ལྷོ་མཐའི་གློ་བ་དམར་པོ་འགུལ་སྟངས་ཤིག


སྙིང་གི་དཀྱིལ་དུ་ཚེར་མ་ཟུགས་པ་ཞིག། །
ལུས་ཀྱི་སྟེང་དུ་རི་རབ་བརྩིགས་པ་ཞིག། །
སེམས་ཀྱི་ཕུག་དུ་ཁ་བ་བབས་པ་ཞིག། །
རི་སུལ་ཉུལ་བའི་ལྷོ་སྤྲིན་བདག་གིས་མྱོང་། །
 
སྟོ་བའི་ཟས་ལ་ཞིམ་མངར་མེད་པ་ཞིག །
རྒྱབ་ཀྱི་གོས་ལ་དྲོད་འཇམ་མེད་པ་ཞིག །
མ་འོངས་ལས་ཀར་འཆར་གཞི་མེད་པ་ཞིག །
དེ་རིང་ལྷོ་སྤྲིན་བདག་གིས་མྱོང་གིན་ཡོད། །
 
ཉི་ཟེར་དམར་པོའི་ལག་བརྡ་མ་བྱས་སྔོན། །
ཟླ་བའི་བུ་མོ་མགྲོན་དུ་མ་ཕེབས་གོང་། །
གླིང་གི་གྲྭ་གྲོང་ཚང་ལ་མ་ལོག་སྔོན། །
ལྷོ་སྤྲིན་བདག་གིས་སྙན་ངག་འབྲི་བཞིན་ཡོད། །
 
ཁ་པར་སྐུད་སྣེ་ལྷོ་མཐའི་ཕྱོགས་སུ་བསྲིངས། །
སྙིང་གི་མཆིན་པའི་དྲན་གདུང་ཞུ་ན་འདོད། །
ཨ་མའི་སེམས་ལ་སྡུག་བསྔལ་བཟོད་དོགས་ནས། །
བཙན་དང་ཤུགས་ཀྱི་ཡང་ཡང་སྙིང་ལ་བཅངས། །
 
འཚམས་སྤྲིན་དམར་པོས་གྱེས་ཁའི་ལག་བརྡ་བྱེད། །
ཆར་རླུང་བཙན་པོས་གདོང་ལ་འགྲམ་ལྕག་ཞེས། །
སྐར་ཚོགས་བུ་མོས་དྲན་པའི་མིག་ཆུ་ཤོར། །
ཀྱེ་མ་སྐྱོ་བའི་ཤིགས་རིང་ལྷོག་ལྷོག་རྒྱུ ། །
 
བསམ་ཤེས་མི་ལ་ལྟེ་ཁུང་དོད་པའི་ལོ། །
མྱི་ཁའི་སྡིགས་དམོད་གྲིབ་མ་ནུབ་པའི་ཉིན། །
སྙིང་གི་དཀྱིལ་དུ་འཚེར་བའི་དྲིན་ཆེན་མ། །
འདོད་པའི་བདེ་སྐྱིད་ནམ་ལངས་སེམས་ཀྱིས་བསྒུག །
             ༢༠༡༡  ༩  ༢༨ཉིན་རེབ་གོང་རང་གི་འདུག་གནས་ལས་སྦྱར་བ་འོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷོ་མཐའི་གློ་བ་དམར་པོ་འགུལ་སྟངས་ཤིག

2011-11-11 ལྷོ་སྤྲིན། ཀློག་གྲངས། མཆན ཡོད།


སྙིང་གི་དཀྱིལ་དུ་ཚེར་མ་ཟུགས་པ་ཞིག། །
ལུས་ཀྱི་སྟེང་དུ་རི་རབ་བརྩིགས་པ་ཞིག། །
སེམས་ཀྱི་ཕུག་དུ་ཁ་བ་བབས་པ་ཞིག། །
རི་སུལ་ཉུལ་བའི་ལྷོ་སྤྲིན་བདག་གིས་མྱོང་། །
 
སྟོ་བའི་ཟས་ལ་ཞིམ་མངར་མེད་པ་ཞིག །
རྒྱབ་ཀྱི་གོས་ལ་དྲོད་འཇམ་མེད་པ་ཞིག །
མ་འོངས་ལས་ཀར་འཆར་གཞི་མེད་པ་ཞིག །
དེ་རིང་ལྷོ་སྤྲིན་བདག་གིས་མྱོང་གིན་ཡོད། །
 
ཉི་ཟེར་དམར་པོའི་ལག་བརྡ་མ་བྱས་སྔོན། །
ཟླ་བའི་བུ་མོ་མགྲོན་དུ་མ་ཕེབས་གོང་། །
གླིང་གི་གྲྭ་གྲོང་ཚང་ལ་མ་ལོག་སྔོན། །
ལྷོ་སྤྲིན་བདག་གིས་སྙན་ངག་འབྲི་བཞིན་ཡོད། །
 
ཁ་པར་སྐུད་སྣེ་ལྷོ་མཐའི་ཕྱོགས་སུ་བསྲིངས། །
སྙིང་གི་མཆིན་པའི་དྲན་གདུང་ཞུ་ན་འདོད། །
ཨ་མའི་སེམས་ལ་སྡུག་བསྔལ་བཟོད་དོགས་ནས། །
བཙན་དང་ཤུགས་ཀྱི་ཡང་ཡང་སྙིང་ལ་བཅངས། །
 
འཚམས་སྤྲིན་དམར་པོས་གྱེས་ཁའི་ལག་བརྡ་བྱེད། །
ཆར་རླུང་བཙན་པོས་གདོང་ལ་འགྲམ་ལྕག་ཞེས། །
སྐར་ཚོགས་བུ་མོས་དྲན་པའི་མིག་ཆུ་ཤོར། །
ཀྱེ་མ་སྐྱོ་བའི་ཤིགས་རིང་ལྷོག་ལྷོག་རྒྱུ ། །
 
བསམ་ཤེས་མི་ལ་ལྟེ་ཁུང་དོད་པའི་ལོ། །
མྱི་ཁའི་སྡིགས་དམོད་གྲིབ་མ་ནུབ་པའི་ཉིན། །
སྙིང་གི་དཀྱིལ་དུ་འཚེར་བའི་དྲིན་ཆེན་མ། །
འདོད་པའི་བདེ་སྐྱིད་ནམ་ལངས་སེམས་ཀྱིས་བསྒུག །
             ༢༠༡༡  ༩  ༢༨ཉིན་རེབ་གོང་རང་གི་འདུག་གནས་ལས་སྦྱར་བ་འོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།