སྟོང་ཉིད་མེ་ལོང་མ།

ཧོར་ནག་པ་ཀླུ་སྨྱོན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-11-28

ཉི་མས་མིག་སྐྱི་ཀེམ་ཀེམ་བྱས་ཏེ་འཕྱོར་སྒེག་ངོམ་ས་མཁའ་ཡིན་ཟེར།།
སྤྲིན་པས་དགའ་འཛུམ་ལྷག་ལྷག་གྲོལ་ཏེ་སོ་ཕྲེང་ངོམ་ས་གནམ་ཡིན་ཟེར།།
རྐང་མགྱོགས་རླུང་བུ་བང་གིས་རྒྱུགས་ས་དྲི་མེད་ཤེལ་གྱི་མཁའ་ཡིན་ཟེར།།
རྐང་མེད་ཆར་ཐིགས་ལྟེམས་སེར་ལྷུང་ས་གཟུགས་མེད་སྟོང་བའི་གནམ་ཡིན་ཟེར།།

སྤྲིན་པའི་བླ་བྲེ་ཧྲོག་གེར་འཐེན་ན་ནམ་མཁའི་མདོག་ནི་དཀར་རོ་དུང་།།
བླ་བྲེ་ཕྱིས་ཏེ་ཧྲིག་གེར་བལྟས་ན་དེ་སྔའི་ནམ་མཁའ་སྔོན་པོ་གཡུ།།
དཀར་མིན་སྔོན་མིན་དཀར་བོ་སྔོན་སྣང་སྔོན་པོ་དཀར་བོར་སྣང་བ་འདི།།
འཁྲུལ་ལམ་མ་འཁྲུལ་བཅོས་མའི་སྲང་ལ་རྫུན་པའི་རྒྱ་མས་ཇི་ལྟར་འཇལ།།

བྱིས་པ་ཞིག་གི་པུས་ཚིགས་མན་ན་གནམ་ཞེས་བྱ་བ་ཡོད་པར་བཤད།།
དར་མ་ཞིག་གི་སྤྱི་གཙུག་ཀླད་ན་མཁའ་ཞེས་འབོད་པ་གནས་པར་སྨྲ།།
མཐོ་ཡང་མཐོ་ལ་དམའ་ཡང་དམའ་བའི་མཐོ་དམའ་མེད་པའི་ནམ་མཁའ་འདི།།
ལྐོག་ལྐོག་སུད་སུད་བཅོས་བཅོས་རྫུན་རྫུན་མི་མངོན་ཕག་ཏུ་ཡིབ་པ་མོ།།

རྣ་བའི་མདུན་གྱི་ཟ་རྐོང་ཁུགས་ན་ནམ་མཁའ་མི་འབྲལ་གཏུགས་ཡོད་ཟེར།།
ལུས་པོའི་རྒྱབ་ཀྱི་ཕ་མཐའ་ན་ཡང་ནམ་མཁའ་གྱེས་ཏེ་བྱེར་ཡོད་ཟེར།།
ཉེ་ཡང་ཉེ་ལ་རིང་ཡང་རིང་བའི་ཉེ་རིང་མེད་པའི་ནམ་མཁའ་འདི།།
སྟོང་སྟོང་སྣང་སྣང་གསལ་གསལ་མུན་མུན་མི་མཁྱེན་རྟོགས་དཀའི་མདུད་པ་འདྲ།།

འདུས་བྱས་མ་ཡིན་ཐོགས་རེག་བྲལ་བས་ནམ་མཁའ་མི་སྣང་སྟོང་བར་གསུང་།།
འདུས་བྱས་མེད་མིན་མངོན་སུམ་གནས་པས་ནམ་མཁའ་མི་སྟོང་སྣང་བར་གསུང་།།
སྣང་མིན་སྟོང་མིན་སྣང་སྣང་སྟོང་དང་སྟོང་སྟོང་སྣང་བའི་ནམ་མཁའ་འདི།།
བདེན་བདེན་གྲུབ་གྲུབ་བདོག་བདོག་གནས་གནས་མི་འཇིག་ཟབ་པའི་གནས་ལུགས་ཉིད།།

རྟག་པའི་ནམ་མཁའ་སྣང་བར་བཟོད་པ་མི་རྟག་དངོས་པོ་ཡོད་པས་གསུང་།།
མི་རྟག་དངོས་པོ་གནས་པར་ནུས་པ་རྟག་པའི་ནམ་མཁར་བརྟེན་པས་ཟེར།།
འགལ་ཡང་འགལ་ལ་འབྲེལ་ཡང་འབྲེལ་བའི་འགལ་མིན་འབྲེལ་མིན་ནམ་མཁའ་འདི།།
མེད་པ་མ་ཡིན་ཡོད་པ་མ་ཡིན་མེད་པ་ཡོད་པ་ཡིན་པ་ཙམ།།

རྒྱ་ཁབ་ཞིག་གི་རྩེ་མོའི་བུ་གར་ནམ་མཁའི་ཁམས་ནི་ཡོད་པར་བཤད།།
རི་རབ་ལྷུན་པོ་གཏོས་པོ་ཆེ་ཡང་ནམ་མཁའི་ཁམས་ན་རྡུལ་ཙམ་ཟེར།།
ཆེ་ཆུང་ཡོད་ལ་ཆེ་ཆུང་མེད་པའི་ཆེ་མིན་ཆུང་མིན་ནམ་མཁའ་འདི།།
སྤར་མོ་གང་ཙམ་ཁང་མིག་དོ་ཙམ་རྣམ་ཤེས་མཐའ་ཡས་ལྡབ་གསུམ་ཙམ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟོང་ཉིད་མེ་ལོང་མ།

2011-11-28 ཧོར་ནག་པ་ཀླུ་སྨྱོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།