གྲོང་ཁྱེར་གྱི་ངལ་བ།

འབྲོག་བུ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-11-05

ཐལ་བའི་གདོང་ཁེབས་གྱོན་པའི་ནམ་མཁའ་ཆེན་པོ། །
ལྕགས་ཀྱི་ཉི་གདུགས་ནག་པོའི་མདོག་ཏུ་མཐོང་ཞིང་། །
རང་བྱུང་ཆར་རླུང་མེ་ཏོག་རེག་ཏུ་མེད་པའི། །
སྙིགས་མའི་གྲོང་ཁྱེར་འདི་ལ་རབ་ཏུ་སུན་ནོ། །

ནམ་མཁའི་སྤྲིན་པ་མི་གཙང་དུག་གིས་ཁྱབ་ཡོད། །
འོག་གི་མི་སེམས་ཚིམས་མེད་སྒོར་གྱིས་བརླམས་ཡོད། །
བར་གྱི་དབྱང་རླུང་མི་བདེན་རྫུན་གྱིས་བསླད་ཡོད། །
སྒྱུ་མའི་མཁར་རྙིང་འདི་ན་སྐྱིད་ཅིག་མཆིས་སམ། །

ཆུ་རྐྱང་ཧུབ་གང་འཐུང་ན་རྩིས་ཀྱི་རིན་ཆེ། །
ས་ནག་སྤར་གང་བྲད་ན་ཆད་པའི་ཚད་མཐོ། །
གནམ་སའི་གོ་ཁ་དོག་པའི་གྲོང་ཁྱེར་འདི་ནས། །
ཐམས་ཅད་གུ་ཡངས་ཆེ་བའི་ཕ་ཡུལ་དྲན་ནོ། །
 
བླ་ནས་འོག་ཏུ་བསྣོལ་བའི་ལམ་གྱི་རྩིབས་མ། །
བགྲོད་བྱེད་རྐང་བ་གཟེར་བའི་འཕྲུལ་དུ་སྣང་ཞིང་། །
རྒྱུས་མེད་ཕོ་མོ་མང་བོའི་འདུ་ལོང་འཚུབ་ཆ། །
སྙིང་ལ་བྲེད་ཤ་སྐྱེད་པའི་ལྕག་ཚན་འདྲ་སོང་། །
 
མཁའ་ནས་མཁའ་རུ་བསྙེགས་པའི་ཁང་མིག་བརྩེགས་མ། །
ཕྱི་དངོས་ལོངས་སྤྱོད་འབར་བའི་དཔང་དུ་ངེས་ཀྱང་། །
གཡོ་རྫུན་ཁྲམ་གྱི་སོ་ཁ་རང་འགྲིག་ཡིན་པའི། །
ཚོང་འདུས་དུར་ཁང་དེ་ལ་སྙིང་ནས་འཇིགས་སོ། །
 
ཚུར་འཁོར་གདོང་ལ་བཅོས་མའི་འཛུམ་དཀར་སྟོན་ཅིང་། །
ཕར་འཁོར་རྒྱབ་ནས་སྡིགས་མཛུབ་ཤེད་ཀྱིས་ཀེར་བའི། །
གློ་སྙིང་ཁྱི་ཡིས་ཟོས་པའི་ཁྲེལ་མེད་འདི་ཚོ། །
ང་དང་ང་ཡི་རིགས་ཀྱི་ཤག་པོ་མིན་ནོ། །
 
བརྩེ་བའི་རི་མོ་ལོ་ཟླའི་ཆུ་ཡིས་བསྣུབས་ཤིང་། །
ལུས་ཀྱི་ཐོ་ཡོར་མ་ལོག་ཙམ་དུ་འདུག་པའི། །
ཤོག་སྒོར་སུམ་ཅུའི་རིན་གྱི་གཞང་འཚོང་བུ་མོ། །
ཆགས་སྲེད་ཁུ་ཁྲག་བླུག་སའི་སྣོད་དུ་མཐོང་ངོ་། །
 
མེ་འཁོར་ཆོམ་སྒྲ་གྱི་ལེར་ནུབ་ནས་ཐོན་བྱུང་། །
གནམ་གྲུ་དུང་བརྡ་ཟིང་ངེར་དབྱིངས་སུ་འཕུར་སོང་། །
བདག་གིས་ཉིན་གང་སྒུག་པའི་རྒྱང་རིང་མཛའ་མོ། །
མིག་མཐའ་མཆི་མ་ཉིལ་ལེར་གང་དུ་ཐོན་ཡོད། །
 
ཆང་གིས་སྦགས་ཀྱང་རྙོག་པའི་ང་ཡི་སེམས་པ། །
ཁང་མིག་དོག་མོ་ཞིག་ཏུ་སྐུང་བར་དྱས་ཏེ། །
མི་ཁྲག་མི་ཡིས་འཇིབ་པའི་སྲིན་པོའི་གྲོང་ལ། །
ལུས་ཀྱི་གྲིབ་མ་མྱུལ་མའི་ཟོལ་དུ་བཏང་ཡོད། །
 
གོད་མའི་ཆུ་མིག་ཤང་ཤང་འབབ་པའི་ཡུལ་ལྗོངས། །
གདོད་མའི་ཤིང་ལོ་ཤག་ཤག་འཕུར་བའི་ནགས་ཚལ། །
གནའ་བོའི་གཡེར་དྲིལ་ལྷང་ལྷང་མཆེད་པའི་ནམ་མཁའ། །
འུ་ཚོའི་ཕ་གཞིས་དེ་ནི་ཇི་འདྲའི་སྐྱིད་ཨང་། །
                                                    2011-10-25
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོང་ཁྱེར་གྱི་ངལ་བ།

2011-11-05 འབྲོག་བུ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།