འབྲོག་ཐང་གི་སྙན་ངག


སྐྱ་རེངས་ལྷ་མོའི་འཛུམ་ཞལ་གྱིས་ནི་རྔམ་ནག་མུན་ཡོལ་སྐྱེངས་བར་བྱེད་པས་གཞའ་བར་རྩོམ།།
འདོགས་ཁྱི་རྒྱ་ལིའི་ཟུག་སྐད་གཉོམ་པོ་བྲག་ཅར་འཁྱིལ་བས་ཁུ་སིམ་འབྲོག་ཐང་ཁད་ཀྱིས་དཀྲོགས།།
ཁྱིམ་གྱི་བདག་མོའི་དགོ་དགོ་འགུག་གླུ་ཐུལ་དཀར་འབྲི་མོའི་སུག་བཞིའི་བར་ན་སྙན་ཞིང་འཇེབས།།
རེ་སྦྲ་སྨུག་པོའི་ཁ་ཚུབ་ལས་བལྟམས་གཡང་གི་དུད་ཞགས་ས་འཛིན་ཟོམ་ན་ལྷོད་ཀྱིས་རྒྱུ།།

ཆུ་འཛིན་ཚོམ་བུ་ཚལ་བར་གཤགས་པའི་རྟ་བདུན་ཟེར་བརྒྱ་རྩྭ་ཐང་ཁྱོན་ལ་རིས་མེད་འཕྲོ།།
རྒྱུ་སྐར་ལམ་གྱི་མཁའ་ཡི་གླང་བོ་ས་ལ་འཕོས་འདྲའི་གཡང་མོ་ལུག་གི་འབའ་སྒྲ་སྙན།།
བདེ་སྙོམས་གཞི་རུ་ཆུ་ཕྲན་ཤང་ཤང་ངལ་བ་མེད་པར་དུས་ཀུན་རྒྱ་མཚོའི་རུམ་ཁ་བསྙེག།།
སུམ་རྩེན་ལས་འགྲན་དགེ་བཅུ་འཛོམས་པའི་ཁྱད་འཕགས་གནས་འདིས་ཕྱི་གླིང་མི་ཡི་ཁེངས་བ་བསྙིལ།།

རྟ་ནོར་ལུག་གསུམ་ལྷས་རར་འཇུག་པའི་འདུ་ལོང་ཁྲོད་ན་རྨུག་རྡུལ་མེ་ཏོག་མཁའ་ལ་འཕྱུར།།
སྨག་རུམ་སེལ་མཛད་རྒྱུ་སྐར་རྒྱལ་བོས་འཛུམ་དཀར་ངོམ་བཞིན་དབང་ཕྱོགས་རི་ནས་ཡུན་གྱིས་མངོན།།
སྐར་ཚོགས་འབུམ་གྱི་མིག་ཟུང་གཉོམ་པོ་ཆེམ་ཆེམ་འཕྲོ་ཞིང་སྒོ་ཁྱིས་ཟུག་རྔུ་འཐེན་པ་ཡི།།
འབྲོག་ལྫོངས་འཚོ་བའི་མཚར་སྡུག་མ་ལུས་སྨག་རུམ་སྟུག་པོས་རིངས་བ་རིངས་བར་མིད་པར་རྩོམ།།
              【ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི༡༡ལོའི་བོད་ཡིག་སྡེ་ཁག་གི་དངོས་གཞི་འཛིན་གྲྭ་དང་པོའི་སློབ་མ་ལྷ་མོ་ཚེ་རིང་གིས།】
                                            ༢༠༡༡/༡༧/༢༤ཉིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་ཐང་གི་སྙན་ངག

2011-11-16 ལྷ་མོ་ཚེ་རིང་། ཀློག་གྲངས། མཆན ཡོད།


སྐྱ་རེངས་ལྷ་མོའི་འཛུམ་ཞལ་གྱིས་ནི་རྔམ་ནག་མུན་ཡོལ་སྐྱེངས་བར་བྱེད་པས་གཞའ་བར་རྩོམ།།
འདོགས་ཁྱི་རྒྱ་ལིའི་ཟུག་སྐད་གཉོམ་པོ་བྲག་ཅར་འཁྱིལ་བས་ཁུ་སིམ་འབྲོག་ཐང་ཁད་ཀྱིས་དཀྲོགས།།
ཁྱིམ་གྱི་བདག་མོའི་དགོ་དགོ་འགུག་གླུ་ཐུལ་དཀར་འབྲི་མོའི་སུག་བཞིའི་བར་ན་སྙན་ཞིང་འཇེབས།།
རེ་སྦྲ་སྨུག་པོའི་ཁ་ཚུབ་ལས་བལྟམས་གཡང་གི་དུད་ཞགས་ས་འཛིན་ཟོམ་ན་ལྷོད་ཀྱིས་རྒྱུ།།

ཆུ་འཛིན་ཚོམ་བུ་ཚལ་བར་གཤགས་པའི་རྟ་བདུན་ཟེར་བརྒྱ་རྩྭ་ཐང་ཁྱོན་ལ་རིས་མེད་འཕྲོ།།
རྒྱུ་སྐར་ལམ་གྱི་མཁའ་ཡི་གླང་བོ་ས་ལ་འཕོས་འདྲའི་གཡང་མོ་ལུག་གི་འབའ་སྒྲ་སྙན།།
བདེ་སྙོམས་གཞི་རུ་ཆུ་ཕྲན་ཤང་ཤང་ངལ་བ་མེད་པར་དུས་ཀུན་རྒྱ་མཚོའི་རུམ་ཁ་བསྙེག།།
སུམ་རྩེན་ལས་འགྲན་དགེ་བཅུ་འཛོམས་པའི་ཁྱད་འཕགས་གནས་འདིས་ཕྱི་གླིང་མི་ཡི་ཁེངས་བ་བསྙིལ།།

རྟ་ནོར་ལུག་གསུམ་ལྷས་རར་འཇུག་པའི་འདུ་ལོང་ཁྲོད་ན་རྨུག་རྡུལ་མེ་ཏོག་མཁའ་ལ་འཕྱུར།།
སྨག་རུམ་སེལ་མཛད་རྒྱུ་སྐར་རྒྱལ་བོས་འཛུམ་དཀར་ངོམ་བཞིན་དབང་ཕྱོགས་རི་ནས་ཡུན་གྱིས་མངོན།།
སྐར་ཚོགས་འབུམ་གྱི་མིག་ཟུང་གཉོམ་པོ་ཆེམ་ཆེམ་འཕྲོ་ཞིང་སྒོ་ཁྱིས་ཟུག་རྔུ་འཐེན་པ་ཡི།།
འབྲོག་ལྫོངས་འཚོ་བའི་མཚར་སྡུག་མ་ལུས་སྨག་རུམ་སྟུག་པོས་རིངས་བ་རིངས་བར་མིད་པར་རྩོམ།།
              【ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི༡༡ལོའི་བོད་ཡིག་སྡེ་ཁག་གི་དངོས་གཞི་འཛིན་གྲྭ་དང་པོའི་སློབ་མ་ལྷ་མོ་ཚེ་རིང་གིས།】
                                            ༢༠༡༡/༡༧/༢༤ཉིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།