མྱི་འདི་ཚོ།
༡
ཁ་ངོ་འཕྲད་དུས་ཁ་ཡག་ལུང་བ་གང་།།
ཁ་ཁར་སོང་རྗེས་ལྐོག་གཏམ་ཁྲི་མ་འབུམ།།
ཁ་ཡག་ཁོག་བཙོག་ཡིན་པའི་མྱི་འདི་ཚོར།།
ནན་གྱིས་བསམ་ན་ཞེན་པ་ལོག་ས་རེད།།
༢
ལྷན་དུ་སྡོད་དུས་ཁ་འཛིང་རྫོགས་རྒྱུ་མེད།།
སོ་སོར་གྱེས་དུས་སེམས་ནས་དྲན་ནི་ཟིག།
ཤ་གསེང་རུས་པར་ཟུག་པའི་མཛའ་བརྩེ་དེ།།
མྱི་དེར་ཆགས་པའི་སེམས་ཀྱི་སྟོང་ཆ་རེད།།
༣
ང་དང་ཐུག་ཚེ་ང་ལ་མཐུན་ནི་བཤད།།
ཁོ་ལ་འཕྲད་ཚེ་ཁོ་ཡི་རྗེས་སུ་རྒྱུགས།།
བྱ་ལས་དངོས་གཏན་མེད་པའི་མྱི་འདི་ཚོས།།
ཨ་གསར་ཆེ་བས་རང་ཉིད་བསླུ་བར་འགྱུར།།
༤
འདི་ནས་བསྡད་ན་གཞན་ཡུལ་སྐྱིད་སྣང་ཟིག།
དེ་ལ་སོང་ན་དེ་རུ་སུན་སྣང་ཟིག།
དམིགས་ཡུལ་མེད་པར་ཡར་མར་འཁྱམ་འཁྱམ་མཐར།།
དོན་དག་གང་ཡང་མ་འགྲུབ་ལག་སྟོང་རེད།།
རྩོམ་ཁུངས། ངེད་དྲ་བ།