ལས་ཀྱི་སྐལ།


གངས་དཀར་པོའི་ཕྲེང་བ་རྒྱན་འཆང་བའི།།
ཐང་སྤང་ལྗོངས་སྔོན་མོའི་པང་ཁུག་ན།།
འོད་སྟོང་ལྡན་མ་འོངས་ལམ་འཚོལ་བས།།
མ་སྙིང་སྡུག་བུ་མོ་གཟུགས་བཟང་མ།།
 
བྱད་ཟླ་བ་རྒྱས་ལས་ལྷག་པར་མཛེས།།
ངག་དབྱངས་ཅན་གདངས་ཀྱང་ཟིལ་གྱིས་གནོན།།
ནང་བྱམས་པའི་སེམས་ཀྱིས་ཡོང་བརླན་པས།།
སྦྲ་མཐིང་སྨིག་འདབས་ཀྱི་སྙིང་སྡུག་མ།།
 
ཚེ་འདི་ཡི་དུངས་པ་ལས་ཀྱི་སྐལ།།
སེམས་འཁྲེང་བའི་བུ་མོ་སེམས་པ་བཟང་།།
ཡིད་དྭངས་མ་གདུང་བའི་སྡུག་ལས་སྒྲོལ།།
འབྲོག་བུ་ལོའི་སེམས་ཀྱི་སྙིང་སྡུག་མ།།
 
ལུས་མཛེས་པའི་གཟི་བྱིན་ཀུན་གྱིས་བྱུགས།།
འགྲོ་དལ་ཞིང་ལྷན་སྐྱེས་བག་ཆགས་མངའ།།
བལྟས་མི་ངོམས་སྙིང་གི་དུམ་པུ་ཁྱོད།།
སྟག་ཤར་ལོའི་དྲན་འཛིན་ནོར་བུ་ཡིན།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལས་ཀྱི་སྐལ།

2011-11-25 འབྲོག་བུ་ལོ། ཀློག་གྲངས། མཆན ཡོད།


གངས་དཀར་པོའི་ཕྲེང་བ་རྒྱན་འཆང་བའི།།
ཐང་སྤང་ལྗོངས་སྔོན་མོའི་པང་ཁུག་ན།།
འོད་སྟོང་ལྡན་མ་འོངས་ལམ་འཚོལ་བས།།
མ་སྙིང་སྡུག་བུ་མོ་གཟུགས་བཟང་མ།།
 
བྱད་ཟླ་བ་རྒྱས་ལས་ལྷག་པར་མཛེས།།
ངག་དབྱངས་ཅན་གདངས་ཀྱང་ཟིལ་གྱིས་གནོན།།
ནང་བྱམས་པའི་སེམས་ཀྱིས་ཡོང་བརླན་པས།།
སྦྲ་མཐིང་སྨིག་འདབས་ཀྱི་སྙིང་སྡུག་མ།།
 
ཚེ་འདི་ཡི་དུངས་པ་ལས་ཀྱི་སྐལ།།
སེམས་འཁྲེང་བའི་བུ་མོ་སེམས་པ་བཟང་།།
ཡིད་དྭངས་མ་གདུང་བའི་སྡུག་ལས་སྒྲོལ།།
འབྲོག་བུ་ལོའི་སེམས་ཀྱི་སྙིང་སྡུག་མ།།
 
ལུས་མཛེས་པའི་གཟི་བྱིན་ཀུན་གྱིས་བྱུགས།།
འགྲོ་དལ་ཞིང་ལྷན་སྐྱེས་བག་ཆགས་མངའ།།
བལྟས་མི་ངོམས་སྙིང་གི་དུམ་པུ་ཁྱོད།།
སྟག་ཤར་ལོའི་དྲན་འཛིན་ནོར་བུ་ཡིན།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།