་ནས་དགའ་བའི་འཛུམ་གྱི་མགོ་བོ་དུད།།
ཡིད་འོང་མཛེས་མའི་ཕྲ་མཉེན་གཞོན་ཤ་བརྩེ་བའི་མཛའ་མོ་ང་མེད་ཀྱང་།།
བརྩེ་དུང་ཟབ་མོར་གཏིང་ཐབས་བྲལ་བའི་སེམས་དཀར་རང་མདངས་ངས་མངོན་ཆོག།

ཀྱག་ཀྱོག་འགྲོས་ཀྱི་གོམ་སྟབས་བསྒྱུར་ཏེ་འཁོར་བའི་ལམ་ལ་བཞུད་པའི་ཚེ།།
ཉིན་དང་མཚན་དུ་མཛའ་བོ་དྲན་ནས་མིག་ཆུ་རྡོག་བུ་སྔས་འགོར་འཛུར།།
སྙན་སྙན་ངག་ལས་དྲན་གླུ་སྒྲོགས་བཞིན་ཡིད་འོང་ཉམས་དགའི་པད་ཚལ་དུ།།
སྙན་འགྱུར་གླུ་དང་བརྩེ་གཏམ་ཉན་པར་རོགས་ཁྱེད་མ་འདུག་མྱུར་ཏུ་ཕེབས།།

༢༠༠༩་་་༧་་༠༦

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་བའི་བཞུར་ཆུ།

2011-11-29 གཅན་ཡུ་མོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།