ངའི་ཆང་མ། ངའི་བཅད་མ།

སྒོར་སྒོར་ལྟེ་བ་རིག་ན་ཤ་གསེང་དུ་གཟེར་རྒྱག །
ཟླུམ་ཟླུམ་ནུ་མ་མཐོང་ན་རུས་གཏིང་ལ་ནད་སློང་། །
བརྩེ་བརྩེ་གླུ་ངག་ཐོས་ཚེ་རྣམ་ཤེས་ཀྱི་བླ་གཅོག །
འཇམ་འཇམ་ལག་པས་རེག་ན་འདོད་པ་ཡི་ཁྲག་གདུ། །
 
ནག་ནག་ལན་བུའི་གསེང་ནས་ཆགས་སྡང་གི་མེ་འབར། །
ཁྲ་ཁྲ་མིག་གི་འོད་ལས་ཤུགས་བསྟན་གྱི་ཆར་འབབ། །
ལེབ་ལེབ་ལྕེ་ཡི་རྩེ་ནས་ཁ་གཡང་གི་གློག་འཁྱུག །
ཡག་ཡག་གཏམ་གྱི་རྗེས་ནས་བསླུ་བྲིད་ཀྱི་རླུང་ལྡང་། །
 
ལན་གཅིག་མཐོང་བས་མི་ཚིམས་ཞེན་ཆགས་ཀྱི་གཞི་མ། །
ཡང་ཡང་འཕྲད་པས་མི་མགུ་རྨི་ལམ་གྱི་སྔོན་བསུ། །
ནམ་ཡང་འཛིན་རེག་མེད་པ་སྣང་སྟོང་གི་སྨུག་རྒྱུ། །
དུས་ཀྱི་ཆང་མ་ཁྱོད་ཉིད་ཐོབ་ཐབས་ཤིག་མི་འདུག །
 
སྒྲེན་གཟུགས་བརླ་རྐང་འགོག་པའི་གོས་དཀར་གྱི་སྨད་གཡོག།
སྐྱེ་ཕོའི་སྣ་དབང་སྦྲིད་བྱེད་དྲི་ཞིམ་གྱི་བྱུགས་ཆུ།།
ཕྱོགས་མེད་མགྲོན་པོ་བསུ་བའི་གསེར་སྐྱེམས་ཀྱི་བཟི་ཁ། །
དུས་རབས་འདི་ལ་ཕྱེས་པའི་ཉོ་ཚོང་གི་སྒོ་མོ། །
 
སྐབས་རེར་ལྷ་རུ་སྤྲུལ་ཏེ་སྤྱི་གཙུག་ནས་འཕུར་འགྲོ། །
མཚམས་རེར་ཆང་གི་གཟུགས་ཀྱིས་མིད་པ་རུ་སིམ་ཡོང་། །
ཆོ་འཕྲུལ་ལན་མང་བསྒྱུར་ཏེ་ངལ་དུབ་ཀྱིས་མནར་དུས། །། །
ཁ་རླངས་འཇམ་པོའི་གཤིས་ཀྱིས་ལུས་སྟེང་དུ་འབྱར་ཡོང་། །
 
དགའ་བ་ངག་ནས་ཐལ་དུས་ཀྱལ་ཀ་ཡིས་བརླགས་འགྲོ། །
དུང་བ་ཆང་དུ་དྲངས་ཚེ་བཅོས་འཛུམ་གྱིས་བསུབ་འགྲོ། །
བདག་གིས་ཁྱོད་ལ་བཟེད་པའི་འཁྲུལ་སྣང་གི་སྙིམ་པ།།
དུས་དང་ཡུལ་གྱིས་བསྐལ་ནས་ཐལ་བ་རུ་གྱུར་སོང༌། །
 
ཨ་ལ་གླུ་ཡི་གདངས་ལ་ཆགས་སྲེད་ཀྱི་ཤུགས་ཆེ། །
ཨ་ཧོ་གཏམ་གྱི་རྗེས་ན་འགུགས་འདྲེན་གྱི་རླུང་ཆེ། །
ཨ་ཨ་འདོད་ལྡན་ངེད་ཚོ་ཇག་པ་ཡི་ཟོལ་གྱིས། །
ཨ་ཅག་ཁྱོད་ཀྱི་རུམ་ལ་འཛེམ་མེད་དུ་མཆོང་ཡོང༌། །
       2011-10-12ཉིན་གྱི་རྒུན་ཆང་མཉམ་རོལ་གྱི་སྤྲོ་ཚོགས་ལས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་ཆང་མ། ངའི་བཅད་མ།

2011-11-11 འབྲོག་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།